Skip to main content

Class VII/AE-DzoI-2017



རྫོང༌ཁག༌ཤེས༌རིག༌སྡེ༌ཚན།
གསར༌སྤང༌རིག༌རྩལ༌ལྕོགས༌གྲུབ༌དབྱེ༌ཞིབ༌ཀྱི༌ལོ་འཁོར་ཆོས་རྒྱུགས།
གསར༌སྤང༌།
སློབ་རིམ་བདུན་པ།          དུས༌ཡུན༌ཆུ༌ཚོད༌༢།
འོག་གི་བཀོད་རྒྱ་ཚུ་ལེགས་ཤོམ་སྦེ་ལྷག་སྟེ་བལྟ།
༡འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་སྐར་མ་༡༥གི་རིང་ལུ་དྲི་ཤོག་འདི་ལེགས་ཤོམ་སྦེ་ལྷག་སྟེ་བལྟ།ལྷག་ཚར་བའི་ཤུལ་
ལས་འབྲི་ནི་གི་དོན་ལུ་དུས་ཡུན་ཆུ་ཚོད་༢ཡོད།
༢དྲི་ཤོག་འདི་ནང་དྲི་བ་སྡེ་ཚན་ཁག་གཉིས་འབད་ཡོད།སྡེ་ཚན་ () འབྲི་ནིའི་རིག་རྩལ།སྡེ་ཚན་() སྐད་ཡིག་དང་ཡི་གུའི་སྦྱོར་
བ་ཨིན།
༣སྡེ་ཚན་(ཀ་)ལུ་ནང་གསེས་གཉིས་ཡོད།དང་པ་འབྲི་རྩོམ།གཉིས་པ་ཡིག་འགྲུལ་གྱི་དྲི་བ་ཚུ་བཀོད་དེ་ཡོད།
༤སྡེ་ཚན་()ལུ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད།དེ་ཡང་དང་པ་སྐད་ཡིག་དང་གཉིས་པ་ཡི་གུའི་སྦྱོར་བ་ཨིན།
༥སྡེ་ཚན་དང་འཁྲིལ་བའི་དྲི་བ་ནང་གསེས་རེ་རེ་བཞིན་གྱི་དྲི་བའི་བཀོད་རྒྱ་ཁ་གསལ་འབད་བཀོད་ཡོད་མི་ཚུ་ལེགས་ཤོམ་འབད་
ལྷག་སྟེ་ལན་བྲིས།
༦དྲི་བའི་ལན་ཚུ་མགྱོགས་སུ་ཅིག་འབད་བྲིས།དེ་འབདཝ་ད་ཡིག་བཟོ་བཏོན་ཐོག་ལས་ཧིང་སངས་ས་འབད་འབྲི་དགོ།
༧དྲི་ཤོག་འདི་བྱ་ཆི་ཆི་བཟོ་ནིའི་དོན་ལུ་ཚོན་སྨྱུག་གིས་འབྲི་ནི་དེ་ལས་པར་ཚུ་ག་ནི་ཡང་འབྲི་མི་ཆོག
༨ཆོས་རྒྱུགས་ཁང་ནང་ལས་འཐོན་མ་འགྱོ་བའི་ཧེ་མ་དྲི་བ་ག་ར་གི་ལན་བྲིས་མ་འབྲི་དང་ཁྱོད་རའི་མིང་དང་ཨང་རྟགས་ཚུ་བྲིས་
མ་འབྲི་བརྟག་ཞིབ་འབད་དེ་བལྟ།
ཆོས་ཚན་རྫོང་ཁ་དང་པ།           སྐུགས༌བསྡོམས༌༡༠༠།

