Skip to main content

Class VIII AE/DZOI-2017


རྫོང༌ཁག༌ཤེས༌རིག༌སྡེ༌ཚན།
རིག༌རྩལ༌ལྕོགས༌གྲུབ༌དབྱེ༌ཞིབ༌ཀྱི་ལོ་འཁོར་ཆོས་རྒྱུགས།
གསར་སྤང་༢༠༡༧།
ཆོས་ཚན་རྫོང་ཁ།                                                                                                         སྐུགས་བསྡོམས་༡༠༠།
སློབ་རིམ་ ༨ པ།                                                                                                          དུས་ཡུན་ཆུ་ཚོད་༢།
དྲི་ཤོག་དང་པ།འབྲི་ནི་སྐད་ཡིག་དང་ཡི་གེའི་སྦྱོར་བ།

འོག་ལུ་བཀོད་དེ་ཡོད་མི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག
༡. འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་སྐར་མ་༡༥གི་རིང་ལུ་དྲི་ཤོག་འདི་ལེགས་ཤོམ་འབད་ལྷགལན་འབྲི་ནི་གི་དོན་ལུ་
ཡོད།
༢. དྲི་ཤོག་འདི་ནང་ དྲི་བ་སྡེ་ཚན་གསུམ་ཡོད། སྡེ་ཚན་ཀ་ འབྲི་རྩོམ་དང་ཡིག་འགྲུལ།ཁ་ ཡིག་རྒྱུགས། ག་ ཡི་གུ་སྦྱོར་བ།
༢. དྲི་བའི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག་ཞིནམ་ལས་དེ་དང་འཁྲིལ་ཏེ་ལན་ཚུ་ག་ར་ལན་ཤོག་ནང་ལུ་ ཧིང་སངས་ས་
འབད་འབྲི་དགོ
༣. ལན་ཤོག་ནང་ལུ་ལན་འབྲིཝ་ད་སྡེ་ཚན་དང་དྲི་བའི་ཀ་རྟགས་ དེ་ལས་དྲི་བའི་ཨང་ག་ཨིན་མི་འདི་བཀོད་དེ་ ལན་འབྲི་ནི་མ་
གཏོགས་དྲི་བ་འདྲ་བཤུས་རྐྱབ་སྟེ་འབྲི་ནི་མི་འོང་།
༤. དྲན་གསོ་ཆོས་རྒྱུགས་ཁང་ལས་ འཐོན་མ་འགྱོ་བའི་ཧེ་མ་ དྲི་བ་ཚུ་ག་ར་གི་ལན་འབྲི་མ་འབྲི་དང་ ཁྱོད་རའི་མིང་ཚུ་ཁ་གསལ་
  བྲིས་ཡོད་མེད་ བརྟག་ཞིབ་འབད་དེ་བལྟ།
༥.དྲི༌བའི༌ལན༌ཚུ༌ག༌ར༌རྐྱབ༌ཚར༌བའི༌ཤུལ༌ལུ༌དྲི༌ཤོག༌གི༌ཤོག༌གྲངས༌དང༌པ༌འདི༌ལན༌ཤོག༌གི༌གདོང༌གུར༌སྦྱར༌ཏེ༌སྤྲོད༌དགོདེ༌ལས༌
ཁྱོད༌རའི༌མིང༌།ཨང༌དང༌སྡེ༌ཚན༌ཚུ༌འབྲི༌ནིའི༌ས༌སྒོ༌ནང༌མ༌བརྗེད༌པར༌བྲིས།

མིང༌གསལ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌།ཨང༌གྲངས༌༌༌༌༌༌༌༌༌༌༌༌༌༌༌༌༌༌།སྡེ༌ཚན༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌།
སྐུགས་ཀྱི་ཤོག་ཁྲམ།
སྡེ་ཚན།
ཀ༽
ཁ༽ སྐད་ཡིག
ག༽ ཡི་གུའི་སྦྱོར་བ།
བསྡོམས།
༡༠༠
སྐུགས།
འབྲི་རྩོམ།
༤༠
གཏང་ཡིག
༢༠
དྲི་བ་ ༡ པ།
༡༠
དྲི་བ་ ༢ པ།
༡༠
དྲི་བ་ ཀ
དྲི་བ་ ཁ།
༡༥
སྐུགས་ཐོབ།







