Skip to main content

Annual Exam Dzo. II (2012) class VII


འཇིགས་མེད་གླིང་འབྲིང་རིམ་སློབ་གྲྭ་འོག་མ། གསར་སྤང་རྫོང་ཁག།
                     སློབ་རིམ་ ༧པའིལོ་འཁོར་ཆོས་རྒྱུགས་ཀྱི་དྲི་ཤོག། ༢༠༡༢
ཆོས་ཚན་ རྫོང་ཁ་ གཉིས་པ།                                          སྐུགས་བསྡོམས་ ༡༠༠།
དུས་ཡུན་ཆུ་ཚོད་༢།                                           ཐོབ་དགོཔ་ ༤༠།
                    འོག་ལུ་བཀོད་དེ་ཡོད་མི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག།
    འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་ སྐར་མ་༡༥་གི་རིང་ལུ་ དྲི་ཤོག་འདི་ལེགས་ཤོམ་འབད་ལྷག་དགོ།
    འབྲི་ནི་དོན་ལུ་ དུས་ཡུན་ཆུ་ཚོད་་ཡོད།
    དྲི་ཤོག་གི་ནང་ལུ་ དྲི་བའི་སྡེ་ཚན་ ཀ་ ཁ་ ག་ གསུམ་ཡོད། སྡེ་ཚན་ ཀ་སྲུང་དང་ ཁ་འབྲི་རྩོམ   དེ་ལས་ག་སྙན་རྩོམ་ཨིན།
   སྡེ་ཚན་རེ་ལུ་ དྲི་བ་ཚན་༡་པ་དང་༢་པ་སྦེ་ཡོད། ཚན་༡་པའི་ནང་ལུ་ དྲི་བ་གཉིས་དང་ ཚན་གཉིས་པའི་ནང་དྲི་བ་༡་ལས་
     གང་རུང་ཅིག་གདམ་ཁ་རྐྱབ་དགོ།
    ཁྱོད་ཀྱིས་ དྲི་བ་ཚན་བསྡོམས་གསུམ་གྱི་ལན་རྐྱབ་དགོ། སྡེ་ཚན་གསུམ་ལས་དྲི་བ་ཚན་གཉིས་པ་ལས་༡་
     ཨིན་ཅིག་མིན་ཅིག་གདམ་ཁ་རྐྱབ་སྟེ་འབྲི་དགོ།
    སྡེ་ཚན་རེ་རེའི་ནང་ཡོད་པའི་ དྲི་བ་ཚན་༢་ཆ་ར་གདམ་ཁ་རྐྱབ་མི་ཆོག།
   དྲི་བའི་ཚན་རེ་རེ་བཞིན་གྱི་ དྲི་བའི་བཀོད་རྒྱ་ ཁ་གསལ་བཀོད་ཡོད་མི་ཚུ་ ལེགས་ཤོམ་འབད་ལྷག་སྟེ་ཧ་གོ་དགོ།
    ཆོས་རྒྱུགས་ཁང་ནང་ལས་ ཕྱི་ཁར་འཐོན་མ་འགྱོ་བའི་ཧེ་མ་ དྲི་བ་ག་ར་གི་ལན་ཚུ་ ཀྲིག་ཀྲི་སྦེ་རྐྱབ་མ་རྐྱབ་བལྟ་དགོ།
    ཁྱོད་རའི་མིང་དང་ ཨང་གྲངས་ཚུ་ མ་བརྗེད་པར་འབྲི་དགོཔ་གལ་ཆེ།

སྡེ་ཚན་ཀ།                 སྲུང་དང་གཏམ་རྒྱུད།                 སྐུགས་༣༥།
བཀོད་རྒྱ།   འོག་གི་སྲུང་འདི་ལུ་ དྲི་བ་ཚན་གཉིས་ཡོད། དེ་ནང་ལས་ ཚན་དང་པ་དང་གཉིས་པ་ ག་འབད་རུང་    
    དྲི་བ་ཚན་གཅིག་གདམ་ཁ་རྐྱབ་སྟེ་ ལན་བྲིས།
(ལོག་ཕྱི་རུ་ཁྱིམ་ནང་ ལྷོད་པའི་སྐབས་ རྩྭ་ཆག་ཚུ་བཟའ་ནི་ཕར་རང་བཞག་ གཟུགས་་ ཡར་ར་ལོངས་མ་ཚུགས་པར་
སྡོདཔ་ཨིན་མས། དེ་འབད་རུང་ ནངས་པ་དྲོ་པ་ ཨ་རྟག་ཧ་ལུགས་ཤིང་རྟ་འཐེན་དགོཔ་འཐོན་དོ་ ཡོདཔ་ཨིན་མས།)
༼དྲི་བའི་ཚན་དང་པ།༽
དྲི་བ་དང་པ།                                       (སྐུགས་༡༥)
བཀོད་རྒྱ།    འོག་གི་དྲི་བ་རེ་ལུ་ ལན་ ཀ་ཁ་ག་ང་ འབད་ཡོད། དེ་ནང་ལས་ ལན་ག་ཨིན་མི་འདི་ གདམ་ཁ་རྐྱབ་སྟེ་
ལན་ཤོག་ནང་བྲིས།
    སྲུང་འདི་གི་དོན་ཚན་ག་ཅི་ཨིན་མས?
              གཡུས་ཁའི་མི།                ཁ་   ཉ་ཆེན་ཝེལ།
          ག་   ཤིང་རྟ་འཁོར་ལོ།               ང་     འབྱུང་ཁུངས་མེད་པའི་མི།
    སེར་ཁ་ཟླཝ་་་་་་་་་་་་་་་་་་་་་་་་་་་་་་་་ཨིན།
          ཀ་   (༧པ་ ༨པ་ ༩པ)             ཁ་   (༡པ་ ༢པ་ ༣པ་)
          ག་   (༡༠པ་ ༡༡པ་ ༡༢པ་)         ང་    (༤པ་ ༥པ ་༦པ)
    སྲུང་གི་དབྱེ་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
          ཀ་   འཆར་སྲུང་།                  ཁ་   དངོས་སྲུང་།
              པར་སྲུང་།                   ང་    ལྷ་སྲུང་།
   སྲུང་འདི་ནང་དོན་མཚམས་་་་་་་་་ཡོད།
              བཞི།           གསུམ།         ལྔ།            ལེ་ཤ་ཡོད།
    གཏམ་རྒྱུད་ཟེར་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ་   སྔོན་མ་ལས་ཡོད་པའི་ངག་བརྒྱུན་ཅིག་ཨིན།              སྔོན་མ་ལས་ཡོད་པའི་གཏམ་ཅིག་ཨིན།
    སྔོན་མ་ལས་ཡོད་པའི་སྲུང་ཅིག་ཨིན།             ང་     སྔོན་མ་ལས་ཡོད་པའི་འཆར་སྲུང་།
    ཁོ་ལུ་ཁུར་ཆ་བཀལ་མི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ་   སྣུམ་འཁོར་ཀྲག་ཅིག་ཡོད།         ཁ་   གླང་གཅིག་ཡོད།
ག་   བོང་ཀུ་གཅིག་ཡོད།              ང་    ཤིང་རྟ་འཁོར་ལོ་གཅིག་ཡོད།
   གནམ་སོ་ཀ་ ཁོ་གིས་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚོང་འབྲེལ་འདབ་ཨིན།
    ཚོད་བསྲེ་གི་རིགས།                  འབྲུ་སྣ་གི་རིགས།
    སོ་ནམས་ལཱ་ཆགས་དང་སོན་རིགས།    ང་    བཁོ་ལ་གི་རིགས།   
    སྲུང་གི་བརྗོད་དོན་ངོ་མ་རང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།    
    སེམས་སྲུང་དགོ་པའི་སྐོར།                   སེམས་ཅན་ལུ་བྱམས་སེམས་བསྐྱེད་དོག་པའི་སྐོར།
    སེམས་ཅན་བའག་འཛིན་འབད་དགོ་པའི་སྐོར།   ང་     རང་གི་ཚོང་ལཱ་འབད་དགོ་པའི་སྐོར།
    སྲུང་བཏང་པའི་སྐབས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ སྲུང་གི་ཉམས་དང་འཁྲིལ་སྐད་རྐྱབ་དགོ།              ཁ སྲུང་གི་ཉམས་དང་འཁྲིལ་རྣམ་འགྱུར་བཏོན་དགོ།
ག ཚིག་གི་སྒྲ་དྭངས་དང་འཁྲིལ་སྐད་གསེང་ཕབ་འབད་དགོ།    ང་ ཚིག་གི་སྒྲ་དྭངས་དང་འཁྲིལ་ལིའུ་ཡགྱུར་དགོ།

༡༠   རྟ་སྨིན་དྲུགམོ་འདི་ཕྱི་རུ་ཁྱིམ་ནང་ལྷོད་པའི་ཤུལ་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
    གཟུགས་ཆུ་འཁྱུ་འབད་སྤྲོ་བཏོན་སྡོདཔ་ཨིན།             རྩྭ་ཆག་ཚུ་ག་དེ་བཟའ་ཚུགས་ཚུགས་བྱིནམ་ཨིན།
    ཕྱུ་གུ་དང་ཅིག་ཁར་སྐྱིད་ཏོང་ཏོ་འབད་སྡོདཔ་ཨིན།           རྩྭ་ཆག་ཅིག་རང་ལེགས་ཤོམ་འབད་བཟའ་ནི་མི་ཐོབ།
༡༡   རྟའི་ཕྱུ་གུ་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར་སླབ་ཨིན།
         ཨ་ལོ།          བྱི་ཅུང་།         རྟིའུ་ཅུང་།         བོའུ་ཅུང་།
༡༢  རྟ་སྨིན་དྲུགམོ་ཨ་རྟགས་རང་་་་་་་་་་་་་་་་་་་་་་་་་་་་་་་་།
    སྐྱིད་ཏོང་ཏོ་འབད་སྡོདཔ་ཨིན།           དཀའཝ་དཔྱདཔ་ཨིན།
    ཕོཝ་གྲངམ་ཨིན།               ང་    སེམས་དགའཝ་ཨིན།
༡༣  བདུད་འགྲོ་སེམས་ཅན་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
    སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད།         འཐབ་རྫིང་གི་སྡུག་བསྔལ་ཡོད།
    ཚ་གྲངས་གི་སྡུག་བསྔལ་ཡོད།       ང་    བཀོལ་སྤྱོད་ཀྱི་སྡུག་བསྔལ་ཡོད།
༡༤  ཨཔ་ཝང་འབྲུག་རྒྱལ་དང་ སྤྱི་ཞི་བླ་མའི་་བཀྲིཤིས་ལ་སོགས་པའི་སྲུང་ཚུ་་་་་་་་་་་་་་་་་་་་་་ཚུགཔ་ཨིན།
    དངོས་སྲུང་།            འཆར་སྲུང་།       གཏམ་བརྒྱུད།            འབྱུང་རབས།
༡༥   མི་རབས་གཅིག་ལས་ཅིག་ལུ་ བརྒྱུད་དེ་སློབ་སྲོལ་ཡོད་མི་སྲུང་ཚུ་་་་་་་་་་་་་་་་་་་་་་་་་་་་ནང་ཚུདཔ་ཨིན།
    རྒྱལ་རབས།       འབྱུང་རབས།           གཏམ་བརྒྱུད།       ང་     སྲུང་།



