Skip to main content

Dzongkha II Class VIII(2013) Mid Exam

དཔལ་ལྡན་འབྲུག་གཞུང་།
གསར་སྤང་འབྲིང་རིམ་སློབ་གྲྭ་འོག་མའི་ ལོ་ཕྱེད་ཆོས་རྒྱུགས།
(༢༠༡༣)
ཆོས་ཚན་ རྫོང་ཁ།                                   སྐུགས་བསྡོམས་ ༡༠༠།                                དྲི་ཤོག་ གཉིས་པ།              ལྷག་རིག་དང་རྩོམ་རིག          དུས་ཡུན་ཆུ་ཚོད་  ༢།

འོག་ལུ་བཀོད་དེ་ཡོད་མི་ བཀོད་རྒྱ་ཚུ་ ལེགས་ཤོམ་སྦེ་ལྷག།
༡/   འབྲི་ནི་འགོ་མ་བཙུགས་པའི་ཧེ་མར་ སྐར་མ་༡༥་གི་རིང་ལུ་ དྲི་ཤོག་འདི་ལེགས་ཤོམ་འབད་ལྷག འབྲི་ནི་
གི་དོན་ལུ་ ཆུ་ཚོད་༢་ཡོད།
༢/   འབྲི་དགོ་པའི་ དྲི་བའི་ལན་ཚུ་ག་ར་ ལན་ཤོག་ནང་ལུ་ ཧིང་སངས་ས་འབད་འབྲི་དགོ
༣/   དྲི་ཤོག་གི་ནང་ལུ་ དྲི་བ་སྡེ་ཚན་ ཀ་ ཁ་ ག་ གསུམ་ཡོད། སྡེ་ཚན་ ཀ སྲུང་དང་ཁ་ འབྲི་རྩོམ
དེ་ལས་ ག་ སྙན་རྩོམ་ཨིན།
༤/  སྡེ་ཚན་རེ་ལུ་ དྲི་བ་ཚན་ ་པ་དང་ ་པ་ འབད་ཡོད། ཁྱོད་ཀྱིས་ དྲི་བ་ཚན་གཉིས་ལས་ གཅིག་
གདམ་ཁ་རྐྱབ་སྟེ་བྲིས། དེ་འབདཝ་ད་ སྡེ་ཚན་གསུམ་ལས་ དྲི་བ་ཚན་གཉིས་པ་ གཅིག་ཨིན་ཅི་མིན་ཅི་
གདམ་ཁ་རྐྱབ་སྟེ་འབྲི་དགོ།
༥/   དྲན་གསོ་ ལན་ཤོག་ནང་ལུ་ ཁྱོད་རའི་མིང་དང་ སློབ་རིམ་ སྡེ་ཚན་ཚུ་ མ་བརྗེད་པར་འབྲི་དགོ།                  




ལྷག་རིག་དང་རྩོམ་རིག

སྡེ་ཚན་ ཀ                  སྲུང་དང་གཏམ་རྒྱུད།             [སྐུགས་ ༣༥]
བཀོད་རྒྱ།   དྭཝ་བུ་ཚ་ ཟེར་མིའི་སྲུང་འདིལུ་བཞི་བཞག་སྟེ་ དྲི་བ་ཚན་གཉིས་ཡོད། དེ་ནང་ལས་ ཚན་དང་
པ་དང་ ཚན་གཉིས་པ་ལས་ ག་འབད་རུང་གཅིག་གདམ་ཁ་རྐྱབ་སྟེ་བྲིས།


ཚན་དང་པ།
བཀོད་རྒྱ།   འོག་གི་དྲི་བ་རེ་ལུ་ ལན་ ༤ དེ་རེ་བཀོད་དེ་ ཡོད་ས་ལས་ ལན་ངོ་མ་ག་ཨིན་མི་འདི་ གཅིག་
གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་ལུ་བྲིས།                  (༡X༡༥=༡༥)
༡/   སྲུང་འདི་ནང་ སྲུང་རྩེདཔ་ངོ་མ་འདི་


ཀ   རྒྱལཔོ་ཨིན།
ཁ   བློན་པོ་ཨིན།
    ག   དྭཝ་བུཚ་ཨིན།
    ང   བྱ་ཨོ་ལ་ཨིན།


༢/   བློན་པོ་འདི་
ཀ   གླངམོ་ཆེ་གུ་བཞོན་ཏེ་བྱོན་ནུག
ཁ   རྟ་གུ་བཞོན་ཏེ་བྱོན་ནུག
ག   ཤིང་རྟ་འཁོར་ལོ་ནང་བྱོན་ནུག
ང་   སྟག་གུ་བྱོན་ནུག


༣/   སྲུང་འདི་ནང་ལུ་ དོན་མཚམས་ག་དེམ་ཅིག་འདུག?


ཀ   ཞི་འདུག
ཁ   ལྔ་འདུག
ག   དྲུག་འདུག
ང་   བདུན་འདུག


༤/  དྭཝ་བུཚ་འདི་ལམ་ཁ་ལུ་


ཀ   རྩེདམོ་རྩེ་སྟེ་སྡོད་ནུག       
ཁ   ཞབས་ཁྲ་རྐྱབ་སྟེ་སྡོད་ནུག
ག   ཁྱིམ་རྐྱབ་སྟེ་སྡོད་ནུག       
ག   ས་དོང་བརྐོ་སྟེ་སྡོད་ནུག


༥/   ཉེ་འདབ་ལུ་ཟེར་མི་འདི་


ཀ   སྦོ་ལོགས་ཁ་ཨིན།
ཁ   ཐག་རིང་ས་ཨིན།
ག   གཡོན་ཁ་ཐུག་ཨིན།
ང་   གཡས་ཁ་ཐུག་ཨིན།


༦/   བློན་པོ་ཕྲང་སྟེ་ར་ གཟིམ་ཁང་ནང་ བྱོན་མི་འདི་
ཀ   རྒྱལཔོ་གིས་བཀའ་གནང་མི་ལུ་ ཚ་གྱང་ལང་སྟེ་ཨིན།
ཁ   དྭཝ་བུཚ་གིས་ ས་དོང་བརྐོ་མི་ལུ་བརྟེན་ཨིན།
ག   བུཚ་ངོ་མ་འདི་ ཙིགཔ་ཟ་འོང་ཟེར་ཨིན།
ང་   བློན་པོ་གཞན་ཚུ་གིས་ ཤེས་འོང་ཟེར་ཨིན།
༧/  བྱ་ཨོ་ལ་གསུམ་
ཀ   རྒྱལ་པོའི་ཕོ་བྲང་ བསྐོར་ར་རྐྱབ་སྡོད་ནུག
ཁ   ལྷ་ཁང་བསྐོར་ར་རྐྱབ་སྡོད་ནུག
ག   བློན་པོའི་གཟིམ་ཅུང་ བསྐོར་ར་རྐྱབ་སྡོད་ནུག
ང་   ཁྲིམས་ཁང་གི་ཉེ་འདབ་ལུ་ བསྐོར་ར་རྐྱབ་སྡོད་ནུག
༨/  ཕམ་མེད་མི་ ཨ་ལོ་ལུ་


ཀ   ཟ་འདྲེ་ཟེར་སླབ་ཨིན།
ཁ   སྤྲུལ་སྐུ་ཨིན།
ག   དྭཝ་བུཚ་ཟེར་སླབ་ཨིན།
ང་   ཨ་ལོ་ཟེར་སླབ་ཨིན།


༩/  གཉེན་བསྡོམས་ཏེ་སྡོད་མི་ལུ་


ཀ  ཉེཝ་ཟེར་སླབ་ཨིན།
ཁ  བཟའ་ཚང་ཟེར་སླབ་ཨིན།
ག  སྤུན་ཆ་ཟེར་སླབ་ཨིན།
ང་  ཆ་རོགས་ཟེར་སླབ་ཨིན།


༡༠/  ཨོ་ལ་གསུམ་པོ་འདི་
ཀ  སྟབས་མ་འགྲིགསཔ་ལས་ ཁྲིམས་ཁང་བསྐོར་ར་རྐྱབ་པར་འོང་འོངམ་ཨིན།
ཁ  སྟབས་མ་འགྲིགསཔ་ལས་ ཨོ་ལ་གསུམ་གཅིག་ཁར་སྡོདཔ་ཨིན།
ག  སྟབས་མ་འགྲིགསཔ་ལས་ ལྷ་ལུ་གསོལཝ་བཏབ་པར་འོང་འོངམ་ཨིན།
ང་  སྟབས་མ་འགྲིགསཔ་ལས་ རྒྱལཔོ་བཏུགས་སར་འོང་འོངམ་ཨིན།
༡༡/  སྲུང་གི་མིང་འདི་


ཀ  ཨོ་ལ་གསུམ་ཨིན།
ཁ  བློན་པོ་ཨིན།
ག  རྒྱལ་བློན་ཨིན།
ང་  དྭཝ་བུཚ་ཨིན།


༡༢/ སྲུང་འདི་གི་ རྙོགས་གཞི་ངོ་མ་རང་ ག་ཅི་ཨིན་མས?
ཀ  རྒྱལཔོ་གིས་ ཧ་མ་གོ་བའི་སྐོར་ལས་ཨིན།
ཁ  ཨོ་ལ་གསུམ་ མ་འཆམ་པའི་སྐོར་ལས་ཨིན།
ག  བློན་པོ་ཚ་གྱང་ལང་པའི་སྐོར་ལས་ཨིན།
ང་  བློན་པོ་གཞན་རིག་པ་ མེད་པའི་སྐོར་ལས་ཨིན།
༡༣/  རྒྱལཔོ་གིས་དྲི་བ་ གནངམ་ད་
ཀ  དྭཝ་བུཚ་གིས་ ཁུངས་བཀལ་ནུག
ཁ  གླངམོ་ཆེ་བཞོན་མི་ བློན་པོ་གིས་ཁུངས་བཀལ་ནུག
ག  བློན་པོའི་བུཚ་ ངོ་མ་གིས་ཁུངས་བཀལ་ནུག
ང་  བློན་པོ་གཞན་ཚུ་གིས་ ཁུང་བཀལ་ནུག
༡༤/  སྲུང་འདི་གི་ ཉམས་ག་ཅི་ཨིན་མས?


ཀ  སྐྱོ་སི་སི་ཨིན་མས།
ཁ  འདྲོག་སི་སི་ཨིན་མས།
ག  ཡ་མཚན་ཆེ་ཏོག་ཏོ་ཨིན་མས།
   ཧ་ལས་སི་སི་ཨིན་མས།