མཚན་རྟགས།








སྡེ་ཚན་ཀའབྲི་ནི།   [སྐུགས་༦༠།]
འདྲི་བ་དང་པ།འབྲི་རྩོམ།[སྐུགས་༤༠]
བཀོད་རྒྱ།འོག་གི་དོན་ཚན་ལས་༡གདམ་ཁ་རྐྱབ་སྟེ་དོན་མཚམས་ལྔ་ལས་མ་ཉུངམ་ཅིག་འབད་འབྲི་རྩོམ་བྲིས།
/  ཤེས་རིག་ཡོན་ཏན་འདི ང་བཅས་རའི་མི་ཚེ་གཅིག་གི་ རྒྱུ་ནོར་ཨིན་པའི་སྐོར་ལས་ འགྲེལ་བཤད་འབྲི་རྩོམ་ཅིག་བྲིས།
/ བྲི༌ལྷག༌ཡོན༌ཏན༌ཤེས༌མི༌དང༌རྩེད༌རིག༌གི༌རིག༌རྩལ༌ལེགས༌ཤོམ༌ཤེས༌མི༌གཉིས༌ལས༌རང༌ལུ༌ཕན༌ཐོགས༌ག༌དྲག༌ནི༌
བཟུམ༌ཅིག༌འདུག༌གོ?ཁྱོད༌རའི༌བསམ༌འཆར༌བྲིས།
/  སློབ་གྲྭ་ནང་ལུ་སྡོདཔ་ད་ འབྲི་ལྷག་གི་ཡོན་ཏན་རྐྱངམ་ཅིག་མེན་པར་ རྩེད་རིགས་ལུ་ཡང་ དང་འདོད་བསྐྱེད་དགོཔ་གི་སྐོར་ལས་
ལོ་རྒྱུས་འབྲི་རྩོམ་ཅིག་བྲིས།
དྲི་བ་གཉིས་པ།ཡིག་འགྲུལ།[སྐུགས་༢༠།]
བཀོད་རྒྱ།འོག་ལུ་བཀོད་དེ་ཡོད་མི་དོན་ཚན་༣ལས་༡གདམ་ཁ་རྐྱབ་སྟེ་བྲིས།
ཀ/  ངོ་སྤྲོད་ལག་ཁྱེར་གྱི་ པར་བཏབ་ནི་གི་དོན་ལུ་ རྒེད་འོག་ནང་ལས་ ཡིག་ཆ་ཚུ་དགོ་པས་ཟེར་ ཞུ་ཡིག་ཅིག་བྲིས།
     གནད་དོན་ཚུད་དགོཔ།
ü    ཞུ་ཡིག་ག་ལུ་འབྲིཝ་ཨིན་ན་ འདི་གི་ཁ་བྱང་དང་ ཁྱོད་རའི་ཁ་བྱང་ ཁ་གསལ།
ü    རྒེད་འོག་ནང་ལས་ ག་ཅི་འབད་དགོཔ་ཨིན་ན?
ü    འཕུལ་བའི་ཟླ་ཚེས།

ཁ/  སློབ་གྲྭ་འདི་ནང་ལས་ སློབ་གྲྭ་གཞན་ཁར་ འགྱོ་ནིའི་དོན་ལུ་ སློབ་གྲྭའི་གནས་སོར་ལག་འཁྱེར་དགོ་པས་ཟེར་  ཞུ་ཡིག་ཅིག་བྲིས།
ü    ཞུ་ཡིག་ག་ལུ་འབྲིཝ་ཨིན་ན་ འདི་གི་ཁ་བྱང་།
ü    སློབ་གྲྭ་གཞན་ཁར་ འགྱོ་དགོ་པའི་གནད་དོན་ཁ་གསལ།
ü    འཕུལ་བའི་ཟླ་ཚེས།



