Skip to main content

Class V/AE-Dzongkha-2017


རྫོང་ཁག་ཤེས་རིག་སྡེ་ཚན།
གསར༌སྤང༌རིག༌རྩལ༌ལྕོགས༌གྲུབ༌དབྱེ༌ཞིབ༌ཀྱི༌ཆོས༌རྒྱུགས།
སྤྱི་ལོ་༢༠༡༧།

ཆོས་ཚན་རྫོང་ཁ།       སྐུགས་བསྡོམས་༡༠༠།
སློབ༌རིམ༌ལྔ༌པ།དུས་ཡུན་ཆུ་ཚོད་༢།

འོག་ལུ་བཀོད་དེ་ཡོད་མི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག།
- འབྲི་ནི་འགོ་མ་བཙུགས་པའི་ཧེ་མར་སྐར་མ་༡༥གི་རིང་ལུ་དྲི་ཤོག་འདི་ལེགས་ཤོམ་འབད་ལྷག་སྟེ་བལྟ།ལྷག་ཚར་བའི་ཤུལ་
ལས་འབྲི་ནི་གི་དོན་ལུ་ཆུ་ཚོད་༢ཐོབ།
- འབྲི་དགོ་པའི་དྲི་བའི་ལན་ཚུ་ག་ར་ལན་ཤོག་ནང་ལུ་ཧིང་སངས་ས་འབད་འབྲི་དགོ།
-དྲི་ཤོག་འདི་ནང་ལུ་དྲི་བ་སྡེ་ཚན་ཀ་ཁ་ག་ང་བཞི་འབད་ཡོད།དེ་ནང་ལས་སྡེ་ཚན་ཀ་དང་ཁ་གི་ལན་ག་ར་ཨིན་ཅི་མིན་ཅི་
འབྲི་དགོཔ་ཨིན།
- སྡེ་ཚན་ག་ལུ་ནང་གསེས་སྲུང་ཐུང་ཀུ་དང་ འབྲི་རྩོམ་སྙན་རྩོམ་འབད་གསུམ་ཡོད།སྡེ་ཚན་རེ་ལུ་དྲི་བ་ཚན་༡པ་དངའབད་
ཡོད།ཚན་༡པའི་ནང་ལུ་དྲི་བ་དང་པ་ཀ་དང་ཁ་འབད་ཡོད།ཚན་གཉིས་པའི་ནང་དྲི་བ་ལས་ཚུན་ཡོད།ཚན་གཉིས་རེ་ཡོད་
མི་ནང་ལས་ག་འབད་རུང་ཚན་རེ་གདམ་ཁ་རྐྱབ་སྟེ་བྲིས།
- ཁྱོད་ཀྱིས་དྲི་བ་ཚན་བསྡོམས་གསུམ་གྱི་ལན་འབྲི་དགོ།དེ་འབདཝ་ད་སྡེ་ཚན་གསུམ་ག་འབད་རུང་ཅིག་ནང་ལས་དྲི་བ་ཚན་
གཉིས་པ་༡ཨིན་ཅི་མིན་ཅི་གདམ་ཁ་རྐྱབ་སྟེ་ལན་འབྲི་དགོ།
- སྡེ་ཚན་རེ་རེའི་ནང་ཡོད་པའི་དྲི་བ་ཚན་༢ཆ་ར་གདམ་ཁ་རྐྱབ་མི་ཆོག།
- སྡེ་ཚན་དང་འཁྲིལ་བའི་དྲི་བ་ཚན་རེ་རེ་བཞིན་གྱི་དྲི་བའི་བཀོད་རྒྱ་ཁ་གསལ་འབད་བཀོད་དེ་ཡོད་མི་ཚུ་ལེགས་ཤོམ་འབད་
ལྷག་སྟེ་ལན་བྲིས།དེ་མ་ཚད་དྲི་བའི་ཨང་ཚུ་ཀྲིག་ཀྲི་འབད་འབྲི་དགོཔ་ཁག་ཆེ།
- ཆོས་རྒྱུགས་འགོ་བཙུགས་ཞིནམ་ལས་བློ་སླབ་ནི་དང་དྲི་བ་འདྲི་ནི་ཕར་ཚུར་འགྱོ་ནི་ཚུ་འབད་མི་ཆོག།
- ཆོས་རྒྱུགས་ཁང་ནང་ལས་ཕྱི་ཁར་འཐོན་མ་འགྱོ་བའི་ཧེ་མར་དྲི་བ་ག་ར་གི་ལན་ཚུ་ཀྲིག་ཀྲི་འབད་བྲིས་མ་བྲིས་བརྟག་ཞིབ་
འབད་དགོ།
༡༠- དུས་ཚོད་མ་ཚངམ་ལས་དྲི་བའི་ལན་ཚུ་འབྲི་ཚར་བ་ཅིན་ལན་ཤོག་ཁ་བསྡམས་ཞིནམ་ལས་ཁུ་སིམ་སིམ་འབད་སྡོད་དགོ།

དྲན་གསོ།ལན་ཤོག་གུ་ཁྱོད་རའི་མིང་དང་སློབ་རིམ་སྡེ་ཚན་ཚུ་མ་བརྗེད་པར་འབྲི་དགོ།


                                                             