༡༥/  སྲུང་འདི་གི་ བརྗོད་དོན་ག་ཅི་ཨིན་མས?
ཀ  དྭཝ་བཚ་གསོ་དགོ་པའི་ སྐོར་ལས་ཨིན་མས།
ཁ  ཨོ་ལ་གསུམ་མ་འཆམ་པའི་སྐོར་ལས་ཨིན་མས།
ག  རང་གིས་འབད་མི་ རང་གིས་ར་བཏགས་སར་བསྐྱལ་དགོ་ཟེར་ཨིན་པས།
ང་  བཟའ་ཚང་གི་ སྐོར་ལས་ཨིན་མས།
དྲི་བ་གཉིས་པ།                           (སྐུགས་ ༢༠)
བཀོད་རྒྱ།  འོག་གི་དྲི་བ་ཚུ་ལུ་ ལན་ཐུང་སུ་སྦེ་བྲིས།     (༢X༡༠=༢༠)
༡/   སྲུང་འདི་ནང་ སྲུང་རྩེདཔ་ག་ཅི་རང་འདུག?
༢/  དྭཝ་བུཚ་ལམ་ཁ་ལུ་ ག་ཅི་འབད་སྡོདཔ་ད་ ག་འོང་ནུག?
༣/  དྭཝ་བུཚ་འདི་ ས་དོང་ང་ར་གིས་བརྐོ་མི་ ང་ར་གིས་བསུབ་འོང་ཟེར་སླབ་མི་འདི་ བློན་པོ་གིས་ ག་དེ་སྦེ་གོ་ནུག?
༤/  བློན་པོ་ལུ་ ཨ་ལོ་ག་དེམ་ཅིག་འདུག?
༥/  བྱ་ཨོ་ལ་གསུམ་ ཁྲིམས་ཁང་གི་ཉེ་འདབ་ལུ་ ག་ཅི་སྦེ་བསྐོར་ར་རྐྱབ་པར་ འོངམ་ཨིན་ན?
༦/  རྒྱལཔོ་གིས་བློན་པོ་ཚུ་ལུ་ བཀའ་ག་དེ་སྦེ་གནང་ནུག?
༧/  གླངམོ་ཆེ་བཞོན་མི་བློན་པོ་འདི་ ག་ཅི་སྦེ་ཕྲང་ཕྲང་ར་ གཟིམ་ཁང་ནང་བྱོན་ནུག?
༨/  ཨ་པ་ལུ་ ཨོ་ལ་གསུམ་གྱི་སྐོར་ལས་ ཁུངས་བཀལ་ཏེ་ སླབ་བྱིན་མི་ག་སྨོ?
༩/  ཨོ་ལ་གཡས་དང་གཡོན་ལུ་ཡོད་མི་ ག་དང་ག་སྨོ?
༡༠/  རྒྱལཔོ་གིས་ཨོ་ལ་ལུ་བཀའ་གནང་པའི་ཤུལ་ལུ་ ཨོ་ལ་ཚུ་ག་དེ་སྦེ་འགྱོ་ནུག?
ཚན་གཉིས་པ།
བཀོད་རྒྱ།  འོག་གི་ དྲི་བ་ཚུ་གི་ལན་ རིངམོ་སྦེ་བྲིས།                 (༧X༥=༣༥)
༡/   སྲུང་འདི་ འགོ་ག་དེ་སྦེ་ བཙུགས་ནུག?
༢/   དོན་མཚམས་དང་པ་འདི་གིས་ དོན་དག་ག་ཅི་སྟོནམ་སྨོ?
༣/   རྒྱལཔོ་དང་བློན་པོ་ཚུ་ ག་ཅི་སྦེ་འཚོམས་སྨོ?
༤/  གླངམོ་ཆེ་བཞོན་མི་བློན་པོ་ ཟིམ་ཅུང་ནང་ལྷོདཔ་ཅིག་ ག་ཅི་འབད་སྡོདཔ་ད་ དྭཝ་བུཚ་གིས་
ག་ཅི་སླབ་ནུག?
    ༥/   སྲུང་འདི་གི་སྐོར་ལས་ དོན་མཚམས་གཅིག་ནང་ བཅུད་བསྡུ་སྟེ་བྲིས།

