Skip to main content

ClassVII DzoII (2017


དཔལ་ལྡན་འབྲུག་གཞུང་།
གསར་སྤང་འབྲིང་རིམ་སློབ་གྲྭ་འོག་མ།
གསར་སྤང་།
སྤྱི་ལོ་༢༠༡ལོ་ཕྱེད་ཆོས་རྒྱུགས།
འབྲི་ནིའི་དུས་ཡུན་ཆུ་ཚོད༼༢༽                                                                                 སློབ་རིམ་་་བདུན་པ།
རྫོང་ཁ་     དྲི་ཤོག་གཉིས་པ།ལྷག་རིག་དང་རྩོམ་རིག།                                              སྐུགས་་༡༠༠
སེམས་ཁར་བཀལ་དགོཔ།

-        སྐར་མ་༡༠གི་རིང་ལུ་ཡི་གུ་མ་འབྲི་བར་བཀོད་རྒྱ་དང་དྲི་བ་ཚུ་ལེགས་ཤོམ་འབད་ལྷག་དགོ།
-        དྲི་བ་ལྷག་ཚར་ཞིནམ་ལས་ལན་འབྲི་ནིའི་དོན་ལུ་དུས་ཡུན་ཆུ་ཚོད་༢ཐོབ།
-        དྲི་བའི་སྡེ་ཚན་ནང་སྡེ་ཚན་རེ་ལུ་དྲི་བའི་ཚན་༡པ་དང་༢པ་འབད་ཡོད།
-        ཁྱོད་ཀྱི་དྲི་བ་བསྡོམས་ཚན་༣གི་ལན་འབྲི་དགོ།
-        དྲི་བའི་ཚན་གཉིས་ཆ་རང་འབྲི་མི་ཆོག།
-        ཆོས་རྒྱུགས་འགོ་བཙུགས་ཚར་ཞིནམ་ལས་དྲི་བ་དྲི་ནི་དང་བློ་སླབ་ནི་ཚུ་མི་ཆོག།
-        ལན་ཤོག་ནང་ཁྱོད་རའི་མིང་དང་ཨང་ཚུ་མ་བརྗེད་པར་བྲི་དགོ།

སྡེ་ཚན་དང་པ།                                             སྲུང་དང་གཏམ་རྒྱུད།                                       ༼སྐུགས་༣༥༽
བཀོད་རྒྱ་འོག་ལུ་ཡོད་པའི་སྲུང་ལུ་གཞི་བཞག་སྟེ་་དྲི་བ་ཡོད་མི་ཚུ་ལེགས་ཤོམ་འབད་ལྷག་སྟེ་དྲི་བ་ཚན་དང་པ་དང་གཉིས་པ་འབད་ཡོད་ས་ལས་དྲི་བའི་ཚན་༡གདམ་ཁ་རྐྱབ་སྟེ་སྐུགས་༣༥གི་ལན་ཚུ་ཧིང་སངས་ས་འབད་བྲིས།           
་་་་་་་་་་་་་་་་་་་་་་མནའ་མའི་འབད་གཞག་གིས་སེམས་སྐྱོ་སྟེ་སྡོད་སྡོད་པར་ཨང་རྒས་ཤི་སོ་པའི་སྡུག་བསྔལ་གྱིས་འབད་ཕྱི་རུ་ཉལ་རུང་གཉིད་མེད་བཟའ་རུང་བཅུད་མེད་པར་ན་འཐན་ཉམ་ཐག་སྟེ་སྡོད་སྡོདཔ་མས།་་་་་་་་་་་་་་་་་་་་་་་་་་་་་་་


དྲི་བའི་ཚན་དང་པ།          
ཀ༽ལན་བཞི་ཡོད་ས་ལས་ལན་ངོ་མ་འདི་གདམ་ཁ་རྐྱབ་སྟེ་འབྲི།                                              ༼སྐུགས་༡༥༽
༡༽སྲུང་ནང་ལུ་སྲུང་རྩེདཔ་་་་་་་་་་་
ཀ༽༣འདུག།           ཁ༽༤འདུག།           ག༽༥འདུག།            ང༽༦འདུག།

༢༽སྲུང་ནང་ལུ་མནའམ་ཟེར་མི་འདི་་་་་་་་་་
ཀ༽ཨའི་གི་བུམོ་ལུ་སླབ་ཨིན། ཁ༽ཨ་པའི་བུམོ་ལུ་སླབ་ཨིན།
ག༽བུ་གི་ཨམ་སྲུ་ལུ་སླབ་ཨིན།             ང༽ཨ་ལོའི་ཨམ་སྲུ་ལུ་སླབ་ཨིན།

༣༽ཁྱིམ་ནང་མནའམ་ལེན་མི་འདི་་་་་་་་་་
ཀ༽ཨ་པ་དང་ཨའི་ལུ་བུམོ་མེད་ནི་འདི་གིས་ཨིན།        ཁ༽བྱད་ངོ་རིས་ཡོད་ནི་འདི་གིས་ཨིན། 
ག༽བུ་གིས་དགའ་ནི་འདི་གིས་ཨིན།                   ང༽བུ་ལུ་ཆ་རོགས་འབད་ནིའི་དོན་ལུ་ཨིན།