སྡེ་ཚན་ཀ།འབྲི་ནི། སྐུགས་༢༠།

དྲི་བ་དང་པ།                  འབྲི་རྩོམ།      སྐུགས་༢༠།
བཀོད་རྒྱཿ འོག་ལུ་འབྲི་རྩོམ་གྱི་དོན་ཚན་གཉིས་ཡོད་ས་ལས་གཅིག་གདམ་ཁ་རྐྱབ་སྟེ་བྲིས།
༡༽སློབ་དཔོན་འདི་ང་བཅས་ལུ་བཀའ་དྲིན་ཆེ་ཤོས་ཅིག་ཨིན་ཟེར་བའི་དོན་ཚན་གུ་གསལ་བཤད་ཚིག་འབྲུ ༡༥༠ ལས ༢༠༠ གི་
བར་ན་བྲིས།
༢༽སློབ་གྲྭ་འདི་དགའ་ཏོག་ཏོ་དང་བྱ་ཆི་ཆི་ཡོད་པའི་སྐོར་ལས་འགྲེལ་བཤད་འབྲི་རྩོམ་ཚིག་འབྲུ ༡༥༠ ལས་༢༠༠ འབད་མི་
ཅིག༌བྲིས།

དྲི་བ་གཉིས་པ༽  ཡིག་འགྲུལ།སྐུགས་༡༠།
བཀོད་རྒྱཿ འོག་ལུ་གཏང་ཡིག་གི་དྲི་བ་༢ཡོད་ས་ལས་གཅིག་གདམ་ཁ་རྐྱབ་སྟེ་བྲིས།
༡༽སློབ་སྡེའི་སློབ་དཔོན་ལུ་སློབ་ཁང་ནང་ལྷོད་མི་ཚུགས་པས་ཟེར་ངལ་གསོའི་ཞུ་ཡིག་ཅིག་བྲིས།
ཞུ་ཡིག་ནང་ལུ་འོག་གི་གནད་དོན་ཚུ་ཚང་དགོ།
v ཞུ་ཡིག་ག་ལུ་འབྲིཝ་ཨིན་ན་འདི་གི་ཁ་བྱང་དང་འབྲི་མི་རང་གི་ཁ་བྱང་།
v སློབ་གྲྭ་ནང་ལུ་ལྷོད་མ་ཚུགས་པའི་གནད་དོན་ཁ་གསལ།
v ངལ་གསོའི་ཉིནམ་གྱངས་ཁ།
v ཡི་གུ་བསྐྱལ་བའི་ཟླ་ཚེས།

༢༽ལོ་ཕྱེད་ངལ་གསོའིབསྒང་ ཁྱོད་གཡུས་ཁར་འོང་ནི་དོན་ལུ་ཏི་རུ་སྐྱེལ་གནང་ཟེར་ཕམ་གཉིས་ལུ་ཡི་གུ་ཅིག་བྲིས།
གཏང་ཡིག་ནང་ལུ་འོག་གི་གནད་དོན་ཚུ་ཚང་དགོ།
v གཏང་ཡིག་ག་ལུ་འབྲིཝ་ཨིན་ན་ འདི་གི་ཁ་བྱང་དང་འབྲི་མི་རང་གི་ཁ་བྱང་།
v ཏི་རུ་ག་དེམ་ཅིག་དགོཔ་ཨིན་ན་གྱངས་ཁ།
v ཏི་རུ་ནམ་ལྷོད་དགོ་ག་ཚེས་གྲངས་ཁ་གསལ།
v ཡི་གུ་བསྐྱལ་བའི་ཟླ་ཚེས།







སྡེ་ཚན་ ཁ་།ཡི་གུའི་སྦྱོར་བ།སྐུགས་༢༠།

དྲི༌བ༌གསུམ༌པ།བཀོད༌རྒྱ༌འོག༌གི༌དྲི༌བ༌རེ༌ལུ༌ལན༌ཀ༌ཁ༌ག༌ང༌འབད༌བཞི༌རེ༌བཀོད༌དེ༌ཡོད༌པའི༌ནང༌ལས༌ལན༌ངོ༌མ༌ག༌ཨིན༌མི༌
འདི༌གདམ༌ཁ༌རྐྱབ༌སྟེ༌བྲིས།
ཀ༽གདམ་ཁ་ཅན་གྱི་དྲི་བ།སྐུགས་༡x༡༠=༡༠།

༡༽བསོད་ནམས་ཟེར་མི་འདི་་་་་་་་་་་
ཀ) མིང་ཨིན།                     
ཁ)མིང་ཚབ་ཨིན།
ག) བྱེད་པ་པོ་ཨིན།
ང)མིང་གི་ཁྱད་ཚིག་ཨིན།

༢༽བ་ལས་ཨོམ་ཟེར་བ་ཅིན་་་་་་་་་
) འབྱུང་ཁུང་ཆ་འདྲ་བ་ཨིན།
)འབྱུང་ཁུངས་དངོས་ཨིན།
)འགྲན་སྡུར་ཨིན།
)སྡུད་པའི་སྒྲ་ཨིན།

༣༽མིང་མཐའི་ཡི་གུ་ཟེར་མི་འདི་་་་་་་་་
) པ་པོ་མ་མོ་བོ་ཝ་ཚུ་ལུ་སླབ་ཨིན།
)པ་པོ་མ་མོ་ཝ་ན་ཚུ་ལུ་སླབ་ཨིན།
)ན་ནི་པ་པོ་མ་མོ་ཚུ་ལུ་སླབ་ཨིན།
)ན་ནི་པ་པོ་མ་མོ་བོ་ཝ་ན་ཚུ་ལུ་སླབ་ཨིན།

༤༽མིང་གཞི་གི་ཡི་གུ་ཟེར་མི་འདི་་་་་་་་་་
)དབྱངས་བཞི་ལུ་སླབ་ཨིན།
)སྔོན་འཇུག་ལྔ་ལུ་སླབ་ཨིན།
)གསལ་བྱེད་སུམ་བཅུ་ལུ་སླབ་ཨིན།
)རྗེས་འཇུག་བཅུ་ཐམ་ལུ་སླབ་ཨིན།


༥༽གསལ་བྱེད་སུམ་བཅུ་ནང་ལས་ཝ་འ་ལ་ཧ་ཨ་བཞིཔོ་ལུ་་་་་་་་་
)དབྱངས་བཞི་མི་འཇུག།
)རྗེས་འཇུག་མི་འཇུག།
)ཡང་འཇུག་མི་འཇུག།
)སྔོན་འཇུག་མི་འཇུག།

༦༽ སྔོན་འཇུག་()གིས་ མིང་གཞིའི་ཡི་གུ་༌༌༌༌༌༌༌༌༌༌
) ༡༡ ལུ་འཇུགཔ་ཨིན།
) ༡༦ ལུ་འཇུགཔ་ཨིན།
) ༦ ལུ་འཇུགཔ་ཨིན།
) ༣༠ ལུ་འཇུགཔ་ཨིན།

༧༽ རྗོད་སྒྲ་ངོ་མ་ སྟོན་ཚུགས་པའི་ཡི་གུ་ལུ་༌༌༌༌༌༌༌༌༌༌༌
) དབྱངས་ཟེར་སླབ་ཨིན།
) མིང་གཞི་ཟེར་སླབ་ཨིན།
) གསལ་བྱེད་ཟེར་སླབ་ཨིན།
) མགོ་ཅན་དང་འདོགས་ཅན་ཟེར་སླབ་ཨིན།

༨༽ ཡ་བཏགས་ཀྱི་ཡི་གུ་༌༌༌༌༌༌༌༌༌
) ༧ ཡོད།
) ༦ ཡོད།
) ༡༠ ཡོད།
) ༡༡ ཡོད།

༩༽ ཡང་འཇུག་() གིས་རྗེས་འཇུག་གི་ཡི་གུ་༌༌༌༌༌༌༌༌
) ༡༠ ལུ་འཇུགཔ་ཨིན།
) ག་ང་བ་མ་བཞི་ལུ་འཇུགཔ་ཨིན།
) ད་བ་ས་གསུམ་ལུ་འཇུགཔ་ཨིན།
) ག་ད་བ་མ་འ་ ལྔ་ལུ་འཇུགཔ་ཨིན།


༡༠༽ བྱ་ཚིག་གི་ཚིག་གྲོགས་ དོ་དེས་ གཉིསཔོ་འདི་༌༌༌༌༌༌༌༌༌༌
) དུས་འདས་པ་ལུ་ འཇུགཔ་ཨིན།
) དུས་ད་ལྟ་བ་ལུ་ འཇུགཔ་ཨིན།
) དུས་མ་འོངས་པ་ལུ་ འཇུགཔ་ཨིན།
) དུས་གསུམ་ཆ་ར་ལུ་ འཇུགཔ་ཨིན།

ཁ༽ ལན་ཐུང་ཀུའི་དྲི་བ།                                      སྐུགས་(x=༡༠)
༡༽འབྱུང་ཁུངས་འགྲན་སྡུར་གྱི་དཔེར་བརྗོད་༢བྲིས།
༢༽རྗེས་འཇུག་ཡི་གུ་ག་ཅི་ར་ཨིན་ན? ག་ར་བྲིས།
༣༽ལ༌དོན༌གྱི༌ཕྲད༌༌དང༌ལུ་གཉིས༌བཙུགས༌ཏེ༌དཔེར༌བརྗོད༌རེ༌རེ༌བྲིས།
༤༽ལ༌དོན༌ཟེར༌མི༌འདི༌ག༌ཅི༌སྨོ? གོ༌དོན༌བྲིས།
༥༽བྱ་ཚིག་གི་ཚིག་གྲོགས་ཅི།ཡི།ནུག།དོ།དེས།ནི།འོང།གེ།ཚུ་དུས་གསུམ་ལུ་ཐོབ་ཐངས་ཚུ་ཁྱད་པར་ཕྱེ་སྟེ་བྲིས།


སྡེ་ཚན་ ག།ལྷག་རིག་དང་རྩོམ་རིག།               སྐུགས་༥༠།
དྲི་བ་བཞི་པ།                     སྲུང་དང་གཏམ་བརྒྱུད།སྐུགས་༢༠།
བཀོད་རྒྱཿའོག་གི་སྲུང་གི་དོན་མཚམས་འདི་ལུ་གཞི་བཞག་སྟེ་དྲི་བ་ཚན་དང་པ་དང་གཉིས་པ་འབད་ཡོད་ས་ལས་ཚན་གཅིག་གདམ་ཁ་རྐྱབ་སྟེ་འབྲི་དགོཔ་ཨིན།
་་་་་་་་་་་་་་་་་་་་་ཁོང་གཉིས་གཉེན་རྐྱབ་སྟེལོ་ངོ་མང་རབས་ཅིག་ཡར་སོང་རུང་བར་ན་བུ་གཞིས་ཟེརཝ་མེད་པར་སེམས་ཕམ་སྟེ་སྡོད་སྡོད་བར་་་་་་་་་་་་་་་་་་་་་་་་
དྲི་བ་ཚན་དང་པ།སྐུགས་༢༠།

ཀ༽འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་ཡོད་མི་འདི་གདམ་ཁ་རྐྱབ་སྟེ་ལན་
ཤོག་ནང་ལུ་བྲིས། ( ༡༠=༡༠) 
༡༽གོང་གི་ཡིག་རྒྱུགས་འདི་སྲུང་་་་་་་་་་་
)སྤུན་ཆ་གཉིས་ཀྱི་འཇིགས་སྣང་ནང་ལས་བཏོན་ནུག།
)རྟ་མགྲིན་རྡོ་རྗེ་དང་པདྨ་ཚེ་རིང་གི་ནང་ལས་བཏོན་ནུག།
) མཉམ་འབྲེལ་གྱི་ནང་ལས་བཏོན་ནུག།
)ཕ་དང་བུ་གི་ནང་ལས་བཏོན་ནུག།


༢༽ཁྱི་མེད་ལྷ་ཁང་འདི་་་་་་་་་་་་
)ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་གདན་ས་ཨིན།
)ཆོས་རྗེ་ངག་དབང་ཆོས་རྒྱལ་གྱི་གདན་ས་ཨིན།
)ཆོས་རྗེ་འབྲུག་པ་རིན་པོ་ཆེ་གི་གདན་ས་ཨིན།
)ཆོས་རྗེ་ཐང་མཐོང་རྒྱལ་པོའི་གདན་ས་ཨིན།

༣༽ཨ་ལོ་འདི་རིག་པ་གཞན་དང་མ་འདྲཝ་ཅིག་ཡོདཔ་ཨིནམ་ག་དེ་སྦེ་ཤེས་ཅི?
)ཁོ་གིས་ཨ་རྟག་ར་དཔེ་ཆ་ལྷབ་ནི་འདི་གིས་ཤེས་ཅི།
)ཁོ་གིས་སློབ་རིམ་༡༥པ་མཇུག་བསྡུ་ནི་འདི་གིས་ཤེས་ཅི།
)ཁོ་གིས་ཡི་གུ་ཚུ་ལེགས་ཤོམ་འབད་འབྲི་ལྷག་འབད་ཚུགས་ནི་འདི་གིས་ཤེས་ཅི།
)ཁོ་ཨ་རྟག་ར་ཨང་དང་པ་ཏོན་ཏེ་ར་སློབ་རིམ་༡༢པ་མཐར་བཀལ་ནང་འདི་གིས་ཤེས་ཅི།

༤༽སྲུང་འདི་ནང་ལུ་ཡོད་པའི་ཨ་པ་གི་མིང་་་་་་་་་་་
)ཟླ་ཝ་ཨིན།
) ནོར་བུ་ཨིན།                       
)བཟང་པོ་ཨིན།
)དོན་གྲུབ་ཨིན།

༥༽ཨཔ་འདི་ལོ་ན་རྒས་ཏེ་ལཱ་འབད་ནིའི་བྱ་བ་མ་འོངམ་ཐལཝ་ལས་བུ་གིས་་་་་་་་་
)ཨཔ་འདི་བདའ་བཏང་ནུག།
) ལྟོ་ཟ་མ་བཅུག་པར་བཞག་ནུག།           
)ལཱ་ཁག་ཡོད་པའི་ལཱ་ཚུ་འབད་བཅུག་ནུག།
)ཨཔ་ཁོ་རའི་བློ་འདོད་དང་འཁྲིལ་ཏེ་དགོན་པ་བསྐྱལ་ནུག།

༦༽ ཨམ་འདི་ གཟུགས་མ་བདེཝ་ཆགས་ནུག་ ཟེར་བའི་དོན་དག་འདི་་་་་་་་་་་་་་་་
) ཨམ་འདི་གཟུགས་ན་ནུག་ཟེར་ཨིན་མས།
)ཨམ་འདི་ནད་གཞི་ཐོབ་ནུག་ཟེར་ཨིན་མས།
) ཨམ༌འདི༌ཨ༌ལོ༌ཆགས༌ནུག༌ཟེར༌ཨིན༌མས།
) ཨམ་འདི་ག་ནི་ཡང་མ་འབད་བས་ཟེར་ཨིན་མས།


༧༽ ཨམ་འདི་ཨ་ལོ་སྐྱེས་མ་ཚུགས་པར་་་་་་་་་་་་་
   ) ཁྱི་མེད་ལྷ་ཁང་ནང་འཁྱིད་འགྱོ་ནུག།
   ) གཡུས་ཁར་བཀལ་ད་ནུག།
   )ཚལ་མ་ནང་བཀལ་ད་ནུག།
   )སྨན་ཁང་ནང་བཀལ་ད་ནུག།

༨༽ སྲུང་ནང་གི་ཨཔ་འདི་་་་་་་་་་་་་་་་་་་
   ) སྨན་པ་ཨིན་མས།
   ) སློབ་དཔོན་ཨིན་མས།
   ) འཇིག་རྟེན་པ་ཨིན་མས།
   ) གཞུང་གཡོགཔ་ཨིན་མས།

༩༽ སྲུང་འདི་འབྱུང་ས་་་་་་་་་་་་་་་་་་་་
   ) ཁྲོམ་ཁར་ཨིན་མས།
   ) གཡུས་ཚན་སྦོམ་ཅིག་ནང་ཨིན་མས།
   ) གཡུས་ཚན་ཆུང་ཀུ་ཅིག་ནང་ཨིན་མས།
   ) མཐའ་ཟུར་གྱི་གཡུས་ཚན་ཅིག་ནང་ཨིན་མས།

༡༠༽ མཇུག་ལུ་ཨཔ་འདི་ ཁོ་རའི་བུ་ལུ་བལྟ་སྟེ་་་་་་་་་་་་་་་
   ) སེམས་དགའ་ནུག།
   ) ངལ་རངས་ནུག།
   ) སེམས་ཕམ་ནུག།
   ) སེམས་སྐྱོ་ནུག།
ཁ༽ལན་ཐུང་ཀུའི་དྲི་བ།སྐུགས་༥x=༡༠།
༡༽ཨའི་གིས་བུ་གསར་རིསམོ་གཅིག་སྐྱེ་རུང་ཨ་པ་འདི་ག་ཅི་འབད་སེམས་སྐྱོ་བའི་ངང་ལུ་སྡོདཔ་ཨིན་ན?
༢༽སྲུང་འདི་གི་བཅུད་དོན་ག་ཅི་ཨིན་མས?
༣༽སྲུང་ནང་གི་བུ་འདི་ཁྱོད་ཨིན་པ་ཅིན་ཁྱོད་ཀྱིས་ཨ་པ་ལུ་ག་དེ་སྦེ་འབད་འོང་?
༤༽སྲུང་འདི་ནང་ལུ་ཡོད་པའི་གཡུས་ཀྱི་མིང་ག་ཅི་ཟེར་སླབ་སྨོ?
༥༽སྲུང་འདི་ནང་ལུ་སྲུང་རྩེདཔ་ག་དང་ག་ར་འདུག་དགོ?


དྲི་བ་ཚན་གཉིས་པ།སྐུགས་༢༠།
བཀོད༌རྒྱ༌འོག་གི་དྲི་བ་ཚུ་གི་ལན་བཀོད་རྒྱ་དང་འཁྲིལ་ཏེ་རིང་སུ་འབད་བྲིས།
༡༽ ཁྱོད་ཀྱིས་ཁྱོད་རའི་ཕམ་ལུ་ དྲིན་ལན་ག་དེ་སྦེ་འཇལ་ནི་སྨོ? བསམ་འཆར་བྲིས།(༡༠)
༢༽ ཕ་རྒས་པ་མནོ་བུ་གསོ།ཟེར༌བའི༌དོན༌དག༌ག༌ཅི༌སྨོ?བཤད༌པ༌རྐྱབ༌སྟེ༌བྲིས།                    (༡༠)

དྲི་བ་ལྔ་པ།འབྲི༌རྩོམ།སྐུགས་༢༠།
བཀོད་རྒྱཿའོག་གི་འབྲི༌རྩོམ༌འདི་ལྷག༌ཞིནམ༌ལས༌དྲི་བ་ཚན་དང་པ་དང་གཉིས་པ་འབད་ཡོད་ས་ལས་ཚན་གཅིག་གདམ་ཁ་
རྐྱབ་སྟེ་ལན༌འབྲི་དགོཔ་ཨིན།
༉མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་འམ་འབྲུག་པ་རིན་པོ་ཆེ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་
སྤྲུལ་པ་ཨིན་པའི་ཁར་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཡང་ལུང་བསྟན་གནང་དོ་བཟུམ་སྤྱི་ལོ་༡༦༡༦ལུ་ང་བཅས་རའི་འབྲུག་རྒྱལ་ཁབ༌འདི་ནང་བྱོན་ཏེ་རྫོང་གཞིས་མང་རབས་བཞེངས་གནང་པའི་གྱལ་ལས་དང་པ་སེམས་རྟོགས་ཁ་རྫོང་འདི་སྤྱི་ལོ་༡༦༢༩ལུ་བཞེངས་ཏེ་མིང་ཡང་གསང་སྔགས་ཟབ་དོན་ཕོ་བྲང་ཟེར་མཚན་གསོལ་གནང་ནུག།དེ་ལས་སྤུ་ན་ཁ་རྫོང་འདི་ཡང་སྤྱི་ལོ་༡༦༣༧ལུ་བཞེངས་ཞིནམ་ལས་མིང་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ཟེར་བཏགས་པའི་ཁར་རིམ་པ༌བཞིན་དུ་དབང་འདུས་ཕོ་བྲང་རྫོང་ཐིམ་ཕུ་རྡོ་སྔོན་རྫོང་སྤ་རོ་རིན་སྤུངས་རྫོང་ཚུ་བཞེངས་ཞིནམ་ལས་བཀའ་བརྒྱུད་ཀྱི་ཆོས་འདི་དར་ཁྱབ་སོང་ནུག།
དེ་ལས་ཚུར་ང་བཅས་རྒྱལ་ཁབ་ནང་ལུ་ཧེ་མ་ཁྲིམས་མེད་མི་ལུ་ཁྲིམས་བཙུགས་ཆོས་མེད་ས་ལུ་ཆོས་སྤེལ་ཏེ་རྒྱལ་ཁབ་ནང་ཕྱག་ལཱ་ལེ་ཤ་མཛད་དེ་རྒྱལ་ཁབ་འདི་རང་དབང་རང་བཙན་འབད་བཞག་པའི་ཁར་རྒྱལ་སྲིད་དང་ཆོས་སྲིད་གཉིས་ཀྱི་བསྟན་པ་འགོ་བཙུགས་ཏེ་རྒྱལ་ཁབ་ནང་ལུ་དགའ་བ་དང་སྐྱིད་པ་ཚུ་ཆད་ནི་མེད་པར་བྱུང་ནུག།
དེ་ལས་བརྟེན་ད་རེས་ནངས་པར་ང་བཅས་འབྲུག་པའི་མི་སེར་ཚུ་འབྲུག་རྒྱལ་ཁབ་ནང་ལུ་སྡོད་ཆོག་ཆོ་དང་བཟའ་ཆོག་ཆོ་ཡོད་མི་འདི་ཞབས་དྲུང་རིན་པོ་ཆེ་གི་བཀའ་དྲིན་ཨིནམ་ལས་ང་བཅས་ཚུ་གིས་ནམ༌ར་འབདརུང༌ཞབས་དྲུང་རིན་པོ་ཆེ་འདི་སེམས་ཁ༌ལས་རྩ་ལས་བརྗེད་ནི་མི་འོང་ཟེར་ཞུ་ནི་ཨིན་ནོ།།

དྲི་བ་ཚན་དང་པ།སྐུགས་༢༠།
ཀ༽འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་ཡོད་མི་འདི་གདམ་ཁ་རྐྱབ་སྟེ་ལན་
ཤོག་ནང་ལུ་བྲིས།(x༡༠=༡༠)
༡༽འབྲུག་པ་རིན་པོ་ཆེ་ཟེ་མི་འདི་་་་་་་་་་་
)སྤྱན་རས་གཟིགས་ལུ་ཞུཝ་ཨིན།
)ཨྱོན་གུ་རུ་རིན་པོ་ཆེ་ལུ་ཞུཝ་ཨིན།
)ཁོང་གསུམ་ཆ་རང་ལུ་ཞུཝ་ཨིན།
) ཞབས་དྲུང་ངག་དབང་རྣམ་རྒྱལ་ལུ་ཞུཝ་ཨིན།


༢༽ཞབས་དྲུང་འབྲུག་ལུ་འབྱོན་དགོ་པའི་ལུང་བསྟན་གནང་མི་་་་་་་་
)སྤྱན་རས་གཟིགས་ཨིན།
)ཞབས་དྲུང་ཁོ་རང་ཨིན།
)ཨྱོན་གུ་རུ་རིན་པོ་ཆེ་ཨིན།
)མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཨིན།

༣༽འབྲུག་རྒྱལ་ཁབ་ནང་བཀའ་བརྒྱུད་ཀྱི་ཆོས་ལུགས་དར་ཁྱབ་མཛད་གནང་མི་འདི་་་་་་་་་་་་་་་་
)ཨྱོན་གུ་རུ་རིན་པོ་ཆེ་ཨིན།
)འབྲུག་པ་རིན་པོ་ཆེ་ཨིན།
)སྤྱན་རས་གཟིགས་ཨིན།
)རྗེ་མཁན་པོ་ཨིན།

༤༽གསང་སྔགས་ཟབ་དོན་ཕོ་བྲང་ཟེར་མི་འདི་་་་་་་་་་་་་་་
)སེམས་རྟོགས་ཁ་རྫོང་ལུ་སླབ་ཨིན།
)ཐིམ་ཕུ་རྡོ་སྔོན་རྫོང་ལུ་སླབ་ཨིན།
)སྤ་རོ་རིན་སྤུངས་རྫོང་ལུ་སླབ་ཨིན།
) སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལུ་སླབ་ཨིན།

༥༽ད་ལྟོ་ང་བཅས་རའི་རྒྱལ་ཁབ་འདི་རང་དབང་རང་བཙན་འབད་ཡོད་མི་འདི་་་་་་་་་་་་་་་་་་་་་་
)བློན་པོ་ཚུ་གི་བཀའ་དྲིན་ཨིན།
) ཨྱོན་གུ་རུ་རིན་པོ་ཆེའི་བཀའ་དྲིན་ཨིན།
) མངའ་བདག་རྒྱལ་པོའི་བཀའ་དྲིན་ཨིན།        
) མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ཨིན།

༦༽ ཞབས་དྲུང་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ རྫོང་གཞི་མང་རབ་ཅིག་ བཞེངས་གནངམ་ལས་་་་་་་་་་་་་
) མི་རློབས་ཡར་རྒྱས་འགྱོ་ནུག
)འབྲུག་མི་ཚུ་སེམས་དགའ་ནུག
) ཞབས་དྲུང་ཁོ་ར་ཐུགས་དགྱེས་ནུག
) བཀའ་བརྒྱུད་ཀྱི་ཆོས་འདི་དར་ཁྱབ་སོང་ནུག


༧༽ སྤྱི་ལོ་༡༦༡༦གི་ལོ་ལུ་ འབྲུག་ལུ་འབྱོན་མི་འདི་་་་་་་་་་་་་་་་་་་
) ཆོས་ཀྱི་རྒྱལ་པོ་ཨིན།
) གུ་རུ་རིན་པོ་ཆེ་ཨིན།
) མངའ་བདག་རྒྱལ་པོ་ཨིན།
) འཕགས་པ་སྤྱན་རས་གཟིགས་ཨིན།

༨༽ དར་ཁྱབ་ ཟེར་བའི་མིང་ཚིག་གི་མིང་གི་རྣམ་གྲངས་འདི་་་་་་་་་་་་་་་་་་་
)གོང་འཕེལ་ཟེར་སླབ་ཨིན།
) མར་ཉམས་ཟེར་སླབ་ཨིན།
)ཡར་རྒྱས་ཟེར་སླབ་ཨིན།
) མར་རྒྱས་ཟེར་སླབ་ཨིན།

༩༽ འབྲུག་རྒྱལ་ཁབ་ནང་ལུ་ ཞབས་དྲུང་རིན་པོ་ཆེ་གིས་ རྫོང་གཞི་དང་པ་་་་་་་་་་་་་་་་་་
) སྤ་རོ་རིན་སྤུངས་རྫོང་བཞེངས་ནུག།
)སེམས་རྟོགས་ཁ་རྫོང་འདི་བཞེངས་ནུག། 
)ཐིམ་ཕུ་རྡོ་སྔོན་རྫོང་འདི་བཞེངས་ནུག།
)སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་བཞེངས་ནུག།

༡༠༽ མང་རབས་ ཟེར་བའི་མིང་ཚིག་གི་མིང་གི་རྣམ་གྲངས་འདི་་་་་་་་་་་་་་་་་་་་
) མང་ཉུང་ཟེར་སླབ་ཨིན།
) ཉུང་ཤོས་ཟེར་སླབ་ཨིན།
) ལེ་ཤ་ཟེར་སླབ་ཨིན།
) སྦོམ་ཟེར་སླབ་ཨིན།

དྲི་བ་ལྔ་པ་ཁ།                    ལན་ཐུང་ཀུའི་དྲི་བ།སྐུགས་༥x=༡༠།
༡༽སྤུ༌ན༌ཁ༌རྫོང༌ལུ༌ཧེ༌མ༌མིང༌ག༌དེ༌འབད༌བཏགས༌ནུག?
༢༽ང༌བཅས༌ཚུ༌གིས༌ག༌འདི༌སེམས༌ལས༌བརྗེད༌ནི༌མི༌འོང༌དགོ?
༣༽འབྲུག༌མི༌ཚུ༌བཟའ༌ཆོག༌ཆོ༌དང༌སྡོད༌ཆོག༌ཆོ༌ཡོད༌མི༌འདི༌ག༌གི༌བཀའ༌དྲིན༌སྨོ?
༤༽ཞབས༌དྲུང༌ག༌གི༌སྤྲུལ༌པ༌སྨོ?
༥༽འབྲུག༌རྒྱལ༌ཁབ༌ནང༌ཞབས༌དྲུང༌ནམ༌བྱོན༌ནུག?

དྲི་བ་ཚན་གཉིས་པ།སྐུགས་༢༠།
བཀོད་རྒྱཿ འོག་གི་དྲི་བ་ཚུ་གི་ལན་བཀོད་རྒྱ་དང་འཁྲིལ་ཏེ་ལན༌རིང་སུ་འབད་བྲིས།
༡༽ཞབས༌དྲུང༌གི༌སྐོར༌ལས༌བཅུད༌བསྡུ༌སྟེ༌བྲིས།()
༢༽ཞབས༌དྲུང༌གིས༌ཕྱག༌ལཱ༌ག༌ཅི༌རང༌མཛད༌ནུག?ངོས༌འཛིན༌འབད༌དེ༌བྲིས།()
༣༽ང༌བཅས༌རའི༌འབྲུག༌རྒྱལ༌ཁབ༌འདི༌དགའ༌ཏོག༌ཏོ༌དང༌སྐྱིད༌ཏོང༌ཏོ༌ཡོད༌པའི༌སྐོར༌ལས༌བཤད༌པ༌རྐྱབ༌སྟེ༌བྲིས།(༡༠)