སྡེ་ཚན་ཁ།                   འབྲི་རྩོམ།                  [སྐུགས་ ༣༥]
བཀོད་རྒྱ།   འོག་གི་གནས་འདི་གི་དོན་ལུ་ དྲི་བ་ཚན་ ༡ པ་ཚན་ ༢ པ་སྦེ་གཉིས་ཡོད། དེ་ནང་ལས་ ཚན་
ཚན་ག་འབད་རུང་ གཅིག་གདམ་ཁ་རྐྱབ་སྟེ་ ལན་བྲིས།
ཐིམ་ཕུག་ཁྲོམ་ཁ་ལས་ ཀི་ལོ་མི་ཀྲར་ ༡༨ དེ་ཅིག་ཁར་ཡོད་པའི་ ས་གནས་ཝང་སི་སི་ན་གི་ གཞུང་ལམ་བདའ་
སྟེ་ ཚོད་བསྲེ་དང་ཤིང་འབྲས་ཀྱི་རིགས་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཝང་སི་སི་ན་འདི་ ཐིམ་ཕུག་དང་སྤ་རོ་གི་ གཞུང་ལམ་ཁར་འབདཝ་ལས་ གཞུང་ལམ་དེ་ཁ་ལས་ ཉིན་བསྟར་བཞིན་དུ
སྣུམ་འཁོར་སྟོང་ཕྲག་ལས་བཅད་དེ་ འགྲོ་འགྲུལ་འབད་དོ་ཡོདཔ་ལས་ ས་གནས་དེ་ཁའི་ཚོང་པ་ཆ་ཁྱབ་ཀྱིས་ ཚོད་བསྲེ་
དང་ཤིང་འབྲས་ཀྱི་ ཚོང་བསྒྱུར་ལས་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་པས་ཟེར་ འདི་ནང་གི་ཚོང་པ་ཚུ་
གིས་བཤདཔ་ཨིན་པས།
ཝང་སི་སི་ན་གི་གཞུང་ལམ་ཁར་ཡོད་པའི་ ཚོང་པ་ཆ་ཁྱབ་ཀྱིས་ ཚོད་བསྲེ་གི་རིགས་ དཔེར་ན་ ཨེ་མ་དང་ལ་ཕུག་
སྒོགཔ་དང་ཧོན་ཚོད་ ཀེ་བ་ དེ་ལས་ གཞན་ཤིང་འབྲས་སྣ་ཚོགས་ཀྱི་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས། དེ་མ་
ཚད་ རྒྱ་གར་རྒྱལ་ཁབ་ལས་ནང་འདྲེན་འབད་ཡོད་པའི་ ཅ་རྣམ་ཚུ་ཡང་ ཚོང་བསྒྱུར་འཐབ་དོ་ཡོདཔ་ཨིན་པས། མ་
གཞི་ས་གནས་དེ་ཁར་ ཚོང་བསྒྱུར་འཐབ་སའི་ ས་གོ་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ གནམ་བྱཱར་གྱི་སྐབས་ལུ་
ས་རུད་འཐོན་ནི་གི་ཉེན་ཁ་སྦོམ་ཡོད་རུང་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ལས་ ཉེན་ཁ་ལུ་མ་
ཚེར་བར་ སེམས་དགའཝ་མས་ཟེར་ བཤདཔ་ཨིན་པས།
ས་གནས་དེ་ཚོང་བསྒྱུར་འཐབ་སྡོད་མི་ ཚོང་པ་ཆ་ཁྱབ་ཀྱིས་ ཉིན་བསྟར་བཞིན་དུ་ དངུལ་གྱི་འོ་འབབ་ མཐོ་ཤོས་
༢༥༠༠ དང་ དམའ་ཤོས་ ༡༠༠༠ དེ་རེ་བཟོ་ཚུགས་དོ་ཡོདཔ་ལས་ རང་མགོ་རང་འདྲོངས་སྡོད་ནི་ལུ་ ཁེ་ཕན་
སྦོམ་འདུག་ཟེར་ཨིན་པས།
ཝང་སི་སི་ན་གི་གཞུང་ལམ་བདའ་སྟེ་ ཚོང་བསྒྱུར་འཐབ་སྡོད་མི་གཅིག་ རྒྱ་གར་གྱི་མངའ་སྡེ་ ཅེ་ནའེི་ལས་ མཐོ་
རིམ་ཤེས་ཚད་མཐར་འཁྱོལ་མི་ བུམོ་ཚེ་དབང་ལྷ་མོ་འདི་ ཨིན་པས། མོ་གིས་འབད་བ་ཅིན་ ད་རེས་ནངས་པ་ ཕམ་
ཚུ་དང་གཅིག་ཁར་ ས་གནས་དེ་ཁར་ ཚོད་བསྲེ་དང་ཤིང་འབྲས་རིགས་ཚུ་ ཚོང་བསྒྱུར་འཐབ་སྡོད་ནི་ལུ་ སྤྲོ་བ་སྦོམ་
འབྱུང་མས་ཟེར་ཨིན་རུང་ དུས་ཅི་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ཕུལ་ནི་ཨིན་ཟེར་བཤད་ཅི།
སྤ་རོ་ལས་ གླ་འཁོར་དེད་གཡོགཔ་ རྡོ་རྗེ་གིས་སླབ་མིའི་ནང་ ས་གནས་དེ་ཁར་ ཚོད་བསྲེ་དང་ཤིང་འབྲས་ཀྱི་རིགས་
ཚུ་ གོང་ཚན་རན་ཏོག་ཏོ་སྦེ་ ཐོབ་ཚུགས་པས་ཟེར་ཨིན་པས།
ཐིམ་ཕུག་ལས་ སྐྱེས་ལོ་ ༣༠ ལང་མི་ དབང་ཕྱུག་གིས་འབད་རུང་ ཝང་སི་སི་ན་ལས་ ཚོད་བསྲེ་ཨེ་མ་སྐམ་དང་
སྤུས་ཚད་ཅན་གྱི་ ཤིང་འབྲས་ཀྱི་རིགས་ཚུ་ གོང་ཚད་རན་ཏོག་ཏོ་གི་ཐོག་ལུ་ ཐོབ་དོ་ཡོདཔ་ལས་ ཨ་རྟག་ར་ ས་
གནས་དེ་ཁ་ལས་ར་ ཉོ་དོ་ཟེར་ཨིན་པས།
ད་རེས་ནངས་པ་ ས་གནས་དེ་ཁའི་ཚོང་པ་ཆ་ཁྱབ་ཀྱིས་ མང་ཤོས་ཅིག་ འགྲོ་འགྲུལ་པ་ཚུ་ལུ་ ཚོང་བསྒྱུར་འཐབ་དོ་
ཡོདཔ་ཨིན་རུང་ རེ་ཚེ་སྐབས་ ཐིམ་ཕུག་གི་ ཞི་གཡོགཔ་ཆ་ཁྱབ་ཀྱིས་ཡང་ ཝང་སི་སི་ན་ལུ་ ཚོད་བསྲེ་ཉོ་བར་ འགྱོ་
དོ་ཡོདཔ་ཨིན་ནོ།།
ཚན་དང་པ།
དྲི་བ་དང་པ།  ག་གི་དྲི་བ་རེ་ལུ་ ལན་ ཀ་ ཁ་ ག་ ང་ འབད་ཡོད། དེ་ནང་ལས་ ལན་ག་ཨིན་མི་འདི་ གདམ་
ཁ་རྐྱབ་སྟེ་ལན་ཤོག་ནང་བྲིས།(༡X༡༥=༡༥)
༡/   ཝང་སི་སི་ན་འདི་
   ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༡༨ དེ་ཅིག་ཁར་ཡོད།
            ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༡༩ དེ་ཅིག་ཁར་ཡོད།
            ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༡༥ དེ་ཅིག་ཁར་ཡོད།
            ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༡༠ དེ་ཅིག་ཁར་ཡོད།
༢/   གཞུང་ལམ་ཁར་ཡོད་མི་ ཚོང་འབྲེལ་པ་ཚུ་ལུ་
            འགྲོ་འགྲུལ་འབད་མི་སྣུམ་འཁོར་ཚུ་གིས་ གནོད་མས་ཟེར་ཨིན་པས།
            ཁོང་གི་ཚོང་འབྲེལ་ལུ་ ཕན་པས་ཟེར་ཨིན་པས།
            ས་རུད་ཆུ་རུད་ཀྱིས་ གནོད་མས་ཟེར་ཨིན་པས།
         ང་   གནམ་གཤིས་ཀྱིས་ གནོད་མས་ཟེར་ཨིན་པས།
༣/   འགྲེལ་བཤད་འབྲི་རྩོམ་ཟེར་མི་འདི་
            དངོས་དང་དངོས་མེད་ག་ཅི་ར་ཨིན་རུང་ འདི་ཚུ་གི་ཁྱད་ཆོས་ ཡོན་ཏན་གྱི་བཤད་པ་རྐྱབ་སྟེ་
             འབྲི་མི་ལུ་སླབ་ཨིན།
            ལོ་རྒྱུས་དེ་ཚུ་འབྱུང་རིམ་གྱི་ གོ་རིམ་དང་འཁྲིལ་ཏེ་ བྲིས་ཡོད་པའི་ འབྲི་རྩོམ་ལུ་སླབ་ཨིན།
            གནད་དོན་གཅིག་གི་སྐོར་ལས་ བགག་སྒྲུབ་འབད་དེ་ འབྲི་མི་ལུ་སླབ་ཨིན།
            གཞན་ཕར་ལོ་མའི་ སེམས་འགྱུར་ཚུ་པའི་ བསྐུལ་མ་འབད་དེ་ འབྲི་མི་ལུ་སླབ་ཨིན།
    ༤/   དོན་མཚམས་གསུམ་པའི་ནང་
            ཚོད་བསྲེ་དང་ཤིང་འབྲས་ཀྱི་ སྐོར་ལས་ཨིན་པས།
   ཚོང་འབྲེལ་འཐབ་པའི་ སྐོར་ལས་ཨིན་པས།
            འོང་འབབ་ཐོབ་ནི་འདི་གིས་ སེམས་དཁའ་བའི་ ར་ལས་ཨིན་པས།
            རྒྱ་གར་གྱི་ཅ་རྣམ་ ཚོང་བསྒྱུར་འཐབ་ཚུགས་ནི་འདི་གིས་ཨིན་པས།
༥/   གཞུང་ལམ་ཟེར་མི་འདི་
            སོ་ནམ་ཞིང་ལམ་ལུ་སླབ་ཨིན།
            རྒེད་འོག་འབྲེལ་བ་འབད་ནིའི་ལམ་ལུ་སླབ་ཨིན།
            གཡུས་འབྲེལ་བ་འཐབ་ནིའི་ལམ་ལུ་སླབ་ཨིན།
            རྒྱལ་ཡོངས་རྫོང་ཁག་འབྲེལ་བ་འཐབ་ནིའི་ལམ་ལུ་སླབ་ཨིན།
༦/   འབྲི་རྩོམ་འབྲིཝ་ད་
   འབྲི་རྩོམ་གཞན་མི་ཅིག་ དཔེ་བལྟ་སྟེ་ འབྲི་ནི།
   དབྱིན་སྐད་དཔེ་དེབ་ནང་ལས་ སྐད་བསྒྱུར་འབད་དེ་ འབྲི་ནི།
            དོན་ཚན་ཅིག་ གདམ་ཁ་རྐྱབ་ཞིནམ་ལས་ ཕྲང་སྟེ་འབྲི་ནི།
   འབྲི་རྩོམ་གྱི་བཀོད་རིས་ཅིག་ ཁ་གསལ་བཟོ་ཞིནམ་ལས་ དེ་དང་འཁྲིལ་ཏེ་འབྲི་ནི།