  དྲི་བ་གཉིས་པ།   འོག་གི་དྲི་བ་ཚུག་གི་ལན་ ཐུང་སུ་འབད་བྲིས།         (སྐུགས་༢༠)
         འཆར་སྲུང་འདི་ག་དེ་སྦེ་འོང་དགོཔ་སྨོ? (༣)
    སྲུང་རྩེབ་ངོ་མ་ཟེར་མི་འདི་ག་ཅི་སྨོག? (༤)
    སྲུང་གི་ཁྱད་ཆོས་ག་དེ་སྦེ་རང་ འོང་དགོཔ་སྨོ?  (༤)
   དགུན་ཟླ་གཅི་རང་སྨོ?  (༣)
    ཨབ་རྡོ་རྡོ་གིས་གནམ་དགུན་ཚོང་ལཱ་ག་ཅི་ཡང་འཐབ་སྨོ? (༤)
    རྟ་གུ་བཀལ་ནི་ཡོད་པའི་ཅ་ཆས་ བཞི་གི་མིང་བྲིས?  (༢)

དྲི་བའི་ཚན་གཉིས་པ།༽                (སྐུགས་༣༥)
བཀོད་རྒྱ།         འོག་གི་དྲི་བ་ཚུ་གི་ལན་ བཀོད་རྒྱ་དང་འཁྲིལ་ཏེ་ བྲིས།
    སོ་ཀ་དང་སེར་ཁའི་ཁྱད་པར་ཕྱེ་སྟེ་བྲིས། (༥)
    རྙོག་གཞི་དང་གཞི་ཐབས་གཉིས་ཀྱི་ཁྱད་པར་སོ་སོ་འབད་ཕྱེ་སྟེ་བྲིས། (༨)
    རྟ་སྨིན་དྲུགམོ་དཀའཝ་དཔྱད་པའི་སྐོར་ལས་ དུམ་དྲག་ཅིག་བྲིས།  (༡༠)
   འབྲི་རྩོམ་དང་སྲུང་གི་ཁྱད་པར་ ག་དེ་སྦེ་ཡོདཔ་སྨོ?(༨)
    རྟ་སྨིན་དྲུགམོ་ རྟིའུ་ཅུང་དང་ ཁ་བྱེལ་འགྱོ་ཕའི་སྐབས་ མོ་གིས་མནོ་བསམ་ག་དེ་སྦེ་གཏང་ནུག? (༤)
     སྡེ་ཚན་ཁ།                    འབྲི་རྩོམ།                     སྐུགས་༣༥།
བཀོད་རྒྱ།   འོག་གི་འབྲི་རྩོམ་འདི་ལུ་ དྲི་བ་ཚན་གཉིས་ཡོད། དེ་ནང་ལས་ ཚན་དང་པ་དང་ གཉིས་པ་ག་འབད་རུང་    
   དྲི་བ་ཚན་གཅིག་གདམ་ཁ་རྐྱབ་སྟེ་ ལན་བྲིས།
       ང་བཅས་ཀྱིས་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ ལཱ་ག་ཅི་རང་འབད་རུང་ གལ་ཆེ་ཤོ་ཅིག་ སེམས་འདི་ཨིནམ་ཞིན་དུ་ ནང་པའི་ཆོས་ཀྱི་ནང་ གཙོ་བོ་རང་ སེམས་འདི་བཅོས་ཁ་བརྐྱབ་དགོ་དགོསཔ་ཨིན།
      དེ་ཡང་སེམས་འདི་ རྒྱལཔོ་བཟུམ་ཅིག་དང་ ལུས་ངག་གཉིས་ ཁོ་གིས་བཀོལ་བའི་ལཱ་འབད་མི་ བྱ་རོགས་བཟུམ་ཅིག་ཨིན་མི་ཡདི་ཡང་ དད་པ་བསྐྱེད་རུང་
སེམས་འདི་ཨིན། དོག་པ་ཟ་རུང་ སེམས་འདི་ཨིན།  དགའ་བ་བསྐྱེད་རུང་སེམས་འདི་ཨིན། ཞེ་སྡང་ལངས་རུང་སེམས་འདི་ཨིན།
      རྒྱུ་མཚན་འུ་ལུ་བརྟེན་ཏེ་ ལཱ་ག་ཅི་རང་འབད་རུང་ རང་གི་བསམ་བློ་འདི་བརྟག་དཔྱད་འབད་དེ་ དགེ་བ་ལུ་འཇུགཔ་ཨིན་ན་ མི་དགེ་བ་ལུ་འཇུགཔ་ཨིན་ན་ བལྟ་དགོ། སེམས་འདི་བགོ་ལ་སེརཔོ་གུ་བཞག་པ་ཅིན་སེརཔོ་ལུ་འགྱུར་མི་དང་ ཧོནམ་གུ་བཞག་པ་ཅིན་ཧོནམ་ལུ་འགྲུར་མི་ ཤེལ་དམ་བཟམ་ཅིག་ཨིནམ་ལས་
བྱ་བ་ལེགས་ཉེས་ཀྱི་དབྱེ་བ་འདི་ སེམས་ལུ་བསྟེན་དགོཔ་ཨིན།
     
