འཇིགས་མེད་གླིང་འབྲིང་རིམ་སློབ་གྲྭ་འོག་མ།
གསར་སྤང་རྫོང་ཁག།
སློབ་རིམ་
༧་པའི་ ལོ་འཁོར་ཆོས་རྒྱུགས་ཀྱི་དྲི་ཤོག། ༢༠༡2
ཆོས་ཚན་ རྫོང་ཁ་ དང་པ། སྐུགས་བསྡོམས་ ༡༠༠།
དུས་ཡུན་ཆུ་ཚོད་༢།
ཐོབ་དགོཔ་ ༤༠།
འོག་ལུ་བཀོད་དེ་ཡོད་མི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག།
༡ འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་
སྐར་མ་༡༥་གི་རིང་ལུ་ དྲི་ཤོག་འདི་ལེགས་ཤོམ་འབད་ལྷག་དགོ།
༢ འབྲི་ནི་དོན་ལུ་
དུས་ཡུན་ཆུ་ཚོད་༢་ཡོད།
༣ དྲི་ཤོག་གི་ནང་ལུ་
དྲི་བའི་སྡེ་ཚན་ཀ་ ཁ་འབད་གཉིས་ཡོད། སྡེ་ཚན་ཀ་འབྲི་རྩོམ་དང་ཁ་སྐད་ཡིག་ཡི་གུའི་སྦྱོར་བ་ཨིན།
༤ སྡེ་ཚན་ཀ་གི་ནང་གསེས་
དྲི་བ་ཀ་༡་པ་དང་ ཀ་༢་པ་ལུ་ གདམ་ཁ་ཡོད།
༥ དྲི་བའི་ཚན་རེ་རེ་བཞིན་གྱི་ དྲི་བའི་བཀོད་རྒྱ་
ཁ་གསལ་བཀོད་ཡོད་མི་ཚུ་ ལེགས་ཤོམ་འབད་ལྷག་སྟེ་ཧ་གོ་དགོ།
༨ ཆོས་རྒྱུགས་ཁང་ནང་ལས་
ཕྱི་ཁར་འཐོན་མ་འགྱོ་བའི་ཧེ་མ་ དྲི་བ་ག་ར་གི་ལན་ཚུ་ ཀྲིག་ཀྲི་སྦེ་རྐྱབ་ མ་རྐྱབ་བལྟ་དགོ།
༩ ཁྱོད་རའི་མིང་དང་
ཨང་གྲངས་ཚུ་ མ་བརྗེད་པར་འབྲི་དགོཔ་གལ་ཆེ།
སྡེ་ཚན་ཀ་ འབྲི་རྩོམ་འབྲི་ནི། སྐུགས་༦༠།
དྲི་བ་ཀ་
དང་པ། སྐུགས་༤༠།
བཀོད་རྒྱ། འོག་ལུ་བཀོད་དེ་ཡོད་མི་ དོན་ཚན་༢་ལས་ གཅིག་གདམ་ཁ་རྐྱབ་སྟེ་ འབྲེལ་བཤད་འབྲི་རྩོམ་
ཚིག་འབྲུ་༢༠༠ལས་
༢༥༠་གི་ནང་འཁོད་འབད་མི་ཅིག་འབྲི་དགོཔ་ཨིན།
༡
ཁྱོད་རའི་ཆ་རོགས་དགའ་ཤོས་ཅིག་གི་སྐོར་ལས་ བཤད་པ་རྐྱབ་སྟེ་བྲིས།
༢ ཁྱོད་གནམ་བྱར་གྱི་ངལ་གསོའི་སྐབ་ལུ་ག་ཅི་ར་འབད་ཡི་ག་
འདི་གི་སྐོར་ལས་ལོ་རྒྱུས་འབྲི་རྩོམ་ཅིག་བྲིས།
དྲི་བ་ཀ་ གཉིས་པ། སྐུགས་༢༠།
བཀོད་རྒྱ། འོག་ལུ་བཀོད་དེ་ཡོད་མི་ དོན་ཚན་༢ལས་༡་གི་ཐོག་ལུ་ གཏང་ཡིག་
བྲིས།