༧/   བུམོ་ཚེ་དབང་ལྷམོ་འདི་
            གཡུས་ཁ་ལུ་སྡོད་མི་ བུམོ་ཅིག་ཨིན་པས།
   སོ་ནམ་ལཱ་འབད་སྡོད་མི་ བུམོ་ཅིག་ཨིན་པས།
       རྒྱ་གར་མངའ་སྡེ་ ཅེ་ནའི་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཅིག་ཨིན་པས།
            སློབ་གྲྭ་ནང་ཡོན་ཏན་སྦྱང་མི་ཅིག་ཨིན་པས།
༨/  ཅེ་ནའི་ཟེར་མི་ ས་གནས་འདི་
            འབྲུག་ལུ་ཨིན།         ནེ་པཱལ་ལུ་ཨིན།
           རྒྱ་ནག་ལུ་ཨིན།         རྒྱ་གར་ལུ་ཨིན།
༩/   ཚེ་དབང་ལྷམོ་གིས་
            རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ཕུལ་ནི་ཨིན་པས།
            ཚོང་རྐྱབ་སྟེ་ར་ སྡོད་ནི་ཨིན་པས།
            སློབ་གྲྭ་འི་ཆོས་རྒྱུགས་ ཕུལ་ནི་ཨིན་པས།
            གཞུང་གཡོག་ནང་ འཛུལ་ནི་ཨིན་པས།
༡༠/  འབྲི་རྩོམ་འདི་ལུ་ དོན་མཚམས་ ག་དེམ་ཅི་འདུག་གོ?
            དྲུ་འདུག        ལྔ་འདུག
            བརྒྱད་འདུག      བདུན་འདུག
༡༡/ འབྲི་རྩོམ་འདི་ དབྱེ་བ་ ག་ཅི་ནང་ཚུདཔ་མས?
            རྒྱུད་བསྐུལ་འབྲི་རྩོམ་ཨིན་པས།
            འཆར་སྣང་འབྲི་རྩོམ་ཨིན་པས།
            ལོ་རྒྱུས་འབྲི་རྩོམ་ཨིན་པས།
            འགྲེལ་བཤད་འབྲི་རྩོམ་ཨིན་པས།