༤༽མནའམ་འདི་་་་་་་་་་
            ཀ༽བསམ་པ་ངན་དྲགས་དང་འདོད་པ་ཆེ་དྲགས་ཡོད། ཁ༽བསམ་པ་བཟང་དྲགས་ཡོད།
ག༽བྱད་ངོ་རིས་དང་བསམ་པ་ལེགས་ཤོམ་ཡོད།       ང༽བྱད་ངོ་རིས་མེད་རུང་བསམ་པ་ལེགས་ཤོམ་ཡོད།

༥༽མནའམ་གིས་གཉེན་རྐྱབ་སྟེ་ལོ་གཅིག་ནང་ར་་་་་་་་་་་
ཀ༽ཁྱིམ་ནང་གི་རྒྱུ་ཅ་ལ་གེ་ར་ལེན་ཆི་ནུག།             ཁ༽ས་གཞི་ཆ་མཉམ་ལེན་ཆི་ནུག།     
ག༽ཁྱིམ་ནང་གི་དབང་ཚད་ཆ་མཉམ་ལེན་ཆི་ནུག།ང༽ཨ་པ་དང་ཨའི་ཁྱིམ་ནང་ལས་བཏོན་བཏང་ནུག།


༦༽བུ་དང་མནའམ་ལུ་ཨ་ལོ་་་་་་་་་་་སྐྱེས་ནུག།
ཀ༽བུམོ་།      ཁ༽བུ།                 ག༽བུ་དང་བུམོ།                     ང༽གསུམ།

༧༽ཨང་རྒས་འདི་་་་་་་་་་་་་
ཀ༽གཟུགས་ན་སྟེ་ཤི་སོ་ནུག།              ཁ༽ལོ་རྒས་ཏེ་ཤི་སོ་ནུག།             
ག༽སེམས་སྐྱོ་སྟེ་ཤི་སོ་ནུག།                ང༽མནའམ་གིས་ལྟོ་མ་བྱིན་པར་ཤི་སོ་ནུག།

༨༽ཨ་རྒས་ལུ་ཇ་དང་ལྟོ་གཡིབ་སྟེ་བྱིན་མི་་་་་་་་་་་
ཀ༽ཁོ་རའི་བུ་ཨིན།          ཁ༽བུ་དང་མནའམ་གི་བུ་ཨིན།                   
ག༽མནའམ་ཨིན།          ང༽བུ་དང་མནའམ་ཨིན།

༩༽ཨ་རྒས་འདི་ཤུགས་འབད་ནཝ་ད་་་་་་་་་་་་
ཀ༽བུ་སེམས་དགའ་ནུག།                            ཁ༽མནའམ་སེམས་དགའ་ནུག།                   
ག༽བུ་དང་མནའམ་སེམས་སྐྱོ་ནུག།        ང༽ཁོང་གཉིས་ཀྱི་ཨ་ལོ་སེམས་སྐྱོ་ནུག།

༡༠༽ཨ་རྒས་ཚལ་མ་ནང་བཀལ་བཞག་དགོ་མི་འདི་་་་་་་་་་
ཀ༽ཚལ་མ་ནང་ཤི་བཅུག་ནི་གི་དོན་ལས་ཨིན།          ཁ༽ཁོང་ཚུ་སྐྱིད་ཏོང་ཏོ་འབད་སྡོད་ནིའི་དོན་ལས་ཨིན།
ག༽ཨ་རྒས་ལུ་མ་དགའ་ནི་འདི་གི་ཨིན།                ང༽ཨ་རྒས་བསད་ནིའི་དོན་ལུ་ཨིན།

༡༡༽འདོད་པ་ཆེ་དྲགས་ཟེར་མི་འདི་་་་་་་་
ཀ༽རང་དགོ་པའི་མནོ་བསམ་བཏང་ནི།    ཁ༽རོགས་ལུ་བྱིན་ནིའི་མནོ་བསམ་བཏང་ནི།        
ག༽མནོ་བསམ་ལེགས་ཤོམ་བཏང་ནི།      ང༽མནོ་བསམ་ཟོགཔ་བཏང་ནི།

༡༢༽སྡུག་བསྔལ་གྱི་ཕྱི་རུ་ཉལ་རུང་གཉིད་མེད།བཟའ་རུང་བཅུད་མེད་པར་སྡོད་མི་་་་་་་་
ཀ༽ཨ་རྒས་ཨིན།            ཁ༽ཨང་རྒས་ཨིན།       ག༽བུ་ཨིན། ང༽མནའམ་ཨིན།

༡༣༽ཨ་རྒས་ལུ་ཕངས་མི་་་་་་་
ཀ༽ཁོ་རའི་བུ་ཨིན།                      ཁ༽མནའམ་ཨིན།      
ག༽ཁོ་རའི་བུ་གི་ཨ་ལོ་ཨིན།  ང༽ག་ཡང་མེན།

༡༤༽ཚལ་མ་ནང་ལྷོདཔ་ད་མིག་གི་མཐོང་སར་མེད་པར་སོང་མི་་་་་་་་
ཀ༽ཨ་རྒས་ཨིན            ཁ༽ཨ་རྒས་ཀྱི་བུ་ཨིན།
ག༽མནའམ་ཨིན།          ང༽བུ་དང་མནའམ་གི་ཨ་ལོ་ཨིན།