སྡེ་ཚན་༼ཀ༽སྐུགས།༼༦༠༽
དྲི་བ་དང་པ།                                    འབྲི་རྩོམ།སྐུགས།༼༤༠༽
འོག་གི་དོན་ཚན་༣་ལས་༡་གདམ་ཁ་རྐྱབ་སྟེ་འབྲི་རྩོམ་ཚིག་འབྲུ་༢༠༠ལས་མ་ཉུངམ་ཅིག་བྲིས་དགོཔ་ཨིན།
༡༽དུས་ཅིག་གནམ་བྱཱར་གྱི་ངལ་གསོའི་སྐབས་ཕམ་དང་སྤུན་ཆ་ཚུ་ལུ་ལཱ་གཡོག་གི་ཆ་རོགས་ག་དེ་སྦེ་ར་འབད་ཡི་ག?
འདི་གི་སྐོར་ལས་བྲིས།
༢༽ཆང་དང་གཏམ་ཁུ་འཐུང་པ་ཅིན་གནོད་པ་ཡོད་པའི་སྐོར་ལས་རྒྱུད་སྐུལ་འབྲི་རྩོམ་ཅིག་བྲིས།
༣༽ཁྱོད་རའི་སློབ་གྲྭ་ཆགས་ཚུལ་གྱི་སྐོར་ལས་འགྲེལ་བཤད་འབྲི་རྩོམ་ཅིག་བྲིས།
དྲི་བ་གཉིས་པ།                       ཡིག་འགྲུལ།སྐུགས།༼༢༠༽
བཀོད་རྒྱ།འོག་ལུ་བཀོད་དེ་ཡོད་མི་དོན་ཚན་༢ལས་༡གི་ལན་འབྲི་དགོཔ་ཨིན།
༡༽ ཁྱོད་པདྨ་དགའ་ཚལ་སློབ་གྲྭ་ལྟེ་བའི་སློབ་ཕྲུག་བཀྲ་ཤིས་ཨིནམ་བཟོ་སྟེ་ཕམ་གཉིས་ལས་ག་འབད་རུང་གཅིག་རྒྱལ་ཡོངས་
དུས་ཆེན་གྱི་སྐབས་ལུ་གྲུབ་འབྲསལེན་པར་འོང་གནང་ཟེར་གནས་ཚུལ་བཙུགས་ཏེ་ གཏང་ཡིག་ཅིག་བྲིས།

གཏང་ཡིག་འདི་ནང་ འོག་གི་གནད་དོན་ཚུ་ཚང་དགོཔ།
·        རྒྱལ་ཡོངས་དུས་ཆེན་ནམ་ཨིན་ན?
·        དྲོ་པ་ཆུ་ཚོད་ག་དེམ་ཅིག་ལུ་ལྷོད་དགོཔ་ཨིན་ན?
·        གྱོན་ཆས་ཚུལ་མཐུན་ག་དེ་སྦེ་འོང་ནི་ཨིན་ན?
·        རྒྱལ་ཡོངས་དུས་ཆེན་བརྩི་སྲུང་འབད་སའི་ས་སྒོ་ག་ཏེ་ཨིན་ན?
·         
༽ཁྱོད་སློབ་རིམ་བདུན་པ་མཐར་འཁྱོལ་འགྱོཝ་ད་ལྟོ་འཐོབ་ནི་ཡོད་པའི་སློབ་གྲྭ་ཅིག་ནང་བཙུགས་གནང་ཟེར་རྫོང་
ཁག་ཤེས་རིག་འགོ་དཔོན་ལུ་ཞུ་ཡིག་ཅིག་བྲིས།

ཞུ་ཡིག་ནང་ འོག་གི་གནད་དོན་ཚུ་ཚང་དགོཔ་ཨིན།
·        ཞུ་ཡིག་ག་ལུ་འབྲིཝ་ཨིན་ན་འདི་གི་ཁ་བྱང་།
·        ཞུ་ཡིག་འབྲི་མི་རང་གི་ཁ་བྱང་།
·        ལྟོ་ཐོབ་སའི་སློབ་གྲྭ་ནང་འགྱོ་དགོ་པའི་གནད་དོན་ཁ་གསལ།
·        ཞུ་ཡིག་ཕུལ་བའི་ཟླ་ཚེས།