༡) ཁྱོད་ དབྱངས་ཅན་ཕུག་སློབ་གྲྭ་ཆེ་བའི་ སློབ་རིམ་དགུ་ པའི་སློབ་ཕྲུག་རྡོ་རྗེ་ལེགས་པ་ཨིནམ་བཟོ་སྟེ་་ཁྱོད་རའི་
ནུ་ཅུངཚེ་རིང་འདི་འཇིགས་མེད་གླིང་སློབ་གྲྭ་ནང་ཡོད་མི་འདི་སངས་ཕོད་ཁྱོད་དང་ཅིག་ཁར་དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་བར་མའི་ནང་ལྷབ་བཅུག་ནིའི་དོན་ལུ་དགེ་ལེགས་ཕུག་་འབྲིང་རིམ་སློབ་གྲྭ་བར་མའི་སློབ་དབུ་འཛིན་ལུ་ཞུ་ཡིག་ཅིག་བྲིས།
ཞུ་ཡིག་ནང་ཚང་དགོ་པའི་གནད་དོན།
» ཞུ་ཡིག་ག་ལུ་འབྲིཝ་ཨིན་ན? དེ་གི་ཁ་བྱང་དང་ རང་གི་ཁ་བྱང་།
» སློབ་གྲྭ་སོར་སྟེ་འོང་དགོ་པའི་དོན་དག།
» ཁྱོད་རང་དང་ཅིག་ཁར་ཁྱིད་འོང་དགོ་པའི་གདན་དོན།
༢)ཁྱོད་རའི་ཆ་རོགས་པད་ཀོ་ལུ་
ཁྱོད་པད་ཀུ་ཨིནམ་བཟོ་སྟེ་ ཁྱོད་ཀྱི་སློབ་གྲྭ་ནང་ལུ་རྩེད་རིག་གི་ཉིནམ་འདི་ག་དེ་སྦེ་བརྩི་སྲུང་ཞུ་ཡི་ག་འདི་གི་སྐོར་ལས་བཤད་པ་བརྐྱབ་སྟེ་གཏང་ཡིག་ཅིག་བྲིས།
སྡེ་ཚན་ཁ་ སྐད་ཡིག་/ཡི་གུའི་སྦྱོར་བ། སྐུགས་༤༠།
དྲི་བ་དང་པ་ ཀ། སྐུགས་༥།
བཀོད་རྒྱ། འོག་ལུ་ཡོད་མི་དོན་མཚམས་འདི་
ལེགས་ཤོམ་འབད་ལྷག་ཞིནམ་ལས་ འདི་ནང་ཡོད་པའི་མིང་སྡེབ་ འཕྲད་དང་རྣམ་དབྱེ་
འཛོལ་བ་ཡོད་མི་ཚུ་བཅོས་ཁ་རྐྱབས།
༉ ནམ༌ཅིག༌གི༌ཚེ་ ཤེས་རིག་ཞིབ་བཅོདཔ་ཚུ་བྱོན་འདི་
ཁོ་གྱི་ཆ་རོགས་ ཟེ་ཀོ་ལུ་ ཁྱོད་ཀྱི་ཁྱིམ་ག་ཏེ་སྨོ་ཟེར་
དྲིཝ་ད་ ཟེ་ཀོ་གི་ང་གི་ཁྱིམ་འདི་ས་དང་གནམ་གྱི་སྦུག་ལུ་ཨིན་ཟེར་ཞུཝ་ད་ཁོང་ཚུ་གནམ་མེད་ས་མེད་གོངམ་འཁྲོལ་སྟེ་
ལོག་བྱོན་སོང་ནུག
དྲི་བ་དང་པ་ ཁ། སྐུགས་༥།
བཀོད་རྒྱ། འོག་གི་ཚིག་ཚུ་གི་ དོན་དག་འགྲེལ་བཤད་རྐྱབ།
༡ སྙིང་རུས། ༢
ཁང་མིག། ༣ རྒྱུ་མཚན།
༤ བུ་ཡུག། ༥ དགྲ།
དྲི་བ་གཉིས་པ། སྐུགས་༥།
བཀོད་རྒྱ། དྲི་བའི་ཨང་འདྲ་བཤུད་རྐྱབ་ཞིནམ་ལས་
ལན་ ཀ་ ཁ་ ག་ ང་ སྦེ་ཡོད་ས་ལས་ ངོ་མ་ག་ཨིན་མི་འདི་
གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་ལུ་འབྲི་དགོཔ་ཨིན།