༡༥༽ཁོ་རའི་ཨ་པ་གི་དོན་ལུ་ས་དོང་བརྐོ་མི་འདི་་་་་་་་་་
ཀ༽ཨ་རྒས་ཀྱི་བུ་ཨིན།ཁ༽མནའམ་ཨིན།  
ག༽བུ་གི་ཨ་ལོ་ཨིན།         ང༽ཨ་རྒས་ཨིན།

ཁ༽        ལན་ཐུང་ཀུའི་དྲི་བ།                                                                ༼སྐུགས་༢༠༽
བཀོད་རྒྱ་འོག་གི་དྲི་བ་ཚུ་གི་ལན་ཐུང་སུ་འབད་བྲིས།
༡༽སྲུང་འདི་གི་མིང་ག་ཅི་སྨོ?༼༢༽
༢༽སྲུང་འདི་ནང་ལུ་ཨ་རྒས་ཀྱི་བཟའ་ཚང་གི་པར་ཁྲམ་བྲིས།༼༢༽
༣༽སྲུང་ནང་གི་མནའམ་གི་སྐོར་ལས་བྲིས།༼༣༽
༤༽རྨགཔ་གི་ཨ་པ་སེམས་སྐྱོ་དགོ་པའི་དོན་དག་ག་ཅི་སྨོ?༼༣༽
༥༽འོག་གི་མིང་ཚིག་ཚུ་གི་རྣམ་གྲངས་བྲིས།༼༢༽
ཀ༽སྡུག་བསྔལ།                                   ཁ༽བསམ་པ་ངན་དྲགས།
༦༽མི་ཚིག་ལག་ལེན་འཐབ་སྟེ་རྗོད་ཚིག་བཟོ།༼༤༽
ཀ༽དབང་ཚད།                       ཁ༽སྐྱིད་ཏོང་ཏོ།                      ག༽བཅའ་སྒྲིག།                       ང་༽ཁ་བརྒྱངས།
༧༽སྲུང་ནང་གི་སྲུང་རྩེདཔ་དང་སྤྱོད་ལམ་མཐུན་སྒྲིག་འབད།༼༤༽
ཀཕངས་སེམས་ཡོད་མི་                                                    ༡མནའམ་ཨིན།
ཁའདོད་པ་ཆེ་དྲགས་ཡོད་མི་                                                           ༢བུ་ཨིན།
གབློ་དབྱེ་བ་མ་དཔྱད་མི་                                                   ༣ཨ་རྒས་དང་ཨང་རྒས་ཨིན།
ང་སྡུག་བསྔལ་མྱོང་མི་                                                     ༤བུ་གི་ཨ་ལོ་ཨིན།