ག/  འོག་གི་གཏང་ཡིག་འདི་ ལྷག་ཞིན་ན་ ཡིག་ལན་ཅིག་ ནང་འདྲེན་འབད་དེ་བྲིས།
  བྱམས་བརྩེ་ལྡན་པའི་ ཆ་རོགས་ཀུན་བཟང་ལུ།
ད་རེས་སྐབས་ ཆ་རོགས་ཁྱོད་ཡང་ གཟུགས་ལུ་ནཝ་ཚཝ་ག་ནི་ཡང་མེད་པར་ སློབ་དཔོན་མཁས་པ་ཚུལས་ རང་ལུ་དགོ་པའི་ཡོན་ཏན་ལྷབ་སྟེ་ གཟུགས་བཟངམོ་འབད་ར་ ཡོདཔ་འོང་མནོ་བའི་རེ་བ་ཡོད། ནཱ་ལུ་ང་ཡང་ ལེགས་ཤོམ་འབད་ར་ཡོདཔ་མ་ཚད་རང་གི་ཚེ་གཅིག་ལུས་གཅིག་ལུ་དགོ་པའི་ ཕྱི་ནང་ཡོན་ཏན་ཚུ་ སེམས་བག་ཡེངས་ལུ་མ་གཏང་པར་ སྦྱང་པའི་བསྒང་ར་ཡོད།

མ་གཞི་ ཆ་རོགས་ཁྱོད་ལུ་སླབ་ནི་ཟེར་རུང་ ནངས་པ་གནང་ཚེས་ གནམ་དགུན་ངལ་གསོའི་སྐབས་ལུ་ ག་ཅི་ཡང་འབད་ནིའི་ འཆར་གཞི་རེ་མེད་པ་ཅིན་ ང་བཅས་ཆ་རོགས་ཚུ་ བུམ་ཐང་གནས་སྐོར་ལུ་ འགྱོ་གེ་ཟེར་སླབ་ནི་འབད་ཨིན། དེ་སྦེ་ སླབ་མི་འདི་ཡང་ བུམ་ཐང་གི་ས་གནས་འདི་ནང་ གནས་ཆེན་ཁྱད་པར་ཅན་ མང་རབས་ཅིག་ཡོདཔ་མ་ཚད། གཞན་ཡང་ སོ་ནམ་དང་འབྲེལ་བའི་ ཞིབ་འཚོལ་ལྟེ་བ་ཚུ་ཡང་ ལེ་ཤ་ཡོདཔ་ལས། དེ་ནང་ལས་ཕར་ལྟ་སྐོར་འགྱོ་བ་ཅིན་ ང་བཅས་ལུ་ཡོན་ཏན་དང་། ཉམས་མྱོང་ལེ་ཤ་ར་འཐོབ་པའི་ཁར་ ངལ་གསོ་གི་དུས་ཚོད་ཡང་ འཕྲོ་བརླག་མི་འགྱོ་ནི་ཨིན་པས་ཟེར་སླབ་ནི་ཨིན།

ཆ་རོགས་ཁྱོད་ཀྱིས་ ང་གིས་བསྟུན་གྲོས་འཚོལ་མི་འདི་ལུ་ བརྩི་བཞག་བསྐྱེད་དེ་ འགྱོ་ནི་ཡོདཔ་ཅིག་འབད་འོང་ མནོ་བའི་རེ་བ་ཡོད། ཚེས་གྲངས་དང་ས་གནས་ག་ཏེ་འཛོམ་ནི་ཨིན་ན་ཚུ་ ང་གིས་བརྡ་ལན་འབད་འོང་ ཟེར་སླབ་ནི། ཤུལ་ལས་ལེགས་ཤོམ་འབད་ འཕྱད་པའི་རེ་བ་དང་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལེགས་ཤོམ་ འབྱུང་བཅུག་ཟེར་བའི་བཀྲིས་སྨོན་ལམ་ཡང་ཡོད།

ཞེས་རང་ལུགས་གནམ་ལོ་  མེ་མོ་བྱ་ལོ་ རང་ཟླ་ ༡༠ པའི་ཚེས་ ༤ ལུ་ རྩི་རང་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལས་ ཁྱོད་རའི་ཆ་རོགས་ རྟ་མགྲིན་གྱིས་ཡི་གུའི་ལན་ཅིག་ཡང་ མགྱོགས་པ་ར་བསྐྱལ་འོང་ མནོ་བའི་རེ་བ་དང་བཅས་
                                                       བསྐྱལ།
    





སྡེ་ཚན་ཁ།སྐད་ཡིག་དང་ཡི་གུའི་སྦྱོར་བ།  [སྐུགས་༤༠།]

དྲི་བ་པ།
དྲི་བ་ ༡ པ།  འོག་གི་ཡིག་རྒྱུགས་འདི་ ལོག་ ཚིག་མཚམས་དང་རྗོད་མཚམས་ དོན་མཚམས་ཚུ་བཞག་སྟེ་བྲིས།[སྐུགས་༡]
           