དྲི་བ་དྲུག་པ།                    སྙན་རྩོམ།                 སྐུགས་༡༠།
བཀོད་རྒྱཿའོག་གི་སྙན༌རྩོམ་འདི་ལུ་གཞི་བཞག་སྟེ་དྲི་བ་ཚན་དང་པ་དང་གཉིས་པ་འབད་ཡོད་ས་ལས་ཚན་གཅིག་གདམ་ཁ་
རྐྱབ་སྟེ་འབྲི་དགོཔ་ཨིན།
            ཆུང་ཚེ་རྐང་ཐང་དྲངས་སྟེ་སློབ་གྲྭ་བཙུགས་མི་ཕ་མ།།
ཕྱི་ནང་གཉིས་ཀྱི་ཡོན་ཏན་གནང་མི་སློབ་དཔོན་བཀའ་དྲིན།།
སློབ་སྦྱོང་སྐབས་ཀྱི་མཐུན་རྐྱེན་ཆ་ཚང་གནང་མི་གཞུང་ཞབས།།
དེ་གསུམ་སློབ་ཕྲུག་རང་གི་བཀའ་དྲིན་ཅན་གྱི་ཕམ་ཨིན།།

དྲི༌བ༌ཚན༌དང༌པ།སྐུགས༌༡༠།
ཀ༽འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་ཡོད་མི་འདི་གདམ་ཁ་རྐྱབ་སྟེ་ལན་
ཤོག་ནང་ལུ་བྲིས།(x=)
༡༽ཆུང་ཚེ་རྐང་ཐང་དྲངས་མི༌འདི་་་་་་་་་་་་་་
) གཞུང་ཞབས་ཨིན།                          
)སློབ་དཔོན་ཨིན།
)ཆ་རོགས་ཨིན།
) ཕ་མ་ཨིན།

༢༽སློབ་ཕྲུག་ཚུ་ལུ་བཀའ་དྲིན་ཆེ་ཤོས་གསུམ་ག་ཅི་སྨོ?
)དཔོན་བླ་མ་སློབ་དཔོན།
) ཕ་མ་སློབ་དཔོན་གཞུང་།                       
)ཕ་མ་སློབ་དཔོན་སློབ་ཕྲུག།
)གཞུང་སློབ་ཕྲུག་སློབ་དཔོན།



༣༽ཕྱི་ནང་གཉིས་ཀྱི་ཡོན་ཏན་གནང་མི་་་་་་་་་་
)ཕ་མ་ཨིན།
) དཔོན་ཨིན།
) སློབ་དཔོན་ཨིན།                           
)གཞུང་ཞབས་ཨིན།

༤༽གོང་གི་སྙན་རྩོམ་འདི་་་་་་་་་་་་
)ལྷུག་པ་ནང་ཨིན་མས།
)སྤེལ་མ་ནང་ཨིན་མས།
) ཚིག་བཅད་ནང་ཨིན་མས།                       
)གསུམ་ཆ་ར་ནང་ཨིན་མས།

༥༽སློབ་སྦྱོང་སྐབས་ཀྱི་མཐུན་རྐྱེན་ཆ་ཚང་གནང་མི་་་་་་་་་་་་་
) ཕ་མ་ཨིན་མས།
)སློབ་དཔོན་ཨིན་མས།
)གཞུང་ཞབས་ཨིན་མས།
) ཕམ་དང་སློབ་དཔོན་གཉིས་ཨིན།                    
ཁ༽ལན༌ཐུང༌ཀུའི༌དྲི༌བ།སྐུགས་༥།
༡༽ཁྱོད་ཀྱིས་ཁྱོད་རའི་ཕམ་འདི་ཁག་ཆེཝ་ཨིནམ་ག་དེ་སྦེ་ཤེས་ཅི?()
༢༽ཁྱོད་ཀྱིས་འབད་བ་ཅིན་ཕམ་དང་སློབ་དཔོན་གཉིས་ལས་བཀའ་དྲིན་ཆེ་ཤོས་ག་འོང་ནི་མས?()

དྲི༌བ༌ཚན༌གཉིས༌པ།སྐུགས༌༡༠།
བཀོད་རྒྱཿ འོག་གི་དྲི་བ་ཚུ་གི་ལན་བཀོད་རྒྱ་དང་འཁྲིལ་ཏེ་ལན༌རིང་སུ་འབད་བྲིས།
༡༽ འོག༌གི༌ཚིགས༌རྐང༌གཉིས༌ཡོད༌མི༌འདི༌འགྲེལ༌བཤད༌རྐྱབ༌སྟེ༌བྲིས།()
ཆུང་ཚེ་རྐང་ཐང་དྲངས་སྟེ་སློབ་གྲྭ་བཙུགས་མི་ཕ་མ།།
ཕྱི་ནང་གཉིས་ཀྱི་ཡོན་ཏན་གནང་མི་སློབ་དཔོན་བཀའ་དྲིན།།
༢༽ ཁྱོད་ཀྱིས་གསར་རྩོམ་ཐོག་ལས་ རྩང་མོ་ཤོ་ལོ་ཀ་གཅིག་བྲིས།()

བཀྲ་ཤིས་བདེ་ལེགས།།

Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...