༡ འབྲེལ་སྒྲ་
དེན་གྱི་འཇུག་ཚུལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ་
དྲུག་ཡོད། ཁ་ ལྔ་ཡོད།
ག་ བདུན་ཡོད། ང་
བཞི་ཡོད།
༢ ཡན་ལག་དང་ཡན་ལག་ཅན་གྱི་དཔེ་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ
རྣམ་རྒྱལ་གྱི་རྐངམ།
ཁ དངུལ་གྱི་བཀྱག
ག ཆོས་འཕེལ་གྱི་ཁྲག
ང ཤིང་གི་རལ་གྲི
༣ བྱེད་སྒྲ་
དོན་གྱི་འཇུག་འཚུལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོད།
ཀ་ ལྔ་ཡོད། ཁ་ དྲུག
ག་ བཞི། ང་
གསུམ།
༤ རྡོ་རྗེ་གདན་གྱི་མཆོད་རྟེན་ཟེར་མི་དཔེ་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨིན།
ཀ་
ནེར་དང་བདག་པོའི་དཔེ།
ཁ་ རྟེན་དང་རྟེན་པའི་དཔེ།
ག་
ཡན་ལག་དང་ཡན་ལག་ཅན་གྱི་དཔེ།
ང་ ཁྱད་གཞི་དང་ཁྱད་ཆོས་ཀྱི་དཔེ།
༥ ང་ལུ་ཡང་མི་ཐོབ་ཟེར་མི་དཔེ་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨིན།
ཀ་ མཐུན་པའི་རྒྱན་གྱི་དཔེ།
ཁ་ མི་མཐུན་པའི་རྒྱན་གྱི་དཔེ།
ག་ སྡུད་པའི་སྒྲའི་དཔེ།
ང་ བརྣན་པའི་སྒྲའི་དཔེ།
དྲི་བ་གསུམ་པ། (སྐུགས་༢༥)
བཀོད་རྒྱ།
འོག་ལུ་བཀོད་དེ་ཡོད་པའི་ དྲི་བ་ཚུ་གི་ལན་བྲིས།
༡ དོན་མཚམས་དང་ཚིག་མཚམས་གཉིས་ཀྱི་ཁྱད་པར་ག་དེ་སྦེ་ཡོད?བྲིས། (5)
༢ རྒྱན་སྡུད་ཟེར་མི་འདི་ག་བཟུམ་ཅིག་ལུ་སླབ་སྨོ?གོ་དོན་བྲིས། (3)
༣ གཏང་ཡིག་དང་ཞུ་ཡིག་གི་ཁྱད་པར་ག་དེ་སྦེ་ཡོད་ བྲིས (༤)
༤
རྒྱན་སྡུད་ལུ་འཇུག་ཡུལ་ག་དེ་ཅིག་ཡོད?བྲིས།(༤)
༥ འབྲེལ་སྒྲ་ དོན་གྱི་འཇུག་ཚུལ་
རྟེན་དང་རྟེན་པའི་དཔེ་གསུམ་བྲིས(༣)
༦ བྱེད་སྒྲ་དོན་གྱི་འཇུག་ཚུལ་ རང་བཞིན་བྱེད་པ་པོའི་དཔེ་གསུམ་བྲིས་(༣)
༧ དེ་སྒྲ་
སྤྱི་སྒྲའི་དོན་སྟོན་པའི་སྒྲའི་དཔེ་གསུམ་བྲིས།(༣)
བཀྲ་ཤིས་བདེ་ལེགས།
Comments
Post a Comment