འབྲུག་རྒྱལ་ཡོངས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚུ་ལུ་རྫོང་ཁའི་ཤེས་ཚད་ཡར་རྒྱས་གཏང་ནི་ལུ་ཁྱད་རིག་གི་རིག་རྩལ་གསརཔ་
ཚུ་འཐོབ་ཚུགས་ནི་ཨིན་པསརིག་རྩལ་འདི་ཚུ་སློབ་རིམ་སོ་སོའི་སློབ་དེབ་ལེགས་བཅོས་འབད་མི་ནང་བཙུགས་ཏེ་སང་ཕོད་ལས་སློབ་གྲྭ་ཁག་ཚུ་ནང་སྟོན་ནི་འགོ་བཙུགས་ནི་ཨིན་པསདེ་བཟུམ་མའི་སློབ་དེབ་ལེགས་བཅོས་ཀྱི་ལཱ་ཚུ་ཤེས་རིག་རྩ་གཞུང་དང་ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱིས་འགོ་འདྲེན་འཐབ་སྟེ་བཟོ་བའི་བསྒང་འདུག་ལཱ་དེ་ནང་བཆའ་མར་གཏོགས་མི་ཡང་སློབ་གྲྭ་ཁག་གི་སློབ་དཔོན་ཚུ་དང་རྩ་གཞུང་འགོ་དཔོན་ཚུ་ཤེས་རིག་མཐོ་རིམ་སློབ་གྲྭ་གི་ལེགས་སྦྱར་བ་འབྲུག་ཆོས་རྒྱུགས་འགོ་དཔོན་ཤེས་བལྟ་ཞིབ་རྒྱབ་སྐྱོར་འགོ་དཔོན་རྫོང་ཁ་མཁས་ཚོགས་འཐུས་མི་དང་ཁྲི་འཛིན་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ཚུ་ཨིན་མས
           


དྲི་བ་པ།འོག་ལུ་ཕལ་སྐད་ནང་ཡོད་མི་རྗོད་ཚིག་ཚུ་ ཞེ་སའི་་ཚིག་བཙུགས་ཏེ་བྲིས། (X=༡༠)
༡.    བྱང་ཆུབ་སེམས་དཔའི་མིག་ཏོ་ལས་མིག་ཆུ་འཐོན་ཏེ་ར་སྡོདཔ་མས།
༢.  ད་རེས་ ང་ དྲག་ཤོས་འབད་སར་ ཁྱིམ་གྱི་སྐོར་ལས་སླབ་པར་འགྱོ་དགོ་པས།
༣.  དཔོན་འོང་སྟེ་ང་བཅས་ལུ་གསོལ་རས་བྱིན་ཡི།
༤.  བླ་མ་གི་ཁྱིམ་ནང་ལུ་འབད་ ཚེས་བཅུ་གཏང་ནི་ཨིན་པས།
༥.  རྒྱལ་ཡོངས་དུས་ཆེན་བརྩི་སྲུང་འབད་བའི་སྐབས་ མགྱོནམ་ལེ་ཤ་ར་འོང་ནུག




དྲི་བ་་པ།ཡི་གུའི་སྦྱོར་བ།[སྐུགས་༢༥]
བཀོད་རྒྱ། དྲི་བའི་ཨང་འདྲ་བཤུས་རྐྱབ་ཞིན་ན་འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་༤རེ་ཡོད་ས་ལས་ལན་ངོ་མ་ག་ཨིན་མི་འདི་གདམ་ཁ་རྐྱབ་སྟེ་ལན་ཤོག་ནང་ལུ་བྲིས།(སྐུགས་༡X=
)