དྲི་བའི་ཚན་གཉིས་པ།                           ལན་རིངམོ་གི་དྲི་བ།                                        ༼སྐུགས་༣༥༽
བཀོད་རྒྱ་འོག་ལུ་ཡོད་པའི་དྲི་བ་ཚུ་དྲནམ་བཏོན་ཏེ་ལྷག་ཞིནམ་ལས་ལན་རིང་སུ་སྦེ་བྲིས།
༡ མ་འོངས་པའི་མེ་ལོང་ཟེར་མི་འདི་དོན་དག་ག་ཅི་སྟོནམ་སྨོ?སྲུང་དང་འབྲེལ་བ་སྟོན་པའི་སྐོར་་མདོར་བསྡུས་ཅིག
བྲིས༼༧༽
༢༽སྲུང་ནང་ལུ་ཡོད་པའི་སྲུང་རྩེདཔ་ག་དང་ག་ར་ཡོདཔ་སྨོ།རེ་རེ་བཞིན་གྱི་སྐོར་ལས་འགྲེལ་བཤད་
ཐུང་ཀུ་རེ་བྲིས།༼༧༽
༣༽རྨགཔ་གི་ཨ་པ་དང་ཨའི་ལུ་མནའམ་གིས་ཟོགཔ་གི་འབད་བཞག་ག་ཅི་བཟུམ་ར་འབད་ཡི?གོ་རིམ་བཞིན་
དུ་བྲིས།༼༧༽
༤༽ཁྱོད་སྲུང་ནང་གི་ཨ་པ་དང་ཨའི་གི་བུ་ཨིན་པ་ཅིན་སྲུང་ནང་ལུ་ཡོད་པའི་དཀའ་ངལ་ཚུ་འབྱུང་མི་བཅུག་ནིའི
དོན་ལུ་ག་ཅི་ར་འབད་འབདཝ་འོང་?༼༧༽
༥༽ཨ་ལོ་གིས་ས་དོང་བརྐོ་སྟེ་ཁོ་རའི་ཨ་པ་རྒསཔ་ད་གི་དོན་ལུ་ཨིན་ཟེར་སླབ་ད་ཨ་པ་འདི་ཁ་བརྒྱངས་ཏེ་ལུས་
སོ་མི་འདི་ག་ཅི་མནོ་བསམ་བཏང་བཏངམ་འོང་ནི་མས?བསམ་འཆར་བྲིས།༼༧༽
སྡེ་ཚན་གཉིས་པ།                                                       འབྲི་རྩོམ།                           ༼སྐུགས་༣༥༽
བཀོད་རྒྱ་འོག་གི་འབྲི་རྩོམ་འདི་ལེགས་ཤོམ་འབད་ལྷག་ཞིནམ་ལས་དྲི་བ་ཚན་དང་པ་དང་གཉིས་པ་འབད་ཡོད་ས་ལས་དྲི་བ་ཚན་༡གདམ་ཁ་རྐྱབ་སྟེ་སྐུགས་༣༥གི་ལན་ཚུ་བྲིས།
འབྲུག་རྒྱལ་ཁབ་ཀྱི་ས་གཞི་འདི་ཆུ་དང་ཚ་དྲོད་ཕུན་སུམ་ཚོགས་ཏོག་ཏོ་ཡོདཔ་ལས་གཡུས་ཚན་མང་ཤོས་ནང་རང་ལོ་ཐོག་ཚུ་གང་བ་ལེགསཔ་སྦེ་འཚོཔ་ཨིན།ལོ་ཐོག་ལུ་དག་སྣང་བསྐྱེད་དེ་ལག་ལེན་འཐབ་པ་ཅིན་རང་ལུ་མ་དངུལ་གྱི་དཀའ་ངལ་དང་རོགས་ལུ་ཟ་འཐུང་གི་དཀའ་ངལ་མི་བྱུང་།དེ་ཡང་རང་གིས་སོ་ནམ་ལཱ་ལག་ལེན་འཐབ་སྟེ་སོ་ནམ་ལས་བྱུང་མི་འཐོན་ཁུངས་ཚུ་རོགས་ལུ་བཙོང་རོགས་ཀྱི་དངུལ་ཀྲམ་འདི            ་རང་གི་ཧེམ་ཅུང་ནང་བཙུགས་སྦེ་       བཙོང་མི་རང་དང་ཉོ་མི་གཞན་གཉིས་ཆ་རང་ལུ་
ཕན་སྦོམ་ཐོགས་ཚུགས།
མི་རློབས་ལེ་ཤ་འགྱོ་       དཔེ་ཆ་མཁས་དྲག་ལེ་ཤ་འཐོནམ་ལས་ན་གཞོན་ཆ་མཉམ་གྱིས་རང་གཞུང་གཡོག་
ཐོབ་ཟེར་རྩ་ལས་མེད།      དེ་སྦེ་གཞུང་གཡོག་ནང་དངུལ་ཕོག་ཐོབ་པའི་གྲངས་སུ་མ་ཚུད་པ་ཅིན་ག་ནི་ཡང་
མ་འབད་བར་ནེ་སྦེ་རང་སྡོད་དེ་མི་ཚེ་མཐར་འཁྱོལ་མི་ཚུགས།                    དེ་འབདཝ་ལས་མ་དངུལ་གྱི་འཐོན་ཁུངས་
དྲག་ཤོས་རང་སོ་ནམ་གྱི་ལཱ་ཨིན་ཟེར་     ང་བཅས་ཀྱིས་ཤེས་ཏེ་ལག་ལེན་འཐབ་དགོཔ་ཨིན།
ད་རེས་ནང་པར་ཚོད་བསྲེ་ཁྲོམ་ཁ་ལུ་ཧོན་ཚོད་ཆགཔ་གཅིག་ལུ་དངུལ་ཀྲམ་༡༠ལས་མ་ཉུངམ་རེ་སྤྲོད་དགོཔ་ལས་སོ་ནམ་ལཱ་ལུ་སྤྲོ་བ་བསྐྱེད་པ་ཅིན་མིའི་སྦུག་ལུ་ཕྱུགཔོ་སྦེ་སྡོད་མ་ཚུགས་རུང་བཟའ་འཐུང་མེད་པའི་དཀའ་ངལ་རྩ་ལས་མི་འབྱུང་།

དྲི་བའི་ཚན་དང་པ།
ཀ༽༡༽ལན་གདམ་ཁ་རྐྱབ་སྟེ་འབྲི་ནི།                                                                                    ༼སྐུགས་༡༥༽
བཀོད་རྒྱ་འོག་གི་ལན་ཀ་ཁ་ག་འབད་ཡོད་ས་ལས་ལན་ངོ་མ་གདམ་ཁ་རྐྱབ་སྟེ་བྲིས།
༡༽ཡིག་རྒྱུགས་འདི་་་་་་་་་་
ཀ༽ས་གཞི་བདག་འཛིན་འབད་དགོ་པའི་ལོ་རྒྱུས་ཨིན། ཁ༽ལཱ་གཡོག་གི་སྐོར་ལས་ཨིན་མས།
ག༽སོ་ནམ་ལཱ་ལུ་སྤྲོ་བ་བསྐྱེད་དགོ་པའི་སྐོར་ལས་ཨིན་མས།ང༽ཚོད་བསྲེ་བཙོང་ཐངས་སྐོར་ཨིན་མས།

༢༽འབྲུག་གི་ས་གཞི་ནང་ལུ་་་་་་་་་
ཀ༽ལོ་ཐོག་ཚུ་འཚོ་མི་ཚུགས།                      ཁ༽ལོ་ཐོག་ཚུ་གང་བ་ལེགསཔ་སྦེ་འཚོཔ་ཨིན།
ག༽ཀེ་བ་རྐྱངམ་ཅིག་འཚོཔ་ཨིན།                   ང༽ཚོད་བསྲེ་རྐྱངམ་ཅིག་འཚོཔ་ཨིན།