༡༢/ ཡིག་རྒྱུགས་འདི་


   གསལ་བཤད་ཨིན་པས།
   གནས་ཚུལ་ཨིན་པས།
   འཆར་གཞི་ཨིན་པས།
   སྲུང་ཨིན་པས།


༡༣/ རྡོ་རྗེ་འདི་


   ཚོང་པ་ཨིན།
   འགྲོ་འགྲུལ་པ་ཨིན།
   ཞི་གཡོགཔ་ཨིན།
   གླ་འཁོར་དེད་དཔོན་ཨིན།


༡༤/ ཝང་སི་སི་ན་ལས་ ཨ་རྟག་ར་ཚོད་བསྲེ་ཉོ་མི་
   ཚེ་དབང་ལྷ་མོ་ཨིན།
   རྡོ་རྗེ་ཨིན།
   དབང་ཕྱུག་ཨིན།
            ཐིམ་ཕུག་གི་ ཞི་གཡོགཔ་ཨིན།
༡༥/ རིན་གོང་ མང་མ་དྲག་ཉུང་མ་དྲག་མི་
            གོང་མཐོ་བས་ཟེལ་སླབ་འོང་།
            གོང་ཚད་རན་ཏོག་ཏོ་ ཟེར་སླབ་འོང་།
            གོང་ཉུང་མས་ ཟེར་སླབ་འོང་།
            ཁེ་སང་ཆེ་བས་ ཟེར་སླབ་འོང་།

དྲི་བ་གཉིས་པ། འོག་གི་ དྲི་བ་ཚུ་གི་ལན་ ཐུང་སུ་སྦེ་བྲིས།           (སྐུགས་ ༢༠)
    མི་ཚུ་གིས་ ཚོང་འབྲེལ་ག་ཏེ་ལུ་འཐབ་མས་ ཟེར་སླབ་མས? (༢)
   ན་མཚམས་བཞི་པའི་ནང་ ག་ཅི་གི་སྐོར་ལས་བཤདཔ་མས? (༢)
    ཚེ་དབང་ལྷམོ་གིས་ ག་ཏེ་ལས་ ག་ཅི་མཇུག་བསྡུ་ནུག?    (༣)
   གཞུང་ལམ་འདི་ཁ་ལུ་ ག་ཅི་ར་ཚོང་བསྒྱུར་འཐབ་སྨོ?     (༢)
    འདི་ནང་ཚོང་རྐྱབ་མི་ཚུ་ལུ་ གནམ་བྱཱར་ས་རུད་ཀྱི་ཉེན་ཁ་ཡོད་རུང་ སེམས་དགའ་མི་འདི་ ག་ཅི་
འབད་སིན་ན? (༣)
    འགྲེལ་བཤད་འབྲི་རྩོམ་ལུ་ དབྱེ་བ་ག་དེམ་ཅིག་ཡོད?     ()
   ས་གནས་དེ་ཁར་ ཚོང་བསྒྱུར་འཐབ་མི་ཚུ་ལུ་ ག་ཅི་གི་ཁེ་ཕན་འདུག?      (༣)
༨    འོག་གི་ མིང་ཚིག་གསུམ་གྱི་ འགལ་མིང་ འབྲི་རྩོམ་ནང་ལས་ འཚོལ་ཏེ་བྲིས། ()
       ༡    ཉིན་བསྟར                   ལེགས་ཤོམ                  ཆུང་ཀུ                       མཐོ་ཤོས
ཚན་གཉིས་པ།
བཀོད་རྒྱ།   འོག་གི་དྲི་བ་ཚུ་གི་ལན་བྲིས།                        (༧X༥=༣༥)
༡/   ཚེ་དབང་ལྷམོ་ཁྱོད་ཨིན་པ་ཅིན་ ཚོང་བཙོང་སྡོད་འོང་ག? སྡོད་པ་ཅིན་ག་ཅི་འབད? མ་སྡོད་པ་ཅིན་
         ག་ཅི་འབད? འདི་གི་སྐོར་ལས་དོན་མཚམས་ཅིག་བྲིས།
༢/  འབྲི་རྩོམ་འདི་ནང་ལས་ ཁྱོད་ཀྱིས་ག་ཅི་ཧ་གོ་ཡི? དོན་མཚམས་ཅིག་བྲིས།
༣/  གཞུང་ལམ་བདའ་སྟེ་ ཚོང་བསྒྱུར་འཐབ་མི་ཚུ་ ཕན་པ་དང་གནོད་པ་ ག་དེ་སྦེ་འདུག?
༤/ ཁྱོད་ཀྱིས་ཡོན་ཏན་ མཐར་འཁྱོལ་མ་ཚུགས་པ་ཅིན་ ག་ཅི་བཟུམ་འབད་དེ་ རང་མགོ་འདྲོངས་ནིའི་ དོན་ལུ་ ག་ཅི་འབད་ནིའི་ཐབས་ལམ་ཡོད? བསམ་འཆར་བྲིས།
༥/   ལོ་རྒྱུས་འབྲི་རྩོམ་ཟེར་མིའི་དོན་དག་ བྲིས།