སྡེ་ཚན་༼ཁ༽སྐད་ཡིག་དང་ཡི་གུའི་སྦྱོར་བ།སྐུགས།༼༤༠༽
སྐད་ཡིག་ལྷག་སྟེ་གོ་བ་ལེན་ནི།༼༡༥༽
བཀོད་རྒྱ།འོག་གི་ཡིག་རྒྱུགས་འདི་ལེགས་ཤོམ་འབད་ལྷག་ཞིན་ན་དྲི་བ་ཚུ་གིས་ལན་བྲིས།
༉བཀྲ་ཤིས་ལྗོངས་ཟེར་མི་ རྒྱལ་ཁབ་ཅིག་ཡོདཔ་མས།བཀྲ་ཤིས་ལྗོངས་རྒྱལ་ཁབ་དེ་ ག་ནི་བ་དགའ་སྐྱིད་དང་ལྡན་པའི་ རྒྱལ་ཁབ་ཅིག་ཨིན་པའི་ཁར་རྒྱལ་ཁབ་སྐྱོང་མི་རྒྱལཔོ་དང་ འབངས་མི་སེར་ཚུ་ ཆུ་དང་ཨོམ་བཟུམ་མའི་ ཐ་དམ་ཚིག་དང་ མཐུན་ལམ་ཆེ་ཏོག་ཏོ་ཡོད་མི་ཅིག་ཨིན་མས།
དེའི་སྦོ་ལོགས་ཁར་ བསམ་འཕེལ་ལྗོངས་ཟེར་མི་ རྒྱལ་ཁབ་སྦོམ་ཅིག་ཡོདཔ་མས། བསམ་འཕེལ་ལྗོངས་ཀྱི་མི་སེར་ཚུ་ བཀྲ་ཤིས་ལྗོངས་རྒྱལ་ཁབ་ཀྱི་ དགའ་སྐྱིད་དང་དཔལ་འབྱོར་ལུ་ སེམས་ཤོར་ཏེ་རྒྱལ་ཁབ་དེ་ནང་འཛུལ་ཏེ་ སྡོད་ནི་གི་མནོ་བསམ་བཏང་ནུག། ལོ་དག་པ་ཅིག་གི་ནང་འཁོད་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ བསམ་འཕེལ་ལྗོངས་ཀྱི་མི་སེར་མང་རབས་ཅིག་བཀྲ་ཤིས་ལྗོངས་རྒྱལ་ཁབ་ནང་འཛུལ་སོ་ནུག

བཀྲ་ཤིས་ལྗོངས་རྒྱལ་ཁབ་དེ་ མི་རློབས་དང་དམག་སྟོབས་ཚུ་ཆུང་བའི་སྟབས་ཀྱིས་ གཞན་དང་གཅིག་ཁར་ དོ་འགྲན་ཚུགས་པའི་ སྟོབས་ཤུགས་མེདཔ་ཨིན་པས།ཨིན་རུང་ རྒྱལ་བློན་འབངས་འཁོར་ག་ར་གིས་ མནོ་བསམ་གཅིག་འབད་བཏང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་རྒྱལ་ཡོངས་གཅིག་མཐུན་གྱི་ སྙིང་སྟོབས་འབད་ཡོདཔ་ཨིན་པས།དེ་མ་ཚད་རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་དེ་ གཞན་དང་མ་འདྲ་བའི་ མཁྱེན་རྒྱ་ཅན་ཅིག་ཡོདཔ་མས།དེ་གིས་འབད་ བསམ་འཕེལ་ལྗོངས་ཀྱི་མི་སེར་ཚུ་ལུ་ བྱམས་པ་དང་བརྩེ་བའི་སྒོ་ལས་ ཞི་བདེའི་སྒྲིག་ཆ་བཟོ་ནི་ལུ་ གཙོ་བོ་བཏོན་རུང་ འདོད་པ་ལུ་དབང་ཆེ་མི་ཚུ་གིས་ མ་ཉན་པར་ མཐར་ཐུག་ལུ་ བྱ་ཐབས་མེད་པར་ དམག་རྐྱབ་ནི་གུ་ཐུག་ཆི་ནུག

