Skip to main content

Class VIII AE/DZOII-2017



རྫོང་ཁག་ཤེས་རིག་སྡེ་ཚན།
རིག་རྩལ་ལྕོགས་གྲུབ་དབྱེ་ཞིབ་ཀྱི་ལོ་འཁོར་ཆོས་རྒྱུགས།
གསར་སྤང་༢༠༡༧།
ཆོས་ཚན་རྫོང་ཁ། དྲི་ཤོག་གཉིས་པ།དུས་ཡུན་ཆུ་ཚོད་༢།
སློབ་རིམ་༨པ།སྐུགས་བསྡོམས་༡༠༠།


འོག་ལུ་བཀོད་དེ་ཡོད་མི་བཀོད་རྒྱ་ཚུ་ལེགས་ཤོམ་འབད་ལྷག།
༡༽ལན་ཤོག་ནང་ལན་འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་སྐར་་མ་༡༥གི་རིང་ལུ་དྲི་ཤོག་འདི་ལེགས་ཤོམ་འབད་ལྷག་སྟེ་བལྟ།
༢༽དྲི་ཤོག་འདི་ནང་ལུ་དྲི་བའི་སྡེ་ཚན་༼ཀ༽-སྲུང་།༼ཁ༽-འབྲི་རྩོམ།དང་༼ག༽-སྙན་རྩོམ་།འབད་སྡེ་ཚན་ཁག་༣ཡོད།
༣༽སྡེ་ཚན་རེ་ལུ་དྲི་བ་ཚན་༡པ་དང་༢པ་འབད་ཡོད།ཚན་༡པའི་ནང་ལུ་དྲི་བ་༼ཀ༽༼ཁ༽འབད་ཡོད།ཚན་གཉིས་པའི་ནང་
ལན་རིངམོ་འབད་འབྲི་དགོ་པའི་དྲི་བ་ཁག་གཅིག་ཡོདཔ་ཨིན།
༤༽ཁྱོད་ཀྱིས་དྲི་བ་ཚན་བསྡོམས་གསུམ་གྱི་ལན་འབྲི་དགོ།དེ་འབདཝ་ད་སྡེ་ཚན་གསུམ་ལས་ག་འབད་རུང་གཅིག་ནང་ལས་དྲི་བ་ཚན་
༢པ་འབད་མི་གཅིག་ཨིན་ཅི་མིན་ཅི་གདམ་ཁ་རྐྱབ་སྟེ་འབྲི་དགོཔ་ཨིན།
༥༽སྡེ་ཚན་རེ་རེ་ནང་ཡོད་པའི་དྲི་བ་ཚན་གཉིས་ཆ་ར་གདམ་ཁ་རྐྱབ་མི་ཆོག།
༦༽སྡེ་ཚན་དང་འཁྲིལ་བའི་དྲི་བ་རེ་རེ་བཞིན་གྱི་དྲི་བའི་བཀོད་རྒྱ་ཁ་གསལ་འབད་བཀོད་ཡོད་མི་ཚུ་ལེགས་ཤོམ་འབད་ལྷག་སྟེ་ལན་བྲིས།
དྲི་བའི་ཨང་ཚུ་མ་འཛོལ་བར་ཀྲིག་ཀྲི་འབད་བྲིས།
༧༽ཆོས་རྒྱུགས་འགོ་བཙུགས་ཞིནམ་ལས་བློ་སླབ་ནི་དང་དྲི་བ་དྲི་ནི་ཕར་ཚུར་འགྱོ་ནི་ཚུ་འབད་མི་ཆོག།





སྲུང་།               (སྐུགས་༣༥)
ཧེ་མ་གཡུས་གཅིག་ནང་རྒྱལཔོ་གནམ་མེད་ས་མེད་སྐུ་དབང་ཆེ་དྲགས་ཅིག་ལུ་བློན་པོ་ཡང་ག་ནི་བ་རིག་པ་
ཅན་ཅིག་ཡོདཔ་མས།ཁོང་རྒྱལ་བློན་གཉིས་གཅིག་གིས་གཅིག་ལུ་ཐུགས་ཀྱི་བརྩེ་བ་དང་གུས་བཀུར་ག་ཅི་དེ་ཡོདཔ་ལས་རྒྱལ་སྲིད་
ཀྱི་ཕྱག་ལཱ་རྒྱ་ཆེ་ཆུང་ག་ཅི་ར་མཛད་དགོ་རུང་གསུང་གྲོས་ཀྱི་ཐོག་ལས་མཛདཔ་ལས་རྒྱལ་ཁབ་དར་ཤིང་རྒྱས་ཏེ་འབངས་མི་ཚུ་
དགའ་སྐྱིད་ཀྱི་དཔལ་ལུ་ལོངས་སྤྱོདདེ་སྡོད་ནི་གོ་སྐབས་བྱུང་ནུག།
བཀོད༌རྒྱ།འོག་གི་དྲི་བ་ཚན་དང་པ་དང་ཚན་གཉིས་པ་སྦེ་ཡོད་ས་ལས་ག་འབད་རུང་ཚན་གཅིག་གདམ་ཁ་རྐྱབ་སྟེབྲིས།
ཚན་དང་པ།ལན་ཐུང་གི་དