Skip to main content

Class VII Dzo I(2017)


དཔལ་ལྡན་འབྲུག་གཞུང་།
གསར་སྤང་འབྲིང་རིམ་སློབ་གྲྭ་འོག་མའི་ལོ་ཕྱེད་ཆོས་རྒྱུགས།
སྤྱི་ལོ་ ༢༠༡༧
ཆོས་ཚན་རྫོང་ཁ་དང་པ།ཆུ་ཚོད་༢:༠༠སློབ་རིམ་བདུན་པ།སྐུགས་༡༠༠

དྲི་བ་དང་པ།                            (འབྲི་རྩོམ)      (སྐུགས་༤༠)
བཀོད་རྒྱ།འོག་ལུ་བཀོད་དེ་ཡོད་མི་དོན་ཚན་གཉིས་ལས་གཅིག་གདམ་ཁ་རྐྱབ་སྟེ་འབྲི་རྩོམ་ཚིག་འབྲུ་ 200ལས་༢༥༠གི་བར་ན་བྲིས།
ཀ༽སློབ་གྲྭ་ནང་དུས་ཅིག་གི་ལོ་ལུ་སློབ་དཔོན་གྱི་ཉིནམ་རྩིས་སྲུང་ག་དེ་སྦེ་རང་ཞུ་ཡི་གོ?
ཁ༽ཕམ་དང་སློབ་དཔོན་གྱི་བར་ན་ལུ་ཁྱད་པར་ག་དེ་སྦེ་རང་ཡོདཔ་སྨོ? ལོ་རྒྱུས་བྲིས།

དྲི་བ་གཉིས་པ།ཡིག་འགྲུལ།(སྐུགས་༢༠)
བཀོད་རྒྱ།འོག་གི་གཏང་ཡིག་དོན་ཚན་གཉིས་ལས་གཅིག་གདམ་ཁ་རྐྱབ་སྟེ་བྲིས།
ཀ༽དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་ནང་སྡོད་མི་ཆ་རོགས་སངས་རྒྱས་ཕུན་ཚོགས་ལུ་རྩེད་རིགས་ཀྱི་ལས་རིམ་ཚུ་འགྲན་བསྡུར་འབད་ཡོད་པའི་སྐོར་ལས་གནས་ཚུལ་ཡི་གུ་ཁ་གསལ་ཅིག་བྲིས།
འོག་གི་གནད་དོན་ཚུ་ཚུད་དགོ
·       གཏང་ཡིག་ག་ལུ་འབྲིཝ་ཨིན་ན་དེ་གི་ཁ་བྱང་དང་འབྲི་མི་རང་གི་ཁ་བྱང་།
·       དུས་ཚོད་དང་ལས་རིམ་གྱི་མིང་།
·       བཅའ་མར་ག་ཅི་ལུ་གཏོགས་ཅི?
·       གསོལ་རས་ག་ཅི་ཐོབ་ཅི་ག་དང་འགོ་འདྲེན་པ་གི་མིང་།
·       ཡི་གུ་བསྐྱལ་བའི་ཟླ་ཚེས།