༣༽སོ་ནམ་ལཱ་ལུ་སྤྲོ་བ་བསྐྱེད་པ་ཅིན་་་་་་་་་་་
ཀ༽གཞུང་གཡོག་ནང་སྡོད་མི་ཚུ་ལུ་ཕན་ཐོགས་ཚུགས།
ཁ༽གཡུས་ཁ་སྡོད་མི་ཚུ་ལུ་ཕན་ཐོགས་ཚུགས།          
ག༽རང་དང་གཞན་གཉིས་ཆ་ར་ལུ་ཕན་ཐོགས་ཚུགས་།  
ང༽རྒྱལ་ཁབ་ལུ་ཕན་ཐོགས་ཚུགས།

༤༽ན་གཞོན་མཁས་དྲག་ལེ་ཤ་འཐོན་མི་ལས་བརྟེན་་་་་་་་
ཀ༽གཞུང་གི་ཆ་མཉམ་ལུ་ལཱ་གཡོག་གནང་ནུག།
ཁ༽རྒྱལ་ཁབ་ནང་ལཱ་གཡོག་གི་དཀའ་ངལ་འཐོན་ནུག།
ག༽མ་དངུལ་མ་ལང་པའི་དཀའ་ངལ་ཚུ་འཐོན་ནུག།    
ང༽ཚོད་བསྲེ་བཙོང་ཚུགས་ནུག།          

༥༽དག་སྣང་བསྐྱེད་ཟེར་མི་འདི་་་་་་་་་་
ཀ༽སྤྲོ་བ་བསྐྱེད་ནི་ལུ་སླབ་ཨིན།                        ཁ༽ལཱ་འབད་ནི་ལུ་སླབ་ཨིན།
ག༽ཡོན་ཏན་ལྷབ་ནི་ལུ་སླབ་ཨིན།         ང༽ཚོད་བསྲེ་བཙུགས་ནི་ལུ་སླབ་ཨིན།

༦༽སོ་ནམ་ལཱ་འབད་བ་ཅིན་་་་་་་་་་་
ཀ༽ཕྱུགཔོ་འབད་སྡོད་ཚུགས།                         ཁ༽ཉམས་མྱོང་ཐོབ་ཚུགས།
ག༽བཟའ་འཐུང་མེད་པའི་དཀའ་ངལ་མི་འཐོན།        ང༽སྤྱང་ཀ་འགྱོ་འོང་།

༧༽མ་དངུལ་གྱི་འཐོན་ཁུངས་དྲག་ཤོས་ར་་་་་་་་་་
ཀ༽ཤིང་བཟོ་གི་ལཱ་ལས་ཨིན།             ཁ༽སོ་ནམ་གྱི་ལཱ་ལས་ཨིན།           
ག༽ཚོང་ལཱ་ལས་ཨིན།                                ང༽གཞུང་གཡོག་ལས་ཨིན།          

༨༽མཐར་འཁྱོལ་ཟེར་མི་འདི་་་་་་་་་་་
ཀ༽གྲུབ་འབྲས་ལེགས་ཤོམ་འཐོན་མི་ལུ་སླབ་ཨིན།     ཁ༽གྲུབ་འབྲས་མ་འཐོན་མི་ལུ་སླབ་ཨིན།
ག༽ཡོན་ཏན་མ་ལྷབ་མི་ལུ་སླབ་ཨིན།                            ང༽ཡོན་ཏན་མ་ལྷབ་ལུ་སླབ་ཨིན།

༩༽ག་ནི་ཡང་མ་འབད་བར་སྡོད་པ་ཅིན་་་་་་་་་
ཀ༽ཏི་རུ་ཐོབ།                                                           ཁ༽མི་ཚེ་མཐར་འཁྱོལ་ཚུགས།                    
ག༽མི་ཚེ་མཐར་འཁྱོལ་མི་ཚུགས།                   ང༽གཡོག་ཐོབ་ཚུགས།

༡༠༽སོ་ནམ་གྱི་འཐོན་ཁུངས་ཚུ་རོགས་ལུ་བཙོང་པ་ཅིན་རང་གི་ཧེམ་ཅུང་ནང་་་་་་་་་་
ཀ༽དངུལ་ཀྲམ་ཐོབ།                 ཁ༽ལྟོ་ཐོབ། ག༽ཚོང་དཔོན་གྱི་མིང་ཐོབ།ང༽གསེར་ཐོབ།


༡༡༽དཔེ་ཆ་བལྟ་ཚར་ཞིནམ་ལས་་་་་་་་་་
ཀ༽གཞུང་གཡོག་ར་འཐོབ་དགོཔ་ཨིན།             ཁ༽སོ་ནམ་གྱི་ལཱ་འབད་རུང་བཏུབ།
ག༽སོ་ནམ་གྱི་ལཱ་འབད་མི་བཏུབ།                  ང༽གཞུང་གཡོག་འབད་མི་བཏུབ།     

༡༢༽སོ་ནམ་གྱི་ལཱ་ལུ་མ་བརྟེན་པ་ཅིན་་་་་་་་་་
ཀ༽རང་ལུ་ཏི་རུ་མི་ཐོབ།                                                  ཁ༽རོགས་ལུ་བཙོང་ནི་མི་འཐོན།
ག༽ག་ར་ལུ་བཟའ་འཐུང་གི་དཀའ་ངལ་འཐོན་འོང་། ང༽གཞུང་གཡོག་ཐོབ།