དམག་རྐྱབ་པའི་བསྒང་ བཀྲ་ཤིས་ལྗོངས་ཀྱི་དབུ་ཁྲིདཔ་དེ་གིས་ གཞན་དང་མ་འདྲ་བའི་ ཐབས་ཤེས་བརྩམས་ཏེ་གནངམ་ལས་ ཁོང་ལུ་དྲག་པོའི་སྟོབས་ཤུགས་མེད་རུང་ ཐབས་ཤེས་ཀྱི་སྟོབས་ཤུགས་ལུ་གཞན་གྱིས་དོ་འགྲན་འབད་མ་ཚུགས་པར་ རྒྱལ་ཁ་ཐོབ་ཆི་ནུག འདི་འབདཝ་ལས་ སྟོབས་ཤུགས་ལས་རིག་སྟོབས་གལ་ཆེ་དགོ་པའི་ གནད་དོན་ཡང་ དཔེ་འདི་བཟུམ་ཅིག་ཨིན་མས།

དུས་དེ་ལས་ཚུར་ བཀྲ་ཤིས་ལྗོངས་ཀྱི་ རྒྱལ་ཁབ་དེ་ནང་ ཕྱི་ཁ་ལས་དབང་བཙོང་འབད་དེ་ འཛུལ་མི་ཚུ་ག་ར་ལོག་སྟེ་བཏོན་གཏང་ཚུགསཔ་ལས་རྒྱལ་ཁབ་ཀྱི་རང་དབང་ལུ་ཉེན་ཁ་མེད་པར་ འབངས་མི་སེར་ག་ར་ དགའ་སྤྲོ་གི་ངང་ལུ་ སྡོད་ཚུགསཔ་བྱུང་ནུགལྷག་པར་དུ་ རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ མཁྱེན་རྒྱ་ལུ་མི་མང་ག་ར་ངལ་རངས་དང་ ཡིད་ཆེས་ཐོབ་སྟེ་རྒྱལ་ཁབ་ཕྱི་ནང་མེད་པའི་ མི་ག་ར་གིས་ ཆེ་བསྟོད་ཕུལ་ཏེ་སྙན་གྲགས་ག་ཏེ་ལུ་ཡང་ཁྱབ་སོང་ནུག་གོ།





དྲི་བ་དང་པ།ཀ
འོག་གི་ དྲི་བ་རེ་ལུ་ལན་ ཀ་ཁ་ག་ང་ འབད་བཞི་ ཡོད་ས་ལས་ ལན་ངོ་མ་འདི་གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་ལུ་བྲིས།སྐུགས་ (༡༠)
.  དགའ་སྐྱིད་གཉིས་དང་ལྡན་པའི་རྒྱལ་ཁབ་འདི་
ཀ༽བཀྲ་ཤིས་ལྗོངས་རྒྱལ་ཁབ་ཨིན།
ཁ༽བཀྲ་ཤིས་གླིང་གི་རྒྱལ་ཁབ་ཨིན།
ག༽བསམ་འཕེལ་གླིང་རྒྱལ་ཁབ་ཨིན།
ང༽བསམ་འཕེལ་ལྗོངས་རྒྱལ་ཁབ་ཨིན།

.  ཆུ་དང་ཨོམ་བཟུམ་མཐུན་ཏོག་ཏོ་ཟེར་མི་འདི་
            ཀ༽         རང་གི་ཆ་རོགས་ལུ་གོཝ་ཨིན།
            ཁ༽         མ་འཆམ་པར་སྡོད་མི་ལུ་གོཝ་ཨིན།
            ག༽         རྨགཔ་དང་ཨམ་སྲུ་གཉིས་ལུ་སླབ་ཨིན།
            ང༽         ཐ་དམ་ཚིག་མཐུན་ཏོག་ཏོ་ཡོད་མི་ཅིག་ལུ་གོཝ་ཨིན།