སྡེ་ཚན་  ག                སྙན་རྩོམ།               [སྐུགས་ ༣༠]
བཀོད་རྒྱ།   སྙན་རྩོམ་འདི་ནང་ལུ་ དྲི་བ་ཚན་ ༡ པ་དང་ ༢ པ་སྦེ་གཉིས་ཡོད་ས་ལས་ ཚན་ག་འབད་
རུང་ དྲི་བ་ཚན་གཅིག་ གདམ་ཁ་རྐྱབ་སྟེ་དྲི་བའི་ལན་བྲིས།

མ་རབས་མི་དང་གཅིག་ཁ་ལུ།།   ཆ་རོགས་བསྡོམས་ནི་འདི་སྤང་དགོ།
ལྷ་བྱ་དམགས་དང་མ་བསྟུན་པའི།། ལྟས་ངན་འུག་པའི་སྒྲིག་སྤང་དགོ།
ཀུན་གྱིས་འབདཝ་མས་མནོ་སྟེ་གིས།།    རང་གིས་འབད་ནི་འདི་སྤང་དགོ།
                 དྲིན་ཅན་ཕ་མ་གཉིས་པོ་ལུ།།         ཚིག་རྩུབ་རྒོལ་ནི་འདི་སྤང་དགོ།
ཡོན་ཏན་ག་ཅི་ལྷབ་རུང་ར།།         ངན་ལཱ་ལྷབ་ནི་འདི་སྤང་དགོ
སྨྱོ་ཆང་ཁོག་པར་འཛུལ་ཞིནམ་ལས།།    ཆང་དཀྲོགས་འབད་ནི་འདི་སྤང་དགོ།
ཐ་དང་དམ་ཚིག་མ་བསྟེན་པར།།   ནང་གསུག་ལེན་ནི་འདི་སྤང་དགོ།
ལཱ་དང་མ་བསྟུན་གླ་འཚོལ་བའི།།  ཐ་མའི་ལཱ་ངན་འདི་སྤང་དགོ།
དགེ་བའི་ལཱ་ལུ་བརྩོན་འདི་གིས།   སྡིག་པ་ཆུང་ཀུ་འདི་སྤང་དགོ།
ཤི་བའི་སྲོག་ལུ་ཐུག་སོ་རུང་།།    སྲོག་གཅོད་འབད་ནི་འདི་སྤང་དགོ།
ལྟོགས་ཏེ་ཤི་ནི་གུ་ལྷོད་རུང་།།    ཨར་རྐུན་འབད་ནི་འདི་སྤང་དགོ།
ཡ་རབས་བསོད་ནམས་ཅན་མི་དང་།།         མཉམ་པའི་དོ་འགྲན་འདི་སྤང་དགོ།
གཞན་གྱི་ལུགས་སྲོལ་ལེགས་པས་མནོ།།   སྤྲོ་བ་བསྐྱེད་ནི་འདི་སྤང་དགོ།
སྤང་དགོཔ་ནང་ལས་སྤང་དགོཔ་ར།།     བྱ་ངན་བརྟག་སྟེ་སྤང་དགོཔ་ཨིན།། 




ཚན་དང་པ།
དྲི་བ་དང་པ།  འོག་གི་དྲི་བ་རེ་ལུ་ ལན་ ཀ་ ཁ་ ག་ ང་ འབད་ཡོད། དེ་ནང་ལས་ ལན་ག་ཨིན་མི་འདི་ གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་བྲིས།                      (༡X༡༠=༡༠)
༡/   མ་ཡབས་དང་གཅིག་ཁར་


ཀ  ཆ་རོགས་འབད་དགོ
ཁ  སྡོད་ནི་མི་འོང་།
ག  ཆ་རོགས་བསྡོམས་ནི་མི་འོང་།
ང་  ལཱ་འབད་ནི་མི་འོང་།


༢/   ལྟག་གི་སྒྲོམ་འདི་ནང་ཡོད་མི་འདི་


ཀ  འབྲི་རྩོམ་ཨིན།
ཁ  གསལ་བཤད་ཨིན།
ག  སྙན་རྩོམ་ཨིན།
ང་ སྲུང་ཨིན།


༣/  ཚིག་རྐང་རེ་ལུ་ ཚིག་འབྲུ་ ག་དེ་རེ་འདུག?


ཀ  བརྒྱད་འདུག
ཁ  དྲུག་འདུག
ག  བདུན་འདུག
ང་  ལྔ་འདུག


༤/  ནང་གསུག་ལེན་ནི་འདི་


ཀ  ངན་ལྷད་ཀྱི་ལཱ་ཨིན།
ཁ  མགུ་སྐོར་གྱི་ལཱ་ཨིན།
ག  དགེ་བའི་ལཱ་ཨིན།
         ང  རྩེདམོ་ཨིན།


༥/  ལྟག་གི་ སྙན་རྩོམ་འདི་ ཤོ་ལོ་ཀ་ག་དེམ་ཅིག་འདུག?
ཀ  ཤོ་ལོ་ཀ་ བཞི་འདུག
ཁ  ཤོ་ལོ་ཀ་ བདུན་འདུག
ག  ཤོ་ལོ་ཀ་ བཅུ་བཞི་འདུག
         ང་  ཤོ་ལོ་ཀ་ ཕྱད་དང་བརྒྱད་འདུག
༦/   ཐ་མའི་ལཱ་ཟེར་མི་འདི་
ཀ  ཐ་མ་ལུ་ཡོད་མི་ ལཱ་འདི་ལུ་སླབ་ཨིན།
ཁ  མི་ཐ་མ་གི་ ལཱ་ཨིན།
ག  ལཱ་ངན་པ་ལུ་ སླབ་ཨིན།
ང་  སྙན་རྩོམ་གྱི་ ཐ་མ་ལུ་སླབ་ཨིན།
༧/   དགེ་བའི་ལཱ་ལུ་བརྩོན་རུང་ སྡིག་པ་སྤང་དགོ་པའི་སྐོར་ལས་