༡༣༽སོ་ནམ་གྱི་ལཱ་འབདཝ་ད་་་་་་་་་་་་་་་་
ཀ༽ཏོག་ཙེ་དང་གླང་དགོ།                                    ཁ༽གླང་དང་རོ་ཁྱི་དགོ།             
ག༽ཆུ་དང་ལུད་མི་དགོ།                          ང༽ས་ཞིང་མི་དགོ།

༡༤༽དངུལ་ཕོག་ཟེར་མི་འདི་་་་་་་་་་་་
ཀ༽ཨ་རྟག་ར་ཐོབ་མི་ཏི་རུ་ལུ་སླབ་ཨིན།             ཁ༽ཟླ་རིམ་བཞིན་དུ་ཐོབ་མི་ཏི་རུ་ལུ་སླབ་ཨིན།
ག༽ལོ་རེ་གི་བར་ན་ཐོབ་མི་ཏི་རུ་ལུ་སླབ་ཨིན།         ང༽བདུན་ཕྲག་རེ་ལུ་ཐོབ་མི་ཏི་རུ་ལུ་སླབ་ཨིན།

༡༥༽གཞུང་གཡོག་དང་སོ་ནམ་པ་གི་ཁྱད་པར་་་་་་་་་་་་་་་
ཀ༽ཁྱིམ་དང་ཞིང་ནང་ལཱ་འབད་མི།                   ཁ༽       ཚོང་ཁང་དང་སློབ་གྲྭ་ནང་ལཱ་འབད་མི།
ག༽ཡིག་ཚང་དང་ཞིང་ནང་ལཱ་འབད་མི།               ང༽ཚོང་ཁང་དང་ཞིང་ནང་ལཱ་འབད་མི།

ཁ༽ལན་ཐུང་ཀུའི་དྲི་བ།
༡༽འོག་གི་མིང་ཚིག་ཚུ་ལག་ལེན་འཐབ་སྟེ་རྗོད་ཚིག་བཟོ།                                                                ༼༥༽
༡༽མཁས་དྲག།                       ༢༽ཕྱུགཔོ།               ༣༽འཐོན་ཁུངས།         ༤༽ཚ་དྲོད།
༥༽མི་རློབས།

༢༽འོག་གི་མིང་ཚིག་ཚུ་གི་འགལ་མིང་ཡིག་རྒྱུགས་ནང་ལས་འཚོལ་ཏེ་བྲིས།                                               ༼༥༽
-        རང་ལུ།         - ཉོ།       - སྤྱང་ཀ།   - སྐྱོ་ཤོས།   - ཟོགཔ།
                                                                                    ༼སྐུགས་༡༠༽
བཀོད་རྒྱ་འོག་གི་དྲི་བ་ཚུ་ལེགས་ཤོམ་འབད་ལྷག་སྟེ་ལན་ཧིང་སངས་ས་འབད་བྲིས།
༡༽ན་གཞོན་ཆ་མཉམ་ལུ་གཡོག་ཐོབ་ག?ག་ཅི་འབད?༼༢༽
༢༽སོ་ནམ་གྱི་ལཱ་འབད་བ་ཅིན་རང་དང་གཞན་ལུ་ཕན་ག་དེ་སྦེ་ཐོགས་ཚུགསཔ་སྨོ?༼༣༽
༣༽འབྲུག་པའི་ས་གཞི་ག་ཅི་སྦེ་ཕུན་སུམ་ཚོགསཔ་སྨོ?༼༢༽
༤༽གཞུང་གཡོག་དང་སོ་ནམ་གྱི་ལཱ་གཉིས་ལས་མ་དངུལ་གྱི་འཐོན་ཁུངས་ག་འདི་དྲག་པས?ག་དེ་སྦེ?
ཁྱོད་རའི་བསམ་འཆར་བྲིས།༼༣༽
དྲི་བའི་ཚན་གཉིས་པ།                                                                                                   ༼སྐུགས་༣༥༽
བཀོད་རྒྱ་འོག་གི་དྲི་བ་ཚུ་ལེགས་ཤོམ་འབད་ལྷག་སྟེ་དྲི་བའི་ལན་རིང་སུ་འབད་བྲིས།
༡༽སོ་ནམ་གྱི་ལཱ་ལུ་སྤྲོ་བ་བསྐྱེད་པའི་ཕན་པ་རྗོད་ཚིག་༥བྲིས།༼༥༽
༢༽ཁྱོད་དངུལ་ཕོག་མ་ཐོབ་མི་ཅིག་ཨིན་པ་ཅིན་ག་ཅི་འབད་ནི?བསམ་འཆར་བྲིས།༼༧༽
༣༽འབྲུག་རྒྱལ་ཁབ་འདི་སོ་ནམ་ལཱ་ལུ་ག་ཅི་འབད་སྤྲོ་བ་བསྐྱེདཔ་སྨོ?ཁུངས་བཀལ།༼༧༽
༤༽ཤུལ་ལས་སློབ་རིམ་༡༥མཇུག་བསྡུ་འབད་གཡོག་མ་ཐོབ་པ་ཅིན་སོ་ནམ་ལཱ་འབད་ནིའི་རེ་བ་ཡོད་ག?བསམ་འཆར་ལེགས་ཤོམ་འབད་བྲིས།༼༧༽
༥༽སོ་ནམ་ལཱ་འབད་བའི་བསྒང་གི་མཐོང་སྣང་དག་པ་ཅིག་པར་གྱི་ཐོག་ལུ་བྲིས།༼༩༽