      མ་གཞི་སེམས་འདི་ ཐག་རིང་ས་ཡང་མེན་ སྦོ་ལོག་ཁར་ཡང་མེན་ཏེ་འབད་རུང་ ཨ་རྟགས་རང་ དེ་འཕྲལ་ལས་ག་ཏེ་ཁག་ཆེ་སར་ལྷོདཔ་ཨིན།
དེ་འབདཝ་ད་ སེམས་འདི་ལུ་བལྟ་བ་ཅིན་ དཀར་སེར་དམར་ལྗང་ལ་སོགས་པའི་ཚོས་གཞའི་ཐོག་ལུ་ མཐོང་ནི་མེད་པའི་ཁར་ གྲུ་བཞི་དང་ཟླུམ་བུ་ ལ་སོགས་པའི་པ་དབྱིབས་ཀྱི་ཐོག་ལུ་ཡང་མཐོང་ནི་མེད།
བྱ་དང་སྤྱ་ལ་སོགས་པའི་སྲོག་ཆགས་བཟུམ་ཅིག་ལུ་ཡང་ མཐོང་ནི་མེདཔ་ཨིན་རུང་བསམ་བློ་གཏང་ནི་དང་དྲན་ནིའི་ནུས་པ་ ཡོདཔ་བཞིན་དུ་མནོ་བསམ་
ལེགས་ཤོམ་འབད་བཏང་ཚུགས་པ་ཅིན་ སེམས་འདི་ལེགས་ཤོམ་འབད་བཏུལ་ཡོདཔ་དང་ མནོ་བསམ་ངན་པ་ཤར་བ་ཅིན་ སེམས་འདི་བཏུལ་མ་ཚུགས་པའི་རྟགས་མཚན་ཨིན།
      སེམས་བཏུལ་ཏེ་ལེགས་ཤོམ་འབད་ནི་ལུ་ བློ་སྟོབས་དང་ལྡན་པའི་བརྩོན་འགྲུས་བསྐྱེད་དགོཔ་ཨིན་མི་འདི་ཡང་ བཅོམ་ལྡན་འདས་ཧེ་མ་ལས་ སངས་རྒྱས་
ཏེ་སྐུ་འཁྲུངས་འཁྲུངསམ་དང་ སྤྱན་རས་གཟིགས་ཡང་ཧེ་མ་ལས་ སྙིང་རྗེས་དང་བཅསཔ་འབད་འཁྲུངས་འཁྲུངསམ་ཨིན་ཟེར་བའི་ མནོ་བསམ་མ་བཏང་པའི་གུར་
ང་བཟུམ་མི་མཉམ་ཆུང་ཅིག་གིས་ གཞན་ལུ་ག་དེ་སྦེ་ ཕན་ཐོགས་ཚུགས་ནི་ཟེར་ཡང་སེམས་ཤི་ནི་མེད་འོང་།  རང་གི་བྱང་ཆུབ་ཀྱི་སེམས་ཡར་ཡར་འཕརཝ་བཞིན་དུ་ རང་གི་དགེ་བའི་ལཱ་འབད་ནིའི་ནུས་པ་ཡང་ ཡར་འཕར་ནི་དང་ རང་གིས་དགེ་བའི་ལཱ་འབད་ནིའི་ནུས་པ་ཡང་ཡར་འཕར་འགྱོཝ་ཨིན།
      མ་གཞི་ཁྱོད་ལུ་ དེ་འཕྲལ་ལས་སྤྱན་རས་གཟིགས་བཟུམ་གྱི་ནུས་པ་མེདཔ་ཨིན་རུང་ དམ་པའི་ཆོས་ཉམས་སུ་བླངས་ཐོག་ལས་ ནུས་པ་ཡར་རྒྱས་
གཏང་དགོཔ་དང་ དུས་དང་རྣམ་པ་ཀུན་ཏུ་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཅིན་ རང་གི་ནུས་པ་ཡང་ རང་བཞིན་གྱིས་ཆུ་བབས་དོ་བཟུམ་སྦེ་ འབྱུང་ནི་ཨིན།།
      