   ཚིག་བཅད་ ༢ པ་ནང་འདུག
         ཁ   ཚིག་བཅད་ ༣ པ་ནང་འདུག
         ག  ཚིག་བཅད་ ༤ ནང་འདུག
         ང་  ཚིག་བཅད་ ༥ པ་ནང་འདུག


༨/   སྙན་རྩོམ་འདི་གི་ དོན་ཚན་


ཀ  དགེ་བ་སྒྲུབ་དགོཔ་ཨིན་པས།
ཁ  སྤང་དགོཔ་ཨིན་པས།
ག  བརྟག་དཔྱད་འབད་དགོཔ་ཨིན་པས།
ང  མནོ་བསམ་བཏང་དགོཔ་ཨིན་པས།


༩/   གཞན་གྱི་ལུགས་སྲོལ་ཟེར་མི་འདི་


   སློབ་གྲྭ་གཞ་གྱི་ལུགས་སྲོལ་ཨིན།
  གཡུས་གཞན་གྱི་ལུགས་སྲོལ་ཨིན།
ག  རྫོང་ཁག་གཞན་གྱིལུགས་སྲོལ་ཨིན།
ང  རྒྱལ་ཁབ་གཞན་གྱི་ལུགས་སྲོལ་ཨིན།


༡༠/  སྙན་རྩོམ་ཟེར་མི་འདི་
ཀ  ཚིག་དོན་སྲ་ཀྲ་ཡོད་མི་ལུ་སླབ་ཨིན།
ཁ  དོན་མཚམས་འབད་ཡོད་མི་ལུ་སླབ་ཨིན།
ག  གོ་དོན་དཀྲུགས་ཏེ་ ཡོད་མི་ལུ་སླབ་ཨིན
ང  ཚིགས་བཅད་འབད་ ཚིག་ཧན་ཏོང་ཏོ་ཡོད་མི་ལུ་སླབ་ཨིན།

དྲི་བ་གཉིས་པ། འོག་གི་དྲི་བ་ཚུ་གི་ ལན་ཐུང་ཀུ་སྦེ་བྲིས།             (སྐུགས་ ༢༠)
༡/   ཚིགས་བཅད་དང་པ་འདི་གིས་ བཅུད་དོན་ ག་ཅི་སྟོནམ་སྨོ?(༣)
༢/   ཚིག་སྤེལ་མ་ཟེར་མི་འདི་ ག་ཅི་སྨོ?(༣)
༣/   ལྟས་ངན་འུག་པ་ཟེར་ ག་ཅི་འབད་སླབ་སྨོ?(༣)
༤/  ལྟོགས་ཏེ་ཤི་ནི་གུ་ ལྷོད་རུང་ཟེར་མིའི་ དོན་དག་བྲིས།(༣)
༥/  ལེན་ནི་འདི་སྤང་དགོ་ ཟེརཝ་ད་ ག་ཅི་ལེན་ནི་འདི་སྤང་དགོཔ་སྨོ?()
༦/   སྙན་རྩོམ་འདི་ནང་ ཚིག་མང་ཤོས་ར་ ག་ཅི་འདུག?(༣)
༧/   སྤང་དགོ་པའི་ནང་ལས་ཡང་ ག་ཅི་སྤང་དགོཔ་ཨིན་པས?()

ཚན་གཉིས་པ།
སྡེ་ཚན་ག་པ།  འོག་གི་ དྲི་བ་གི་ལན་ཚུ་ རིངམོ་སྦེ་བྲིས།                 (སྐུགས་  ༣༠)
༡/   སྙན་རྩོམ་འདི་ནང་ལས་ ཁྱོད་ལུ་ཕན་ཐོགས་པའི་ ཡོན་ཏན་གཅི་ར་ཐོབ་ཅི? བྲིས།    (༦)
༢/  ཚིག་བཅད་གཉིས་པ་ འགྲེལ་བཤད་རྐྱབ་སྟེ་ བྲིས།                   (༦)
༣/  ཕམ་དྲིན་ཆེ་བའི་སྐོར་ལས་ ཤོ་ལོ་ཀ་གཅིག་བྲིས།                    (༨)
༤/  སྙན་རྩོམ་འདི་ནང་ དཔེ་དང་དོན་ག་ཅི་ར་འདུག་ འདི་ཚུ་བྲིས།              (༡༠)



བཀྲ་ཤིས་བདེ་ལེགས།
 


Comments

Popular posts from this blog

Class VII Science(2017)

Royal Government of Bhutan Sarpang Lower Secondary School Sarpang Mid Term Examination 2017 Subject: Science                                                                              Full Marks: 100    Class: VII Date:21/6/2017Time: 2 Hrs Section A Question1 Direction: Each question is followed by four possible answers. Circle the correct answer on the question paper itself. 1.      A branch of science that deals with the study of cells is known as a.       Cytology            ...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

English II cl 8 (Annual Exam 2014)

SARPANG LOWER SECONDARY SCHOOL SARPANG: BHUTAN ANNUAl EXAMINATION 2014                                                                 English II                                                                                        ...