) སློབ་དབུ་འཛིན་ལུ་གནས་སོར་འགྱོཝ་ད་ལུ་ཤེས་ཚད་ལག་ཁྱེར་ཞུ་དགོ་པའི་གནས་ཚུལ་བཙུགས་ཏེ་ཞུ་ཡིག་ཅིག་བྲིས།
ཞུ་ཡིག་ནང་འོག་གི་གནོད་དོན་ཚུ་ཚུད་དགོ།
·       འགྱོ་དགོ་པའི་གནད་དོན།
·       རྒྱབ་ཁུངས།
·       འབྲི་མི་གི་ཁ་བྱང་དང་ཕུལ་བའི་ཟླ་ཚེས།
དྲི་བ་གསུམ་པ།ཡིག་རྒྱུགས་ལས།སྐུགས་༡༥།
༉གུ་རུ་མཚན་བརྒྱད་འདི་འགྲོ་བ་སེམས་ཅན་ཚུ་གི་འགྲོ་དོན་ལུ་གུ་རུ་རིན་པོ་ཆེ་གིས་རྣམ་པ་མ་འདྲཝ་བརྒྱད་ལུ་སྤྲུལ་ཏེ་བྱོན་བྱོནམ་ཨིན་མས།འཆམ་འདི་གི་སྐབས་ལུ་གུ་རུ་གིས་མཛད་མི་མཛད་རྣམ་ཁྱད་དུ་འཕགས་པ་ཚུ་ལུ་དད་པ་དང་མོས་
གུས་ཐེབས་བསྐྱེད་ནིའི་དོན་ལུ་ལྟདམོ་ལྟ་མི་ཚུ་ལུ་མཇལ་ཁ་གནངམ་ཨིན་མས།
གུ་རུ་མཚན་བརྒྱད་ཀྱི་འཆམ་འདི་རྡོ་རྗེ་གྲོ་ལོད་འཆམ་དཔོན་འབད་འགོ་འཁྲིད་འབད་དེ་བྱོནམ་ཨིན།སྤྲུལ་པ་གཞན་ཚུ་དང་
རྡོ་རྗེ་གྲོ་ལོད་དང་སེངྒེ་སྒྲ་སྒྲོག་གི་ཡང་སྤྲུལ་ཚུ་དང་བཅས་པ་དེ་གི་ཤུལ་ལས་རིམ་པ་བཞིན་དུ་བར་མཚམས་བར་མཚམས་འབད་བྱོནམ་ཨིན།གུ་རུ་མཚན་བརྒྱད་ག་ར་སྐུ་ལུ་གོས་ཆེན་གྱི་ཕོད་ཁ་དང་དབུ་ལུ་ཞལ་འབགཔ་སོསོ་བཞེསཏེ་བྱོན་འོང་།
ག་ར་གི་རྟིང་ཤུལ་གུ་རུ་རིན་པོ་ཆེ་ཁོ་རང་གཡས་ལུ་མཁའ་འགྲོ་མནྡ་ར་ཝ་དང་གཡོན་ལུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་གཙོས་པའི་འཁོར་གཞན་ཚུ་དང་བཅསཔ་འབད་བྱོནམ་ཨིན།ད་རུང་གཞན་ཡང་གུ་རུ་རིན་པོ་ཆེ་ལུ་མི་མ་ཡིན་ཚུ་གིས་ཕྱག་ཞུ་མི་ཚུལ་ལུ་ཞལ་འབགཔ་དཀརཔོ་བཙུགས་མི་དག་པ་ཅིག་ཡང་འཐོནམ་ཨིན།
གུ་རུ་རིན་པོ་ཆེ་ཁོ་རའི་ཁྲི་ལུ་བཞུགས་པའི་ཤུལ་ལུ་ཁོ་རའི་སྤྲུལ་པ་ཚུ་རེ་རེ་བཞིན་དུ་བསྐོར་རྒྱབ་འབད་སྐུ་འཆམ་གནངཞིནམ་ལས་གུ་རུ་གི་སྦོ་ལོགས་ཁར་འབད་གྱལ་ནང་བཞུགསཔ་ཨིན།དེ་གི་སྐབས་ལུ་ལྟདམོ་ལྟ་མི་ཚུ་གྱལ་བཙར་ཏེ་གུ་རུ་གི་ཞབས་སར་བཅར་ཏེ་དབང་ཞུ་ནི་དང་ཨ་ལོ་ཚུ་གི་མིང་གསརཔ་ཚུ་ཡང་ཞུ་སྲོལ་ཡོདཔ་ཨིན།
གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་གྱི་སླ་ལས་རིག་མ་བཅུ་དྲུག་ཟེར་བའི་མཁའ་འགྲོ་ཚུ་གི་འཆམ་ཡང་འཐོན་ནི་ཡོད།འཆམ་གྱི་གྱོན་ཆས་ག་ནི་བ་བྱ་བའི་གོས་ཆེན་དང་པ་ཏྲ་ཅན་གྱི་རུས་པའི་རྒྱན་ཆ་གིས་གདོང་ཁེབས་རྐྱབ་སྟེ་ཡོད་མི་ཚུ་གྱལ་བསྣར་ཏེ་འཐོནམ་ཨིན་མས།དེ་ཚུ་གིས་གུ་རུ་རིན་པོ་ཆེ་དང་ཁོ་རའི་སྤྲུལ་པ་ཚུ་གི་སྐུ་མདུན་ལུ་བསྟོད་པའི་གླུ་དབྱངས་དང་བཅས་པའི་འཆམ་རྐྱབ་ནི་ཡོད།སྤྱིར་བཏང་གི་ལོ་བསྟར་ཚེས་བཅུ་དེ་མཇུག་རང་གུ་རུ་མཚན་བརྒྱད་ཀྱི་འཆམ་རྐྱབ་སྟེ་མཇུག་བསྡུཝ་ཨིན།
ཀ༽ལྟག་གི་ཡིག་རྒྱུགས་ལྷག་སྟེ་འོག་གི་དྲི་བ་ཚུ་གི་ལན་བྲིས།༼སྐུགས་་་༡༠༽
. གུ་རུ་མཚན་བརྒྱད་ལས་གུ་རུ་བཞི་གི་མིང་བྲིས?
. གུ་རུ་རིན་པོ་ཆེ་གི་ཕྱག་ཞུ་སྟེ་ག་དང་ག་ར་འབྱོན་ནུགགོ?
. ལྟདམོ་ལྟ་མི་ཚུ་གིས་ག་ཅི་རང་འབད་ནི་འདུག?
. འཆམ་མ་འདྲཝ་སོ་སོར་ཡོད་མི་ཚུ་གི་མིང་བྲིས?
. འཆམ་གྱི་གྱོན་ཆས་ཚུ་གི་མིང་བྲིས?
ཁ༽འོག་གི་མིང་ཚིག་ཚུ་གིས་བརྗོད་ཚིག་བྲིས།ཡིག་རྒྱུགས་ནང་ལས་འབྲི་མི་ཆོག༼སྐུགས་་༥༽
. མཇལ་ཁ།༢. འགོ་འཁྲིདཔ།༣. ཞལ་འབགཔ།                                      .ཞུ་སྲོལ།༥. ཞབས་སར།
དྲི་བ་བཞི་པ།           (ཡིག་གུའི་སྦྱོར་བ)   (སྐུགས་༢༥)
) འོག་གི་དྲི་བ་རེ་ལུ་ལན་བཞི་ཡོད་ས་ལས་ལན་ངོ་མ་གདམ་ཁ་རྐྱབ་སྟེ་ལན་ཤོག་ནང་བྲིས། (x15=15)
) བྱེད་སྒྲ་གི་ཕྲད་་་་་
) ན་ར་ལུ་གུ་ཨིན།ཁ) ཀྱི་གྱི་གི་འི་ཡི་ཨིན།
) ཅི་ཡི་ནུག་དོ་དེས་ཨིན།ང་) གྱིས་ཀྱིས་གིས་འིསཡིས་ཨིན།