༼དྲི་བའི་ཚན་དང་པ།༽
དྲི་བ་དང་པ།                                       (སྐུགས་༡༥)
བཀོད་རྒྱ།    འོག་གི་དྲི་བ་རེ་ལུ་ ལན་ ཀ་ཁ་ག་ང་ འབད་ཡོད། དེ་ནང་ལས་ ལན་ག་ཨིན་མི་འདི་ གདམ་ཁ་རྐྱབ་སྟེ་
ལན་ཤོག་ནང་བྲིས།
    ལུས་ངག་ཡིད་གསུམ་གྱི་ལཱ་ གཅི་རང་འབད་རུང་
               ཀ་   གཙོ་བོ་བྱ་བ་ལུ་རག་ལེགས་དགོ།      ཁ་     སེམས་ལུ་རག་ལས་དགོ།
          ག་   ལྷ་པ་ལུ་རག་ལས་དགོ།           ང་     ལུས་ལུ་རག་ལས་དགོ།
    ལཱ་ག་ཅིག་གི་ནང་ལས་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གལ་ཆེ།
          ཀ་   བཟོ་བཟོ་ནི་འདི།                    ཁ་     ཡོན་ཏན་སྦྱང་ནི་འདི།      
          ག་   སེམས་བཅོས་ཁ་རྐྱབ་ནི་འདི།        ང་     སྦྱིན་པ་བཏང་ནི་འདི།
    ཆོས་ནང་ལས་འབད་བ་ཅིན་སེམས་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
          ཀ་   བྱ་རོགས་བཟུམ་ཅིག་ཨིན།         ཁ་     ཆ་རོགས་བཟུམ་ཅིག་ཨིན                         ག་     རྒྱལཔོ་བཟུམ་ཅིག་ཨིན།           ང་    གཉེན་གྲོགས་བཟུམ་ཅིག་ཨིན།
   འབྲི་རྩོམ་ལུ་ནང་གསེས་དབྱེ་བ་་་་་་་་་་་་་་་་་་་་་་་་་་།
     ཀ་   དྲུག་ཡོད།    ཁ་   བཞི་་ཡོད།    ག་   བརྒྱད་ཡོད་།        ང་     ཉི་ཤོ་ཡོད།
    སྒོ་གསུམ་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
          ཀ་   (ལུས། ངག། གཟུགས།)         ཁ་   (ངག གཟུགས། རྐངམ།)    
          ག་   (ལུས། ངག། ཡིད།)           ང་    (ཡིད། ལུས། སེམས།)   
    འགྲེཤལ་བཤད་འབྲི་རྩོམ་ཟེར་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།   
ཀ་   གངོས་གཞི་ངོ་མ་ག་ཨིན་མི་འདི་བཤད་པ་རྐྱབ་དགོ།།    ཁ་     ཚིག་བཅད་མང་ཉུང་རན་ཏོག་ཏོ་དགོ།
ག་   འབྱུང་རིམ་ཚུ་ཁ་གསལ་ཚུད་དགོ།               ང་     རང་གི་སེམས་ཁར་འཆར་མི་ཚུ་འབྲི་དགོ།

   བདུད་འགྲོ་སེམས་ཅན་ཟེར་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ་ མནོ་བསམ་བཏང་མ་ཤེས་མི་ཅིག་ལུ་གོ་ནི་ཨིན།    ཁ་ སེམས་ཡོད་རུང་ཁ་སླབ་མ་ཤེས་མི་ཅིག་ལུ་གོ་ནི་ཨིན།
ག་ གཟུགས་ཀྱིས་མགུ་ཏོག་འབག་མ་ཚུགས་མི་ཅིག་ལུ་གོ་ནི་ཨིན། ང་ ལྟོ་སྐྱེས་ནི་མེད་མི་ཅིག་ལུ་གོ་ནི་ཨིན།
    རང་གི་སེམས་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀ་   དངོས་ཅན་ཨིན།      ཁ་   དཀརཔོ་ཨིན།   ག་ དངོས་མེད་ཨིན།      ང་     ཐག་རིང་ས་ཨིན།
    འབྲི་རྩོམ་ལུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
          ཀ་   ཚིག་འབྲུ་གི་དབྱེ་བ་མེད།      ཁ་   ཚིག་འབྲུ་གི་དབྱེ་བ་ཡོད།
          ག་   ཚིག་བཅད་ཀྱི་དབྱེ་བ་ཡོད།     ང་     ཚིག་འབྲུ་དང་ཚིག་བཅད་ཀྱི་དབྱེ་བ་ཡོད།
༡༠   སེམས་འདི་ལེགས་ཤོམ་འབད་བཏུལ་ཡོད་པ་ཅིན་་་་་་་་་་་་་་་་་་་་་་་་་་་་་་་་་་་།
          ཀ་   འཆོལ་ལོ་ཐལཝ་ཨིན།       ཁ་     ལཱ་ག་ར་བཟང་པོ་ལུ་འགྱོ་བཏུབ་ཨིན།
          ག་   སེམས་ཤིཝ་ཨིན།         ང་     སྐད་རྐྱབ་ཡར་མར་འཁྱོངམ་ཨིན།།
༡༡   འབྲི་རྩོམ་འབྲི་བའི་སྐབས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
     ཀ་   མནོ་བསམ་ལེགས་ཤོམ་བཏང་དགོ།         ཁ་     དོན་ཚན་ལེགས་ཤོམ་དགོ།                    ག་   དོན་དག་གསལ་ཏོག་ཏོ་དགོ།               ང་    འཆར་གཞི་ཆུང་རེ་བཟོ་དགོ།
༡༢  སེམས་བཅོས་ཁ་རྐྱབ་དགོ་པ་ཅིན་་་་་་་་་་་་་་་་་་་་་་་་་་་་་་།
     ཀ་   བློ་སྟོབས་དང་ལྡན་པའི་བརྩོན་འགྲུས་དགོ།          ཁ་   སྟེ་རེ་དང་ ཏོག་ཙེ་ཚུ་ཡང་དགོ།
     ག་   ཨིན་ཅིག་མིན་ཅིག་བླམ་དང་སློབ་དཔོན་དགོ།         ང་     ཆ་རོགས་ལེགས་ཤོམ་དགོ།
༡༣  འབྲི་རྩོམ་འདི་གི་དོན་ཚན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
     ཀ་   མནོ་བསམ་བཏང་དགོ་པའི་སྐོར་ལས་ཨིན།
ཁ་   སེམས་བཅོས་ཁ་རྐྱབ་དགོ་པའི་སྐོར་ལས་ཨིན།
     ག་   བརྟགས་ཞིང་དཔྱད་དགོ་པའི་སྐོརལས་ཨིན།             
ང་    སྙིང་རྗེ་བསྐྱེད་དགོ་པའི་སྐོར་ལས་ཨིན།
༡༤  ཧེ་མ་ལས་སངས་རྒྱས་ཚར་མི་ཚུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
     ཀ་   གཙོ་བོ་དགེ་བ་སྒྲུབ་པ་ལས་བསྟེན་ཏེ་ཨིན།              
ཁ་   གཙོ་བོ་བསྐོར་ར་བརྐྱབ་པ་ལས་བསྟན་ཏེ་ཨིན།
     ག་   གཙོ་བོ་སེམས་གཉིས་ཡོད་པ་ལས་བསྟེན་ཏེ་ཨིན།          
ང་    གཙོ་བོ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཡོད་ནི་དེ་གིས་ཨིན།
༡༥   འབྲི་རྩོམ་འདི་དབྱེ་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།             
ཀ་   འགྲེལ་བཤད་འབྲི་རྩོམ་ཨིན།        ཁ་   བརྒྱུད་བསྐུལ་འབྲི་རྩོམ་ཨིན།
     ག་   འཆར་སྣང་འབྲི་རྩོམ་ཨིན།         ང་    ལོ་རྒྱུས་འབྲི་རྩོམ་ཨིན།


དྲི་བ་གཉིས་པ།     འོག་གི་དྲི་བ་ཚུག་གི་ལན་ ཐུང་སུ་འབད་བྲིས།      (སྐུགས་༢༠)
    འབྲི་རྩོམ་ཟེར་མི་འདི་ག་ཅི་སྨོ?   (༤)
    སེམས་འདི་རྒྱལཔོ་དང་ ལུས་དང་ངག་གཉིས་བྱ་རོགས་བཟུམ་ཅིག་ཨིན་པའིཁུངས་བྲིས། (༤)
    སེམས་ལེགས་ཤོམ་འབད་བཏུལ་ཡོད་པའི་རྟགས་མཚན་ག་ཅི་འབྱུངམ་སྨོ?  (༤)
   འབྲི་རྩོམ་གྱི་ཁྱད་ཆོས་ ག་དེ་འབད་སྨོ? (༣)
    འབྲི་རྩོམ་དང་སྲུང་གི་ཁྱད་པར་ དུམ་དྲག་ཅིག་བྲིས། (༣)
    རྩོམ་འབྲི་ག་ཅི་རང་འབད་རུང་ སྤངས་དགོཔ་ག་ཅི་རང་ཡོདཔ་སྨོ? (༢)

༼དྲི་བའི་ཚན་གཉིས་པ།༽                (སྐུགས་༣༥)
བཀོད་རྒྱ།         འོག་གི་དྲི་བ་ཚུ་གི་ལན་ བཀོད་རྒྱ་དང་འཁྲིལ་ཏེ་ བྲིས།
    འཆར་སྣང་འབྲི་རྩོམ་དང་ འགྲེལ་བཤད་འབྲི་རྩོམ་གཉིས་ཀྱི་ཁྱད་པར་ཕྱེ་སྟེ་བྲིས།     (༡༠)
    རང་གི་སེམས་བཅོས་ཁ་རྐྱབ་དགོ་པའི་ཁུངས་ག་ཅི་སྨོ?  (༧)
    ལུས་ཀྱི་ལཱ་ག་ཅི་རང་འབད་འོང?  (༥)
   འབྲི་རྩོམ་དང་སྲུང་གི་ཁྱད་པར་ ག་ཅི་ཡོད་བཤད་པ་རྐྱབ་སྟེ་བྲིས།  (༧)
         རང་གི་བློའི་ནུས་པ་ཡར་རྒྱས་བཏང་དགོ་པ་ཅིན་ ག་དེ་སྦེ་རང་འབད་དགོཔ་སྨོ? (༦)