སྡེ་ཚན་གསུམ་པ།                                                       སྙན་རྩོམ།                                       ༼སྐུགས་༣༠༽
བཀོད་རྒྱ་འོག་གི་སྙན་རྩོམ་འདི་ལེགས་ཤོམ་འབད་ལྷག་སྟེ་དྲི་བ་ཚན་༡པ་དང་ཚན་༢པ་འབད་ཡོད་ས་ལས་
དྲི་བ་ཚན་༡གདམ་ཁ་རྐྱབ་སྟེ་སྐུགས་༡༥གི་ལན་ཚུ་བྲིས།

ནང་རང་གིས་བལྟ་རུང་དགའ་ཏོག་ཏོ།།               ཕྱི་མི་གིས་བལྟ་རུང་སྐྱིད་ཏོང་ཏོ།།
སེམས་དགའ་མི་དགའ་ལུས་སྐྱིད་མི་སྐྱིད།།             ང་བཅས་འབྲུག་གི་རྒྱལ་ཁབ་ནང་།།

འབྲུག་པའི་ས་ཁར་སྐྱེས་མི་ང་བཅས།།     ཉམས་དགའ་བའི་ཕང་རིལ་སྒྱུར་དོ་ས།།
སྡོདན་སྡོད་ས་ཡོད་འཁྱམསན་འཁྱམས་ས་ཡོད།།ཉེན་ཁ་མེད་པའི་འབྲུག་ཡུལ་ནང་།།

སྐྱིདན་ནམ་མཁའི་བྱ་ཡང་འཁོར་དོ་བཟུམ།།                       ཕྱི་མི་ཡང་འཁོར་ས་འབྲུག་ཡུལ་ནང་།།
ནང་གནས་ཀྱིས་གང་ཕྱི་གངས་རིས་བསྐོར།།            འཛམ་གླིང་ནང་གི་ལྷ་ཡུལ་ཨིན།།
དྲི་བའི་ཚན་དང་པ།
ཀ༽འོག་གི་དྲི་བའི་བཞི་ཡོད་ས་ལས་ལན་ངོ་མ་འདི་གདམ་ཁ་རྐྱབ་སྟེ་བྲིས།                                    ༼སྐུགས་༡༠༽
༡༽སྙན་རྩོམ་འདི་་་་་་་་་་་་
ཀ༽ཞབས་ཁྲ་ཨིན།          ཁ༽རྩང་མོ་ཨིན།         ག༽དཔྱེ་གཏམ་ཨིན།     ང༽བློ་ཟེ་ཨིན།

༢༽སེམས་དགའ་ལུས་སྐྱིད་ས་་་་་་་་་
ཀ༽རང་གི་ཁྱིམ་ནང་ཨིན།               ཁ༽ལྷ་ཡུལ་ལུ་ཨིན།                 
ག༽འབྲུག་རྒྱལ་ཁབ་ནང་ཨིན།                        ང༽ཕྱིའི་རྒྱལ་ཁབ་ནང་ཨིན།
༣༽ནང་རང་གིས་བལྟ་རུང་དགའ་ཏོག་ཏོ་ཟེརཝ་ད་ནང་རང་་ཟེར་མི་འདི་་་་་་་
ཀ༽ཕྱི་རྒྱལ་ཁབ་ཀྱི་མི་ཟེར་བའི་དོན་ཨིན།   ཁ༽རྒྱལ་ཁབ་ནང་གི་མི་ང་བཅས་ཟེར་བའི་དོན་ཨིན།
ག༽ཁྱིམ་ནང་རང་ཟེར་བའི་དོན་ཨིན།      ང༽ཕྱི་ནང་གི་མི་གེ་ར་ཟེར་བའི་དོན་ཨིན།

༤༽ཕྱི་མི་གིས་བལྟ་རུང་སྐྱིད་ཏོང་ཏོ་ཟེརཝ་ད་ཕྱི་མི་འདི་་་་་་་་་་
ཀ༽ང་བཅས་འབྲུག་རྒྱལ་ཁབ་ཀྱི་མི་ཨིན།               ཁ༽རང་གི་ཁྱིམ་ནང་གི་མི་ལུ་སླབ་ཨིན།
ག༽གཞན་རྒྱལ་ཁབ་ཀྱི་མི་ལུ་སླབ་ཨིན།                 ང༽ཕྱི་ནང་གཉིས་ཀྱི་མི་ལུ་སླབ་ཨིན།

༥༽འབྲུག་པའི་ས་ཁར་སྐྱེས་མི་ང་བཅས་ཟེར་མི་འདི་་་་་་་་
ཀ༽འབྲུགཔ་ལུ་སླབ་ཨིན།                 ཁ༽ཕྱི་གླིངཔ་ལུ་སླབ་ཨིན།
ག༽བོདཔ་ལུ་སླབ་ཨིན།                  ང༽མི་གེ་ར་ལུ་སླབ་ཨིན།

༦༽ཉམས་དགའ་བའི་ཕང་རིལ་སྒྱུར་མི་་་་་་་་
ཀ༽འཛམ་གླིང་གི་མི་ཚུ་ཨིན།             ཁ༽རྒྱ་གར་གི་མི་ཚུ་ཨིན།
ག༽ཕྱི་རྒྱལ་ཁབ་ཀྱི་མི་ཚུ་ཨིན།             ང༽འབྲུག་པའི་མི་ཚུ་ཨིན།