.  རྒྱལ་ཁབ་དགའ་སྐྱིད་འབྱུང་དགོ་པ་ཅིན་
            ཀ༽         ངན་ལྷད་ཀྱི་ལཱ་འབད་དགོ
            ཁ༽         མི་སེར་ཚུ་ལུ་དཀའ་ངལ་བྱིན་དགོ
ག༽         རྒྱལ་བློན་འབངས་འཁོར་གེ་ར་མཐུན་ཏོག་ཏོ་དགོ
            ང༽         གུས་ཞབས་དང་བརྩི་མཐོང་མེདཔ་འབད་སྡོད་དགོ

. འདོད་པ་ལུ་དབང་ཆེ་མི་འདི་
            ཀ༽         དབང་ཚད་ཅན་གྱི་མི་སེར་ཚུ་ཨིན།
            ཁ༽         བཀྲ་ཤིས་ལྗོངས་ཀྱི་མི་སེར་ཚུ་ཨིན།
            ག༽         སྟོབས་ལྡན་ཅན་གྱི་མི་སེར་ཚུ་ཨིན།
            ང༽         བསམ་འཕེལ་ལྗོངས་ཀྱི་མི་སེར་ཚུ་ཨིན།

.  རྒྱལ་ཁབ་ཀྱི་དབུ་ཁྲིདཔ་དེ་
            ཀ༽         མཁྱེན་རྒྱ་ཅན་ཅིག་དགོ།
            ཁ༽         རང་དོན་གྲུབ་མི་ཅིག་དགོ།
            ག༽         ངན་ལྷད་བསམ་མི་ཅིག་དགོ།
            ང༽         རྒྱལ་ཁབ་ལུ་ཤ་མ་ཚ་མི་ཅིག་དགོ།
ཁ༽འོག་གི་དྲི་བ་ཚུ་གི་ལན་བཀོད་རྒྱ་དང་འཁྲིལ་ཏེ་བྲིས།སྐུགས་ (༡༠)

. བསམ་འཕེལ་ལྗོངས་ཀྱི་མི་སེར་ཚུ་བཀྲ་ཤིས་ལྗོངས་རྒྱལ་ཁབ་ལུ་ག་ཅི་འབད་སེམས་ཤོར་ནུག?

. འོག་གི་ཐིག་སྒྲོམ་ནང་ཡོད་མི་མིང་ཚིག་ཚུ་གི་རྣམ་གྲངས་བྲིས།༣

༡༽རྒྱལཔོ། =
༢༽ཐབས་ཤེས། =
༣༽གལ་ཆེ། =

. རྒྱལ་ཁབ་གཉིས་ཀྱི་བར་ན་ དམག་རྐྱབ་ནི་གུ་ཐུག་མི་འདི་ ག་ཅི་འབད་ཨིན་ན? ཁུངས་བཀལ།༣

. སྟོབས་ཤུགས་དང་རིག་སྟོབས་གཉིས་ལས་ག་འདི་ཁག་ཆེ་ནི་མས? བསམ་འཆར་བཀོད། ༢

དྲི་བ་གཉིས་པ།ཡི་གུའི་སྦྱོར་བ།སྐུགས།༼༢༥༽
ཀ༽ལན་གདམ་ཁ་ཅན་གྱི་དྲི་བ།                           (x=)
འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་འབད་༤རེ་ཡོད་ས་ལས་ལན་ངོ་མ་༡ཡོད་མི་འདི་གདམ་ཁ་རྐྱབ་སྟེ་ ལན་ཤོག་ནང་བྲིས།
)          དཀྲོགས་ཟེར་མི་འདི་
   ཀ༽         མིང་ཨིན།   
            ཁ༽         བྱ་ཚིག་ཨིན། 
            ག༽         ཁྱད་ཚིག་ཨིན།
            ང༽         མིང་མཐའ་ཨིན།          

)         བླུགས་ཟེར་མི་ཚིག་འདི་
            ཀ༽         ད་ལྟ་བ་དང་འདས་པ་ཨིན།                          
            ཁ༽         མིང་མཐའ་དང་འདས་པ་ཨིན།           
ག༽         མ་འོངས་པ་དང་འདས་པ་ཨིན།                                   
            ང༽         བསྐུལ་ཚིག་དང་འདས་པ་ཨིན།