སྡེ་ཚན་ག་པ།                   སྙན་རྩོམ།                       སྐུགས་༣༠།
བཀོད་རྒྱ།   སྙན་རྩོམ་འདི་ལུ་ དྲི་བ་ཚན་གཉིས་ཡོད། དེ་ནང་ལས་ ཚན་དང་པ་དང་ གཉིས་པ་ག་འབད་རུང་    
    དྲི་བ་ཚན་གཅིག་གདམ་ཁ་རྐྱབ་སྟེ་བྲིས།
ཚེ་སྔོན་མ་བསོད་ནམས་བསགས་བསགསཔ་འབད།། དུས་ད་རེས་སློབ་གྲྭ་གཅིག་ཏུ་འཛོམས།།
རོགས་མཁས་པའི་སློ་དཔོན་རྣམས་ཀྱི་འོག།     ཨའེ་སླབ་ཕྲུག་ཕོ་མོ་སྐྱིད་ཉམས་སྐྱོངས།།
ཕྱི་རྒྱལ་སྤྱིའི་ཁ་སྐད་དབྱིང་ལིཤ་དང་།།        ནང་རང་གི་སྐད་ཡིག་རྫོང་ཁ་ཐོག།
སྒྲིག་ལམ་དང་བསམ་སྤྱོད་ཤེས་ཡོད་ཚུ།།       ཐུགས་མཁས་པའི་སློབ་དཔོན་རྣམས་ལས་ཞུ།།
དུས་ད་རེས་ཤེས་ཡོན་ཐོབ་པའི་ཤུལ།།        དྲིན་ཅན་གྱི་སློབ་དཕོན་མཁས་པ་ཚུ།།
ང་བཅས་ཀྱི་སེམས་ལས་བརྗེད་མ་སོང་།།       ཐ་དམ་ཚིག་སེམས་ཁར་བཞག་སྨ་རེ།།
ནང་སློབ་ཁང་མཛེས་པའི་ནང་ན་ལུ།།             སེམས་བརྩེ་གདུང་ཅན་གྱི་ཆ་རོགས་འཛོམས།།
རང་ཧིང་ཁར་མཛེས་པའི་མེ་ཏོག་ཡང་།།       དགའཝ་སློབ་ཁང་འདི་ནང་ཤར་དའི་སྨོ།།
ཨའེ་སྐྱེ་ས་སྦོམ་ས་མ་གཅིག་རུང་།།         སྐྱེཝ་སྔོན་མའི་ལས་དང་སྨོན་ལམ་ལས།།
བལྟཝ་མི་གཞི་མཐུན་ཏེ་སེམས་དགའ་བས།།     སེམས་དགའ་བའི་དམ་ཚིག་ཉམས་མ་བཅུག།
དུས་རྟགས་བུ་མཉམ་དུ་སྡོད་སྨོན་ཡོད།།           

༼དྲི་བའི་ཚན་དང་པ།༽
 དྲི་བ་དང་པའི་ཀ།འོག་གི་དྲི་བ་རེ་ལུ་ ལན་ ཀ་ཁ་ག་ང་ འབད་ཡོད། དེ་ནང་ལས་ ལན་ག་ཨིན་མི་འདི་ གདམ་ཁ་རྐྱབ་སྟེ་
ལན་ཤོག་ནང་བྲིས།      (སྐུགས་༡༠)


    རྩོམ་འདི་དབྱེ་བ་གཅི་མས?
              ཞབས་བྲོ།                       བློ་ཟེ།
              ཧིང་གཏམ།                      གུར་མ།
         རྩོམ་འདི་ཚིག་བཅད་་་་་་་་་་་་་་་་་་་་་་་་་་་་།
              ལྔ་འབད་མི་ཨིན།                  དྲུག་ འབད་མི་ཨིན།                 
    བདུན་ འབད་མི་ཨིན།            ང་    བརྒྱད་ འབད་མི་ཨིན།
         ཚིག་འབྲུ་དྲུག་འབད་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
              གཉིས་གཉིས་འབད་ལྷག་དགོ།                 གཅིག་དེ་ལས་གཉིས་གཉིས་འབད་ལྷག་དགོ།             གཅིག་དེ་ལས་གསུམ་གསུམ་འབད་ལྷག་དགོ།       གཉིས་དེ་ལས་རེ་རེ་འབད་ལྷག་དགོ།    
   རྩོམ་ཚུ་བརྗོད་པའི་རྣམ་གཞག་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་་་། 
                   སྤེལ་མའི་ནང་ཚུདཔ་ཨིན།              ལྷུག་པའི་གྲངས་སུ་ཚུགཔ་ཨིན།
                   ཚིག་བཅད་ཀྱྀ་བརྗོད་པ་ཨིན།             ག་ར་ནང་ཚུདཔ་ཨིན།      
         ཧེ་མ་རེ་རེ་དང་ཤུལ་ལས་གཉིས་གཉིས་ དེ་ལས་མཇུག་ལུ་གཅིག་འབད་ལྷག་དགོ་མི་འདི་་་་་་་་་་་་་་་་་་་་་་་་་་་་་་་་་།
                   ཚིག་འབྲུ་བདུན་འབད་མི་འདི་ཨིན།         ཚིག་འབྲུ་བརྒྱད་འབད་མི་འདི་ཨིན།                        ཚིག་འབྲུ་དགུ་འབད་མི་འདི་ཨིན།          ཚིག་འབྲུ་དྲུག་འབད་མི་འདི་ཨིན།
         ང་བཅས་མི་ལུ་ཁག་ཆེ་ཤོས་རང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
                   སེམས་དགའ་ནི་འདི་ཨིན།               དམ་ཚིག་བཏོན་འདི་ཨིན།
                   བཤལ་སྡོད་ནི་འདི་ཨིན།                གཉིད་ཁུ་ནི་འདི་ཨིན།
        རྩོམ་འདི་ནང་ཚིག་བཅད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
                   བཞི་འདུག།       ལྔ་འདུག།        དྲུག་འདུག།   ང་     བདུན་འདུག།      
     སློ་ཁང་ནང་དགའ་བའི་ཆ་རོགས་འཛོམས་སྡོད་ནུག་ཟེར་མི་འདི་ཚིག་བཅད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
         ལྔ་པའི་ནང་ཨིན།                   དྲུག་པའི་ནང་ཨིན།                                 དང་པའི་ནང་ཨིན།                   བཞི་པའི་ནང་ཨིན།        
    སློབ་ཁང་ནང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
              དབྱིན་ལིཤ་དང་རྫོང་ཁ་ལྷབ་ནི་ཡོད།        པར་འབྲི་ནི་ཡོད།
              སྒྲིག་ལམ་རྣམ་གཞག་ལྷབ་ནི་ཡོད།         ཤེས་ཡོན་ག་ར་ལྷབ་ནི་ཡོད།  
༡༠   འབྲུག་རྒྱལ་དང་པ་འདི་ རྒྱལ་རབས་གསུམ་པའི་་་་་་་་་་་་་་་།
    ཡབ་ཨིན།        ས་རྒས་ཨིན།           སློབ་དཔོན།             ཨ་ཞང་ཨིན།

དྲི་བ་གཉིས་པ།     འོག་གི་དྲི་བ་ཚུག་གི་ལན་ ཐུང་སུ་འབད་བྲིས།       (སྐུགས་༢༠)
    རྩོམ་ཚུག་འབྲུ་༦་འབད་མི་འདི་ ག་དེ་སྦེ་ལྷག་དགོཔ་སྨོ?  (༢)
    རྩོམ་ཟེར་མི་འདི་ག་ཅི་སྨོ? (༣)
    རྩོམ་ནང་ག་ཅི་རང་ཚུདཔ་སྨོ? (༤)
   འོག་གི་ཚིག་ཚུ་གི་རྣམ་གྲངས་ རྩོམ་ནང་ལས་འཚོལ་སྟེ་བྲིས། (༥)
     ཧེ་མ།   མིང་གཏམ།  ཧྔོན་ལས།   མི་སེར།   གནས་སྐབས།
    འབྲུག་གི་རྒྱལཔོ་རིམ་བྱོན་ཚུ་གི་ གདུག་བརྒྱུད་ག་ཅི་ལས་སྨོ? (༣)
    མི་སེར་ལུ་སྐྱིད་པའི་ཉིམ་ཤར་ ཟེར་བའི་གོ་དོན་བྲིས།  (༣)

༼དྲི་བའི་ཚན་གཉིས་པ།      འོག་གི་དྲི་བ་ཚུ་གི་ལན་ བཀོད་རྒྱ་དང་འཁྲིལ་ཏེ་ བྲིས།    (སྐུགས་༣༠)
    ཚིག་བཅད་དྲུག་པའི་འགྲེལ་བཤད་རྐྱབས།   (༥)
    འབྲུག་རྒྱལ་དང་པ་མཆོག་ སྟོབས་ཅན་ཨིན་པའི་ཁུངས་བྲིས། (༥)
    དམངས་གཙོའི་ལམ་ལུགས་ཟེར་མི་འིད་ག་ཅི་སྨོ? (༥)
   གཙང་མོ་དང་བློ་ཟེ་གི་ཁྱད་པར་ཕྱེ་སྟེ་བྲིས། (༥)
    ཁྱོད་ཀྱིས་ རྒྱལཔོ་ཡབ་སྲས་ཚུ་ སྐུ་ཚེ་བརྟེན་པའི་སྨོན་ལམ་ག་དེ་སྦེ་བཏབ་ནི་སྨོ? (༥)
    ཕམ་གཉིས་ལུ་བཀའ་དྲིན་བསམ་པའི་ རྩོམ་ཚིག་བཅད་གཅིག་བྲིས། (༥)
    



བཀྲ་ཤིས་བདེ་ལེགས།

Comments