) སློབ་གྲྭ་གི་སློབ་དཔོན་ཟེར་མི་འདི་
)བྱ་ཚིག་གི་དཔེར་བརྗོད་ཨིན།ཁ)བྲེལ་སྒྲ་གི་དཔེར་བརྗོད་ཨིན།
)ལྷག་བཅས་ཀྱི་དཔེར་བརྗོད་ཨིན།ང་)བྱེད་སྒྲ་གི་དཔེར་བརྗོད་ཨིན།

) ཉིམ་གྱིས་སྐམ་ནུག་ཟེར་མི་འདི་
) བྱེད་མེད་ལས་ཚིག་ཨིན།ཁ)  བྱེད་འབྲེལ་ལས་ཚིག་ཨིན།
)  བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་ཨིན།ང་)  བྱེད་མེད་བྱེད་འབྲེལ་གཉིས་ཆ་ར་ཨིན།

) ཅ་ལ་ཚུ་ཐོབ་ཅི།
) འདས་པ་ཨིན།ཁ) སྐུལ་ཚིག་ཨིན།
) མ་འོངས་པ་ཨིན།ང་) ད་ལྟ་བཨིན།

) དུས་གསུམ་དང་འབྲེལ་བའི་བྱ་ཚིག་གི་ཡིག་སྡེབ་སོ་སོར་ཡོད་མི་འདི་་་་་་་་
) འབག་འབག་འབག་འབག་ཞིགཁ) བྲི་འབྲི་བྲིས་བྲིས་ཤིག
) འབད་ཅིག་སླབ་ཤིག་སྡོད་ནུག་སླབ་ད།ང་) འགྱོ་འོང་ཕུལཝ་ཨིན་སྐལ་ཞིག་སྤྲོད་ཅི།

) གང་ཟག་གི་མང་ཚིག་འདི་
) ང་བཅས་ཟེར་མི་ཨིན།ཁ) རྐང་ཁྲི་ཚུ་ཟེར་མི་ཨིན།
) ཅ་ལ་དང་མི་ཟེར་་མི་ཨིན།ང་) སེམས་ཅན་ཚུ་ཟེར་མི་ཨིན།     

) ཚིག་ཟེར་མི་འདི་་་་
) དོན་གྱི་ངོ་བོ་ཙམ་སྟོན་མི་ལུ་སླབ་ཨིན།ཁ) དོན་གྱི་ཁྱད་པར་སྟོན་མི་ལུ་སླབ་ཨིན།
) མིང་ཚིག་འཕྲེང་བ་སྤེལ་མ་བརྗོད་པ་ལུ་སླབ་ཨིན།ང་) ཚིག་བཅད་ལྷུག་པ་ཡོད་མི་ལུ་སླབ་ཨིན།


) ངོ་བོ་བདག་ཅིག་གི་དཔེར་བརྗོད་་་་་
) དངུལ་གྱི་བཀྱག་ཨིན།ཁ) དཔོན་གྱི་བང་མཛོད་ཨིན།
) ལྕགས་ཀྱི་ཐབ་ཨིན།ང་) ཤིང་གི་འདབ་མ་ཨིན།