༧༽ནམ་མཁའི་བྱ་འཁོར་དོ་བཟུམ་འཁོར་མི་་་་་་་
ཀ༽ཕྱི་མི་ཨིན།              ཁ༽འབྲུག་མི་ཨིན།       ག༽ཕྱི་ནང་གི་མི་ཨིན།    ང༽མི་སེར་ཚུ་ཨིན།
༨༽འབྲུག་རྒྱལ་ཁབ་ནང་་་་་་་་
ཀ༽མི་སེར་གྱི་གང་སྟེ་ཡོད།               ཁ༽རྒྱུ་ནོར་གྱི་གང་སྟེ་ཡོད།
ག༽གནས་ཀྱི་གང་སྟེ་ཡོད།                ང༽ནགས་ཚལ་གྱི་གང་སྟེ་ཡོད།
༩༽འབྲུག་རྒྱལ་ཁབ་འདི་ཕྱི་་་་་་་་་་་
ཀ༽མི་སེར་གྱིས་བསྐོར་ཏེ་ཡོད།                     ཁ༽མེ་ཏོག་ལྡུམ་ར་གིས་བསྐོར་ཏེ་ཡོད།
ག༽ནགས་ཚལ་གྱིས་བསྐོར་ཏེ་ཡོད།     ང༽གངས་རིགིས་བསྐོར་ཏེ་ཡོད།

༡༠༽ཞབས་ཁྲ་འདི་ལུ་ཚིགས་བཅད་་་་་་་་་་་
ཀ༽ ༡་འདུག།                       ཁ༽༢་འདུག།                       ག༽༣འདུག།                        ང༽༤འདུག།

ཁ༽འོག་གི་དྲི་བ་ཚུ་ལེགས་ཤོམ་འབད་ལྷག་སྟེ་ལན་ཐུང་སུ་འབད་བྲིས།                                        ༼སྐུགས་༢༠༽
༡༽སྙན་རྩོམ་འདི་ག་ཅི་གི་སྐོར་ལས་ཨིན་པས?༼༢༽
༢༽འབྲུག་རྒྱལ་ཁབ་འདི་ཕྱི་དང་ནང་ལས་བལྟཝ་ད་ག་དེ་སྦེ་འདུག་ཟེརཝ་སྨོ?༼༢༽
༣༽སྡོདན་དང་འཁྱམསན་ཟེར་བའི་ཚིག་གི་དོན་དག་བྲིས།༼༢༽
༤༽འོག་གི་མིང་ཚིག་ཚུ་ལག་ལེན་འཐབ་སྟེ་བརྗོད་ཚིག་བཟོ༼༤༽
༡༽ཉེན་ཁ།   ཁ༽ཉམས་དགའ།


༥༽སེམས་དགའ་མི་དགའ་དང་ལུས་སྐྱིད་མི་སྐྱིད་ཟེར་མི་འདི་ག་ཅི་བཟུམ་འོང་ནི་མས? བྲིས།༼༢༽
༦༽འོག་གི་འགལ་མི་གཉིས་མཐུན་སྐྲིག་འབད།༼༤༽
༡དགའ                                         ཀརོགས།
༢ཕྱི་                                            ཁསྤང་གཤོང་།
༣རང་                                           གསྐྱོ།
༤གངས་རིས་                             ང་ནང་།

༧༽སྐྱིདན་ནམ་མཁའི་བྱ་ཡང་འཁོར་ཟེར་མི་འདི་དཔེ་ག་ཅི་བཟུམ་ཅིག་ལུ་བཞག་བཏུབ་ནི་མས?  བཤད་པ་ཐུང་ཀུ་ཅིག་བྲིས།༼༤༽
དྲི་བའི་ཚན་གཉིས་པ།
ག༽འོག་གི་དྲི་བ་ཚུ་ལེགས་ཤོམ་འབད་ལྷག་སྟེ་ལན་རིངམོ་འབད་བྲིས།                             ༼སྐུགས་༣༠༽
༡༽སྐྱིདན་ནམ་མཁའི་བྱ་ཡང་འཁོར་དོ་བཟུམ།།ཕྱི་མི་ཡང་འཁོར་ས་འབྲུག་ཡུལ་ནང་།།ནང་གནས་ཀྱིས་གང་ཕྱི་                                                        
གངས་རིས་བསྐོར།།འཛམ་གླིང་ནང་གི་ལྷ་ཡུལ་ཨིན།།ཟེར་མི་འདི་གི་འགྲེལ་བཤད་བྲིས།༼༥༽
༢༽ཉེན་ཁ་མེད་པའི་འབྲུག་ཡུལ་ནང་།།ཟེར་མི་འདི་ག་ཅི་འབད་སླབ་ཨིན་ན་?བཤད་པ་ཐུང་ཀུ་ཅིག་བྲིས།༼༥༽
༣༽སྙན་རྩོམ་འདི་ལྷག་སྟེ་དོན་མཚམས་གཉིས་ནང་བཤད་པ་རྐྱབ་སྟེ་བྲིས།༼༡༠༽    
༤༽འབྲུག་རྒྱལ་ལྔ་པ་ལུ་གཞི་བཞག་སྟེ་ཞབས་ཁྲ་ཚིག་བཅད་༢བྲིས།༼༡༠༽









བཀྲིས་བདེ་ལེགས།།

Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...