) བྱེད་འབྲེལ་བྱ་ཚིག་ཟེར་མི་འདི་
            ཀ༽         ལཱ་ཅིག་འབད་བའི་བྱ་བ་སྟོན་པའི་ཚིག་ལུ་སླབ་ཨིན།
            ཁ༽         བྱེད་པ་པོ་དངོས་སུ་འབྲེལ་བ་ལས་འབྱུང་མི་ལཱ་ཅིག་ལུ་སླབ་ཨིན།
            ག༽         བྱེད་པ་པོ་དངོས་སུ་མ་འབྲེལ་བ་ལས་འབྱུང་མི་ལཱ་ཅིག་ལུ་སླབ་ཨིན།
            ང༽         ལཱ་འབད་མི་བྱེད་པ་པོ་ཡོད་རུང་མེད་རུང་རང་བཞིན་གྱིས་འབྱུང་མི་ལཱ་ཅིག་ལུ་སླབ་ཨིན།

༤༽         ན་བཟའ་ཟེར་མི་འདི་
            ཀ༽         མིང་གི་ཕལ་སྐད་ཨིན།       
            ཁ༽         བྱ་ཚིག་གི་ ཞེ་ས་ཨིན།
            ག༽         མིང་གི་ ཞེ་ས་ཨིན།
            ང༽   བྱ་ཚིག་གི་ཕལ་སྐད་ཨིན།

)         སྲིད་ཐར་________ཡི་གུ་བྲིས་ནུག།
            ཀ༽         གྱིས།                                           
            ཁ༽         གིས།
            ག༽         ཀིས།                                           
            ང༽         ཀྱིས།
           
ཁ༽ འོག་གི་ཐིག་ཁྲམ་ནང་ཡོད་པའི་ཕྲད་དང་རྐྱེན་ཚུ་ བཙུགས་ཏེ་ས་སྟོང་བསུབ།  (x= )

གྱིས་
གྱི་
ཀྱི་
ཡང་
དང་
གི་

  ཁོ་་་་་་་་་་་་་་་་་་་་་་་་་་་་་་ཕྱད་ཅི།      
  ཨ་པ་མ་ཚད་ཨའི་་་་་་་་་་་་་་་་་་་་་་་་ལྷོད་ཅི།                      
༣ བདེ་སྐྱིད་་་་་་་་་་་་་་་་་་་་་་་་་་་་་དཀྱི་ར།
༤ དབང་རྒྱལ་་་་་་་་་་་་་་་་་་་་་་་་ཁྱིམ།                  
༥ སྣུམ་འཁོར་་་་་་་་་་་་་་་་་་་་་་་་ཁུར་ཆ་འབག།                                   




ག༽འོག་གི་དྲི་བ་ཚུ་གི་ལན་བྲིས།        སྐུགས་ (x=༡༠)

༡ འབྲེལ་སྒྲ་གི་ཕྲད་ ཀྱི། གྱི། གཉིས་ཀྱི་དཔེར་བརྗོད་རེ་རེ་བྲིས?                      
༢ བྱེད་སྒྲའི་ངེས་ཚིག་བྲིས།   
༣ ལྷག་བཅས་ཀྱི་ཕྲད་ སྟེ། ཏེ། གཉིས་བཙུགས་ཏེ་དཔེར་བརྗོད་རེ་རེ་བྲིས།   
༤ འབད་རུང་འབད་དགེ།ཟེར་མི་འདི་ག་ཅི་གི་དཔེར་བརྗོད་སྨོ?                     
༥ གསེར་གྱི་བུམ་པ་ཟེར་མི་འདི་འབྲེལ་སྒྲའི་འཇུག་ཡུལ་ལས་ག་ཅི་གི་དཔེར་བརྗོད་ཨིན་ན་བྲིས?          



༼ང༽འོག་གི་ཕལ་སྐད་ཚུ་ཞེ་ས་ནང་བྲིས།   [x=]    
ཨང་།
ཕལ་སྐད།
ཞེ་ས།
བུ།

གཟུགས།

མིག་ཆུ།

དཔྱལཝ།

སེམས།







Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...