) མིང་ཟེར་མི་འདི་
) བྱ་ལས་ཁྱད་ཆོས་སྟོན་མི་ལུ་སླབ་ཨིན།ཁ) དོན་གྱི་ངོ་བོ་ཙམ་སྟོན་མི་ལུ་སླབ་ཨིན།
) བྱ་བའི་ཁྱད་ཆོས་སྟོན་མི་ལུ་སླབ་ཨིན།     ང་) མིང་ཚིག་སྟོན་མི་ལུ་སླབ་ཨིན།

༡༠) བྱ་ཚིག་་་་
) ལཱ་གཡོག་ཨིན།ཁ) ཡིག་ཚང་ཨིན།
) འཛུལ་ཨིན།ང) རེ་འདོད་ཨིན།

༡༡) འདས་པའི་ཚིག་གྲོགས་་་་་
) དོ་དེས་བསྒང་ཨིན།ཁ) ནི་འོང་གེ་ཨིན།
) ཅི་ཡི་ནུག་ཨིན།ང་) པས་མས་བས་ཨིན།

༡༢) འབྲེལ་སྒྲ་དང་བྱེད་སྒྲ་གི་ཁྱད་པར་་་་་་
) རྗེས་འཇུག་ས་གིས་ཕྱེ་ཚུགས།        ) ཡང་འཇུག་ས་གིས་ཕྱེ་ཚུགས།
) རྗེས་འཇུག་གིས་ཕྱེ་ཚུགས།          ང་) འབྲེལ༌བ༌ཡོདཔ༌དང༌མེདཔ༌གིས༌ཕྱེ༌ཚུགས།


༡༣) ལྷག༌བཅས༌ཀྱི༌ཕྲད༌སྟེ༌འདི།
) ག༌ང༌འ༌ལུ༌ཐོབ།ཁ) ག༌ང༌བ༌མ༌འ༌ལུ༌ཐོབ།
) ན༌མ༌ར༌ལ༌ས༌ལུ༌ཐོབ།ང་) ད༌བ༌ས༌ར༌ན༌ལུ༌ཐོབ།

༡༤) ལཱ༌འབད༌དོ༌ཟེར༌བའི༌སྐབས༌དོ༌འདི༌
) བྱ༌ཚིག༌ཨིན།                                 ) དགག༌ཚིག༌ཨིན།
) ད༌ལྟ༌བའི༌ཚིག༌གྲོགས༌ཨིན།ང་) མ༌འོངས༌པའི༌ཚིག༌གྲོགས༌ཨིན།

༡༥) གཅིག༌ཚིག༌དང༌མང༌ཚིག༌གི༌ཁྱད༌པར༌འདི།
) མིང༌དང༌ཚིག༌གི༌ཁྱད༌པར།                     ) གང༌ཟག༌དང༌དངོས༌པོའི༌ཁྱད༌པར།
) ཕུད༌རྡོག༌གཅིག༌དང༌ལུ༌ཤ༌གི༌ཁྱད༌པར།          ང་) ཚིག༌བཅད༌དང༌བརྗོད༌པ༌གི༌ཁྱད༌པར།

) འོག་གི་དྲི་བ་ཚུ་གི་ལན་བྲིས།     (སྐུགས་༡༠)
) དུས༌འདས༌པ༌དང༌མ༌འོངས༌པ༌གི༌ཁྱད༌པར༌བྲིས?
) འབྲེལ༌སྒྲ༌དང༌བྱེད༌སྒྲ༌གི༌ཁྱད༌པར༌བྲིས?
) མིང་ཚིག་བརྗོད་པ་གསུམ་ལས་ཚིག༌གི༌དཔེར༌བརྗོད༌གཉིས༌བྲིས?
) རྗེས༌འཇུག༌ད༌བ༌ས༌གསུམ༌ལུ༌འབྲེལ༌སྒྲ༌གི༌ཕྲད༌༼ཀྱི༌༽ཐོབ༌པའི༌དཔེར༌བརྗོད༌རེ༌བྲིས?
)ནོར༌དང༌བདག༌པོའི༌འབྲེལ༌བ༌གི༌དཔེར༌བརྗོད༌གཉིས༌བྲིས?





བཀྲ་ཤིས་བདེ་ལེགས་ཡོད།

Comments

Popular posts from this blog

Class VII Science(2017)

Royal Government of Bhutan Sarpang Lower Secondary School Sarpang Mid Term Examination 2017 Subject: Science                                                                              Full Marks: 100    Class: VII Date:21/6/2017Time: 2 Hrs Section A Question1 Direction: Each question is followed by four possible answers. Circle the correct answer on the question paper itself. 1.      A branch of science that deals with the study of cells is known as a.       Cytology            ...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

English II cl 8 (Annual Exam 2014)

SARPANG LOWER SECONDARY SCHOOL SARPANG: BHUTAN ANNUAl EXAMINATION 2014                                                                 English II                                                                                        ...