Skip to main content

Dzongkha II Class VIII(2013) Mid Exam

དཔལ་ལྡན་འབྲུག་གཞུང་།
གསར་སྤང་འབྲིང་རིམ་སློབ་གྲྭ་འོག་མའི་ ལོ་ཕྱེད་ཆོས་རྒྱུགས།
(༢༠༡༣)
ཆོས་ཚན་ རྫོང་ཁ།                                   སྐུགས་བསྡོམས་ ༡༠༠།                                དྲི་ཤོག་ དང་པ།        འབྲི་ནི་ སྐད་ཡིག་དང་ཡི་གེའི་སྦྱོར་བ།          དུས་ཡུན་ཆུ་ཚོད་  ༢།



འོག་ལུ་ བཀོད་དེ་ཡོད་མི་ བཀོད་རྒྱ་ཚུ་ ལེགས་ཤོམ་འབད་ལྷག
༡/ འབྲི་ནི་ འགོ་མ་བཙུགས་པའི་ཧེ་མ་ སྐར་མ་ ༡༥ གི་རིང་ལུ་ དྲི་ཤོག་འདི་ ལེགས་ཤོམ་འབད་ལྷག ལན་
  འབྲི་ནི་གི་དོན་ལུ་ དུས་ཡུན་ཆུ་ཚོད་ ༢ ཡོད།
༢/ དྲི་བའི་བཀོད་རྒྱ་ཚུ་ ལེགས་ཤོམ་འབད་ལྷག་ཞིནམ་ལས་ དེ་དང་འཁྲིལ་ཏེ་ ལན་ཚུ་ག་ར་ ལན་ཤོག་ནང་ལུ་
   ཧིང་སངས་ས་འབད་འབྲི་དགོ
༣/ ལན་ཤོག་ནང་ལུ་ལན་འབྲིཝ་ད་ དྲི་བའི་སྡེ་དང་ དྲི་བའི་ཨང་ག་ཨིན་མི་འདི་བཀོད་ནི་མ་གཏོགས་ དྲི་བ་འདྲ་
   བཤུས་རྐྱབ་སྟེ་ འབྲི་ནི་མི་འོང་།
༤/ དྲན་གསོ་ ལན་ཤོག་གུ་ ཁྱོད་རའི་མིང་དང་ སློབ་རིམ་སྡེ་ཚན་ ཨང་གྲངས་ཚུ་ མ་བརྗེད་པར་ གསལ་ཏོག་
   ཏོ་འབད་བྲིས།


སྡེ་ཚན་ ཀ  འབྲི་ནི།   [སྐུགས་ ༦༠།]
འདྲི་བ་དང་པ།                      འབྲི་རྩོམ།                 [སྐུགས་ ༤༠]
བཀོད་རྒྱ།  འོག་གི་དོན་ཚན་ ༢ ལས་ ༡ གདམ་ཁ་རྐྱབ་སྟེ་ དོན་མཚམས་ལྔ་ལས་ མ་ཉུངམ་ཅིག་འབད་འབྲི་རྩོམ་བྲིས།     
ཀ/  ད་རིས་ནངས་པ་མི་ཚུ་ག་ར་གིས་ སློབ་དཔོན་འདི་ ཕམ་དང་འདྲ་ནི་འདི་གིས་ དྲིན་ཅན་འབད་བརྩིཝ་ཨིན་པས་ འདི་
    གི་སྐོར་ལས་ འཆར་སྣང་འབྲི་རྩོམ་བྲིས།
ཁ/  ཁྱོད་རའི་ཆ་རོགས་ འཆམ་ཤོས་ག་ཨིན་མི་ གཅིག་གི་སྐོར་ལས་ འབྲེལ་བཤད་འབྲི་རྩོམ་བྲིས།
ག/ད་རིས་ནངས་པ་ ན་གཞོན་ཨ་ལོ་ཚུ་གིས་རང་གི་ལམ་ལུགས་བཟང་པོ་ལུ་སྤྲོ་བ་ཞན་སུ་དང་ ཕྱིའི་ལམ་ལུགས་ལུ་སྤྲོ་བ་ཆེ་
    སྟེ་འགྱོ་མི་ལས་ ལོག་རང་གི་ལམ་ལུགས་ལུ་ སྤྲོ་བ་བསྐྱེད་ནིའི་དོན་ལུ་ རྒྱུད་སྐུལ་འབྲི་རྩོམ་བྲིས།
                         
དྲི་བ་གཉིས་པ།                   ཡིག་འགྲུལ།                  [སྐུགས་ ༢༠།]
བཀོད་རྒྱ།  འོག་ལུ་བཀོད་དེ་ཡོད་མི་ དོན་ཚན་ ༣ ལས་ ༡ གདམ་ཁ་རྐྱབ་སྟེ་བྲིས།
ཀ/ སློབ་རིམ་བརྒྱད་པའི་ སློབ་ཕྲུག་་ཚུ་ ལོ་ཕྱེད་ངལ་གསོའི་སྐབས་ལུ་ སློབ་གྲྭ་གཞན་མི་ཚུ་ནང་ལས་ཕར་ འཁྲབ་སྟོན་             
   ཅིག་སྟོན་པར་འགྱོ་ནིའི་དོན་ལུ་ སྣུམ་འཁོར་བཱསི་ཅིག་བཅའ་སྒྲིགས་མཛད་གནང་ཟེར་ སློབ་དཔོན་དབུ་འཛིན་ལུ་
   ཞུ་ཡིག་ཅིག་བྲིས།
   ཞུ་ཡིག་ནང་ལུ་ འོག་གི་གནད་དོན་ཚུ་ ཚུད་དགོ
·       འཁྲབ་སྟོན་ ག་ཅི་གི་སྐོར་ལས་ཨིན་ན།
·       འཁྲབ་སྟོན་འདི་ ག་ཅི་འབད་སྟོནམ་ཨིན་ན།     
·       འགོ་འདྲེན་ག་གིས་ འཐབ་སྟེ་འགྱོ་ནི་ཨིན་ན།
·       སློབ་གྲྭ་ག་ཏེ་ལུ་རང་ འགྱོ་ནི་ཨིན་ན།
·       ཞུ་ཡིག་ཕུལ་བའི་ ཟླ་ཚེས།


ཁ/  ཁྱོད་ར་གཅིག་ཁར་དཔེ་ཆ་ལྷབ་མི་ ནོ་གཅུང་ན་སྟེ་་ཡོདཔ་ལས་ ན་ལུ་བལྟ་མི་ག་ཡང་མེད་པར་ ནོ་གཅུང་གཡུས་ཁ་
    ལུ་ སྐྱེལ་བར་འགྱོ་ནི་ཟེར་ སློབ་དབུ་འཛིན་ལུ་ངལ་གསོའི་ཞུ་ཡིག་ཅིག་བྲིས།
    ཞུ་ཡིག་ནང་ལུ་ འོག་གི་གནད་དོན་ཚུ་ ཚང་དགོ
·       ཞུ་ཡིག་ག་ལུ་ འབྲིཝ་ཨིན་ན? དེ་གི་ཁ་བྱང་དང་ རང་གི་ཁ་བྱང་།
·       ནོ་གཅུང་ན་སྟེ་ ཉིནམ་ག་དེམ་ཅིང་སོང་ཡི་ག
·       ག་ཅི་འབད་ གཡུས་ཁ་ལུ་སྐྱེལ་དགོཔ་ཨིན་ན།
·       ངས་གསོ་ ཉིནམ་ག་དེམ་ཅིག
·       ཕུལ་བའི་ཟླ་ཚེས།

ག/  ཁྱོད་ རང་ལུགས་ཚོགས་ཕྲན་གྱི་ འཐུས་མི་ཨིནམ་བཟོ་སྟེ་ དུས་ཅི་ཁྱོད་ཀྱིས་ སློབ་གྲྭ་ནང་ ཞབས་ཁྲ་འཐེན་ནིའི་
   འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ ཡོད་པའི་སྐོར་ལས་ ཁྱོད་རའི་ཆ་རོགས་གཅིག་ལུ་ གཏང་ཡིག་ཅིག་བྲིས།
   གཏང་ཡིག་ནང་ལུ་ འོག་གི་གནད་དོན་ཚུ་ཚུད་དགོ
  •  ག་གིས་འགོ་འདྲེན་འཐབ་ཅི་ག
  •  འགྲན་བསྡུར་ནང་ ག་གིས་རང་བཅའ་མ་གཏོགས་ཅི་ག
  •  ས་གནས་ག་ཏེ་ལུ་ འགོ་འདྲེན་འཐབ་ཅི།
  •  ཞབས་ཁྲ་འཐེན་མི་ནང་ལས་ སྐད་དྲག་ཤོས་ཀྱི་གསོལ་རས་ ག་གིས་ཐོབ་ཅི་ག
  •  ལས་རིམ་འདི་གིས་ སྤྲོ་བ་དང་ཕན་པ་ ག་དེ་སྦེ་ར་འབྱུང་ཡི་ག
  •  ཕུལ་བའི་ཚེས་གྲངས།





སྡེ་ཚན་ཁ།  སྐད་ཡིག་དང་ཡི་གུའི་སྦྱོར་བ།  [སྐུགས་ ༤༠།]
དྲི་བ་དང་པ།                  ཡིག་རྒྱུགས།                [སྐུགས་ ༡༥།]
བཀོད་རྒྱ། འོག་གི་གཏམ་་རྒྱུད་་འདི་ ལེགས་ཤོམ་འབད་ལྷག་ཞིནམ་ལས་ དྲི་བ་ཚུ་གི་ལན་བྲིས།
༉   ཧེ་མ་གཡུས་ཅི་ནང་ལུ་ རྒྱལཔོ་ཤིང་རྟ་ཆེནམོ་ཟེར་མི་ཅིག་ལུ་ སྲས་གསུམ་ཡོདཔ་མས། སྲས་སྦོམ་ཤོས་དེའི་
མིང་ལུ་སྒྲ་ཆེན་པོ་དང་ བར་མ་དེའི་མིང་ལྷ་ཆེན་པོ ཆུང་ཤོས་དེའི་མིང་སེམས་དཔའ་ཆེན་པོ་ཟེར་བཏགས་ནུག སྲས་
ཆུང་ཤོས་དེ་ ཆུང་ཀུའི་བསྒང་ལས་ར་ མི་དང་སེམས་ཅན་ཚུ་ལུ་ གཞན་དང་མ་འདྲ་བའི་ བྱམས་དང་སྙིང་རྗེ་ཡོདཔ་
ཨིན་པས།
ཚར་ཅིག་ཁོང་སྤུན་ཆ་གསུམ་ ནགས་ཚལ་ནང་ལས་ མས་སངས་ལུ་བྱོནམ་ད་ སྟག་མོ་ལྟོཝ་བཀྱེས་སྦེ་ ཉམ་ཐག་སྟེ་
རང་གི་ཁྱུག་གུ་ཡང་འཐུ་བཟའ་ཚག་ཚ་སྦེ་ སྡོད་མི་ཅིག་དང་ཕྱད་ནུག སྲས་ཆུང་ཤོས་འདི་གིས་ ཕོ་རྒནམ་གཉིས་ལུ་
སེམས་ཅན་འདི་ ག་ཅི་ཟེར་མི་དེ་སྨོ? འདི་གིས་བཞེས་གོ་ ག་ཅི་བཟའཝ་སྨོ? ཟེར་དྲིཝ་ད་ ཕོ་རྒནམ་གཉིས་ཀྱིས་
སེམས་ཅན་འདི་སྟག་ཨིན། བཞེས་གོ་ཤ་བཟའཝ་ཨིན་ ཟེར་སླབ་ནུག
དེ་ལས་ཁོང་སྤུན་གསུམ་ ཐག་རིང་ས་ཅིག་ཁར་ལྷོདཔ་ད་ ཆུང་ཤོས་དེ་གིས་ ཕོ་རྒནམ་གཉིས་ཧེ་མ་བྱོན་ ང་ད་ལྟ་ར་
འཐོན་འོང་ཟེར་སླབ་སྦེ་ ལོག་སོང་སྟེ་ ཁོ་རའི་ཤ་ཟ་བཅུག་ནི་སྦེ་ སྟག་མོའི་སྦོ་ལོགས་ཁར་སྡོད་ནུག སྟག་མོ་འདི་གིས་
ཡང་ སེམས་དཔའ་ཆེན་པོའི་ཤ་ཟ་མ་ཚུགས་པར་སྡོདཔ་ལས་ ཁོ་གིས་རྩང་ཅིག་གིས་ལགཔ་གཅད་དེ་ ཁྲག་བཏོན་ཏེ་
བྱིནམ་ད་ ཁྲག་ལྕེ་གིས་བལྡག་ཅི་ ཁྲག་གི་དྲིམ་གྱིས་སྦེ་ སེམས་པ་ཆེན་པོའི་གཟུགས་ཀྱི་ཤ་ ལྷག་ལུས་མེད་པར་ཟ་ད་
ནུག དེ་ལས་ནོ་ཅུང་འོང་ནི་མེདཔ་ལས་ ཕོ་རྒནམ་གཉིས་བློ་མ་བདེ་བར་ ལོག་བལྟ་བར་སོངམ་ད་ ཤ་མེད་པའི་རུ་ཏོ་
ཁྲག་འཛགས་འཛགསཔ་རྐྱངམ་ཅིག་མཐོང་སྟེ་ རྔུ་ཡི་རང་ལོག་ཁྱིམ་ནང་སོང་ནུག
དེ་ཚེ་བཙུན་མོའི་རྨི་ལམ་ནང་ བྱ་ཕུ་ཀྲུ་གསུམ་རྩེདམོ་རྩེ་སྡོད་སྡོད་བར་ ཆུང་ཤོས་འདི་ བྱ་ལིའུ་ཙི་ཅིག་གིས་ བཟུང་
འབག་འགྱོཝ་མཐོང་སྟེ་ རྒྱལཔོ་ལུ་མི་ལམ་བཤད་དེ་ དེ་འཕྲོས་ལས་འཚོལ་བར་སོང་པའི་ལམ་ཁར་ བུ་སྦོམ་ཤོས་
གཉིས་དང་ཕྱད་དེ་དྲིཝ་ད་ ཁོང་གཉིས་ག་ནི་ཡང་ཞུ་མ་ནུམ་པར་སྡོད་ནུག སྲས་སྦོམ་ཤོས་ཁྱིད་དེ་སྟག་མོ་ཡོད་སར་བལྟ་
བར་སོངམ་ད་ སྲས་ཀྱི་རུ་ཏོ་ཁྲག་རྐྱངམ་ཅིག་མཐོངམ་ལས་ བཙུནམོ་དྲན་མེད་བརྒྱལ་སོང་ནུག བཙུནམོ་དྲན་པ་ལོག་
སྟེ་ སྲས་ཀྱི་རུ་ཏོ་ཕྱག་ལུ་ལེན་ཞིན་ན་ཤུམ་སྟེ་ མྱ་ངན་དཔག་ཏུ་མེདཔ་བྱུང་ནུག
སྲས་ཚེ་འཕོས་ཏེ་ ལྷའི་གཡུས་ཁར་སྐྱེས་ཡོདཔ་ལས་ ལྷའི་མངོན་ཤེས་ཀྱིས་གཟིགསཔ་ད་ ཁོ་ཤི་བའི་རུ་ཏོ་ལུ་ ཡབ་
ཡུམ་དང་གཉེན་བཤེས་ཚུ་གིས་བསྐོར་ཏེ་ མྱ་ངན་འབདཝ་གཟིགས་ནུག དེ་ལས་སྲས་ཀྱིས་ གནམ་མཁའ་ལས་ ཕམ་
གཉིས་མྱ་ངནམཛད་མི་དགོ ང་སེམས་ཅན་ལུ་བྱམས་དང་སྙིང་རྗེ་བསྒོམས་ཏེ་ སྦྱིན་པ་བཏང་པའི་འབྲས་བུ་གིས་ ལྷ་
ཡུལ་ལུ་སྐྱེས་ཏེ་ཡོད་ཟེར་སླབ་ད་ ཁྱོད་ག་སྨོ་ཟེར་དྲིས་ནུག གནམ་མཁའ་ལས་ ང་ཁྱོད་རའི་བུ་ སེམས་དཔའ་ཆེན་པོ་
ཨིན་ཟེར་སླབ་ལས་ ཡུམ་གྱིས་ ཁྱོད་སེམས་ཅན་ལུ་སྙིང་རྗེ་བསྒོམ་ནི་གི་དོན་ལུ་ ང་བཅས་ཕམ་གཉིས་ལུ་ དེ་ཚུན་ཚོད་
ཀྱི་སྡུག་བསྔལ་བྱིནམ་ཨིན་ན་ཟེར་གསུངསམ་ད་ རྒྱས་སྲས་ཀྱིས་ ཁྱེད་ཀྱིས་དེ་སྦེ་མ་གསུངས་ ང་གིས་སྤྱིར་སེམས་ཅན་
གྱི་དོན་དང་ ལྷག་པར་དུ་ཁྱེད་ཡབ་ཡུམ་གཉིས་ཀྱི་དྲིན་ལན་ཡང སྙིང་རྗེ་གིས་འཇལཝ་ཨིན་ཟེར་གསུངས་ནུག
ད་ ཡབ་ཡུམ་བཅས་པའི་འབངས་འཁོར་ཚུ་ དགེ་བ་ལུ་བརྩོན་ཏེ་ སྡུག་བསྔལ་རྩ་ལས་མེད་པར་བདེ་བ་སྡོད་ནིའི་དོན་ལུ
དམ་པའི་ཆོས་མཛད་གནང་ དམཔའི་ཆོས་འདི་ བྱམས་པ་དང་སྙིང་རྗེ་ལས་ ལོགས་སུ་མེད་ཟེར་ཞལ་བཀོད་གནང་ནི་
དང་གཅིག་ཁར་ ཡབ་ཡུམ་གཉིས་ལུ་བཤགས་བྱང་ཕུལ་ནུག་གོ།             །། 
ཀ/ འོག་གི་ དྲི་བ་ཚུ་གི་ལན་ ལྟག་གི་ཡིག་རྒྱུགས་ནང་ལས་འཚོལ་ཏེ་ ཐུང་སུ་འབད་བྲིས།  (༢X=༦)
 ༡/  རྒྱལ་སྲས་ཅུང་ཤོས་འདི་གི་ མི་སེམས་པ་ཆེན་པོ་ཟེར་སླབ་མི་ ག་ཅི་འབད་ཨིན་ན?
 ༢/ རྒྱལ་སྲས་གསུམ་ག་ཏེ་བྱོནམ་ད་ ག་ཅི་དང་ཕྱད་ནུག?
 ༣/ ཡུམ་གྱི་རྨི་ལམ་ནང་ བྱ་ཕུ་ཀྲུ་གསུམ་རྩེ་སྡོདཔ་ད་ ཆུང་ཤོས་འདི་ བྱ་ལིའུ་ཙི་གིས་བཟུང་འབག་མི་ ག་ཅི་གི་
རྟགས་མཚན་ཨིན་མས་གོ?
ཁ/ འོག་གི་ མིང་ཚིག་ཚུ་གི་ བརྗོད་ཚིག་བཟོ། འདི་འབདཝ་ད་ ཡིག་རྒྱུགས་ནང་ལས་ འབྲི་མི་ཆོག
  (༡X=༥)
༡/ བཏགས།  ༢/ གཞན་དང་མ་འདྲཝ།   ༣/ ཐག་རིང་ས།  ༤/ བློ་མ་བདེ།   ༥/  དེ་འཕྲོས་ལས།
ག/ འོག་གི་ མིང་ཚིག་ཚུ་ཕལ་སྐད་ནང་ཡོད་མིའི་ཞེ་ས་ ཡིག་རྒྱུགས་ནང་ལས་ འཚོལ་ཏེ་བྲིས། (༡ X༤=༤)
 ༡/  ཨ་ལོ།   ༢/  འགྱོ།   ༣/   བལྟཝ་ད།    ༤/   ལོང་།
        དྲི་བ་གཉིས་པ།         ཡི་གུའི་སྦྱོར་བ།      [སྐུགས་ ༢༥]
ཀ/ ལན་གདམ་ཁ་ཅན་གྱི་དྲི་བ།                            (སྐུགས་ ༡X=
)
བཀོད་རྒྱ། དྲི་བའི་ཨང་ འདྲ་བཤུས་རྐྱབ་ཞིན་ན་ འོག་གི་དྲི་བ་རེ་ལུ་ ལན་ ཀ་ཁ་ག་ང་ འབད་ ༤ རེ་ཡོད་ས་
     ལས་ ལན་ངོ་མ་ག་ཨིན་མི་འདི་ གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་ལུ་བྲིས།
༡/ མིང་ཟེར་མི་འདི་
ཀ་   མི་གི་མིང་ལུ་སླབ་ཨིན།
   ཁ་   ཅ་ལ་གི་མིང་ལུ་སླབ་་ཨིན།
    ག་   དོན་གྱི་ངོ་བོ་ཙམ་སྟོན་མི་ལུ་སླབ་ཨིན།
    ང་   མིང་གི་ཁྱད་པར་སྟོན་མི་ལུ་སླབ་ཨིན།
༢/ ད་སྒྲའི་འཇུག་ཡུལ་       
     ཀ་   བཞི་ཡོད།
     ཁ་   དྲུག་ཡོད།    
     ག་   གསུམ་ཡོད།    
     ང་   གཉིས་ཡོད།     
༣/   ལོ་ན་རྒསཔ་ ད་ ཆོས་འབད། ཟེར་མི་འདི་
     ཀ  རྒྱུ་འབྲས་སྟོན་པ་ཨིན།                                                                      
     ཁ་  དུས་སྟོན་པ་ཨིན།                                            
     ག་  རྒྱུ་མཚན་ལུ་འཇུག་པ་ཨིན།
     ང་  བསྐུལ་ཚིག་ལུ་འཇུག་པ་ཨིན། 
 ༤/  བརྗོད་མཚམས་ཟེར་མི་འདི་
     ཀ་   སླབ་དགོ་མི་ ཚིག་ཚུ་གི་བར་ན་ མཚམས་བཞག་མི་ལུ་སླབ་ཨིན།
     ཁ་   དོན་དག་དང་འཁྲིལ་ཏེ་ མཚམས་བཞག་མི་ལུ་སླབ་ཨིན།
     ག་   དོན་དག་ཡོད་མི་ བརྗོད་པ་རེ་རྫོགསཔ་ད་ མཚམས་བཞག་མི་ལུ་སླབ་ཨིན།
     ང་   དོན་ཚན་མ་འདྲཝ་རེ་རྫོགསཔ་ད་ མཚམས་བཞག་མི་ལུ་སླབ་ཨིན།
 ༥/  ཚིག་མཚམས་དང་ བརྗོད་མཚམས་ བཞག་ཐངས་ཤེས་པ་ཅིན་
     ཀ་    ཕྲད་དང་རྣམ་དབྱེ་ཤེ་ནི་ལུ་ ཕན་ཐོགས།
     ཁ་    མིང་དང་ ཚིག་ཤེས་ནི་ལུ་ ཕན་ཐོགས་འོང་།           
     ག་    སྡེབ་དང་ སྦྱོར་བ་ཤེས་ནི་ལུ་ ཕན་ཐོགས་འོང་།
     ང་    ལྷག་ངོ་བདེ་ནི་དང་ གོ་བ་ལེན་ནི་ལུ་ ཕན་ཐོགས་འོང་།             
ཁ/ ལན་ཐུང་ཀུའི་དྲི་བ།                     (སྐུགས་ ༢༠)
བཀོད་རྒྱ།  འོག་གི་ དྲི་བ་དང་འཁྲིལ་ཏེ་ ལན་བྲིས།    
༡.  མིང་ ཨྱོན་ ཟེར་བསྡུས་པ་སྦེ་ཡོད་མི་འདི་ མ་བསྡུས་པ་ནང་བྲིས། (༢)
༢. བརྗོད་པ་རྐྱང་དང་ བརྗོད་པ་ཆ་ཚང་བའི་ཁྱད་པར་བྲིས། (༤)
༣. ད་སྒྲ་ རྒྱུ་མཚན་སྟོན་པའི་ དཔེར་བརྗོད་ ༢ བྲིས། (༤)
༤.  གཅིག་ཚིག་དང་ མང་ཚིག་གི་ཁྱད་པར་ ག་དེ་སྦེ་ཡོད? དཔེ་རེ་བྲིས། (༢)
༥.  བྱ་ཚིག་ བརྡུངས་ བརྡུང་ རྡུང་ གསུམ་ དུས་གསུམ་ལུ་ཕྱེ་སྟེ་ བྲིས།(༣)
༦.  རྫོང་ཁ་ནང་ ཚིག་འབྲུ་མངམ་ ག་ཅི་ཚུན་ ལད་ལེན་འཐབ་སྨོ? (༢)
༧.  ཁྱོད་ར་དགའ་བའི་ ཆ་རོགས་གཅིག་གི་སྐོར་ལས་ ཤོ་ལོ་ཀ་གཅིག་རྩོམ་རྐྱབ། (༣)
བཀྲ་ཤིས་བདེ་ལེགས།


Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

English II cl 8 (Annual Exam 2014)

SARPANG LOWER SECONDARY SCHOOL SARPANG: BHUTAN ANNUAl EXAMINATION 2014                                                                 English II                                                                                        ...