/          འོག་གི་རྗོད་ཚུ་ལས་ རྗོད་པ་ཆ་ཚང་བ་འདི་
ཀ་ང་ ཕྱི་རུ་ཁམས་ཅིག་ཁར་ ཆ་རོགས་རྡོ་རྗེ་དང་མཉམ་ ཁྲོམ་ཁར་ཉོ་ཚོང་རྐྱབ་པར་འགྱོ་ནི།
     ཁ་ང་ ཁྲོམ་ཁ་ལུ་ ཉོ་ཚོང་རྐྱབ་པར་འགྱོ་ནི།
     ག་ང་ ཆ་རོགས་དང་གཅིག་ཁ་ ཁྲོམ་ཁ་ལུ་ ཉོ་ཚོང་རྐྱབ་པར་ འགྱོ་ནི།
     ང་ང་ ཁྲོམ་ཁ་ལུ་ འགྱོ་ནི།
/         ད་སྒྲ་ཟེར་མི་འདི་ བརྗོད་པ་བཟོ་བའི་སྐབས་
ཀ་ལཱ་འབད་བའི་དུས་ཚོད་སྟོན་མི་ལུ་སླབ་ཨིན།
     ཁ་རྒྱུ་མཚན་སྟོན་མི་ལུ་སླབ་ཨིན།
     ག་སྐུལ་ཚིག་ལུ་འཇུག་མི་ལུ་སླབ་ཨིན།
     ང་ལྟག་གི་གསུམ་ཆ་ར་ཨིན།
/         ཚིག་མཚམས་འདི་ མང་ཤོས་ར་
ཀཕྲད་དང་རྣམ་དབྱེ་བཙུགས་ཏེ་ སླབ་དགོཔ་འཐོནམ་ཨིན།
ཁ་ཕྲད་དང་རྣམ་དབྱེ་ག་ཏེ་ཡོད་ས་བཅད་དེ་སླབ་དགོཔ་འཐོནམ་ཨིན།
ག་ཚིག་འབྲུ་གཉིས་རེ་ གཅིག་ཁར་སླབ་དགོཔ་འཐོནམ་ཨིན།
ང་ལྔ་དང་དྲུག་ཚུན་སླབ་དགོཔ་འཐོནམ་ཨིན།




/  རྒྱལ་བློན་ ཟེར་མི་འདི་
ཀ་སྡེབ་ཀྱི་བསྡུ་ཡིག་ཨིན།
ཁ་ཕྲད་དང་རྣམ་དབྱེ་གི་བསྡུ་ཡིག་ཨིན།
ག་ཚིག་བསྡུ་ཡིག་ཨིན།
ང་ལྟག་གི་གསུམ་ཆ་ར་མེན།
/         ཚིག་བཆད་ཀྱི་སྐབས་ལུ་ མཇུག་ཡིག་འབྲུ་ གིས་བསྡུ་བ་ཅིན་ ཤད་
ཀ་གཅིག་ཐོབ།
     ཁ་གཉིས་ཐོབ།
ག་གསུམ་ཐོབ།
ང་གཅིག་ཡང་མི་ཐོབ།
དྲི་བ་པ། འོག་གི་དྲི་བ་དང་འཁྲིལ་ཏེ་ལན་བྲིས།     (སྐུགས་༡༥)
.  ཚིག་མཚམས་བཅད་མ་ཤེས་པ་ཅིན་ སྐྱོན་ག་དེ་སྦེ་འདུག? དཔེ་དང་སྦྲགས་བྲིས།  ()
. གང་ཟག་གི་མིང་ཚབ་ཚུ་གང་ཟག་དང་པ། གཉིས་པ། གསུམ་པ་གསུམ་ལུ་་དབྱེ་བ་ཕྱེ་སྟེ་བྲིས།()
. བྱ༌ཚིག༌ཟེར༌མི༌འདི༌ག༌དེ༌སྦེ༌གོ་ཡི?བྱ༌ཚིག༌དུས༌གསུམ༌ལུ༌ཡིག༌སྡེབ༌སོ༌སོ༌ཡོད༌མི༌དཔེ༌རེ༌ཡང༌བྲིས།()
.  སྐད༌ཡིག༌ཟེར༌མི༌འདི༌ག༌དེམ༌ཅིག༌ལུ༌སླབ༌སྨོ?()
.  སྔོན༌འཇུག་གགིས༌མིང༌གཞི༌ག༌ག༌དེམ༌ཅིག༌ལུ༌ག༌དེ༌སྦེ༌འཇུག?()
.  ཡངས༌འཇུག༌ཟེར༌མི༌འདི༌ག༌དེམ༌ཅིག༌ལུ༌སླབ༌སྨོ?རྗེས༌འཇུག༌ག༌ཅི༌གི༌མཐའ༌མ༌ལུ༌འཇུག?()


བཀྲ་ཤིས་བདེ་ལེགས།

Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...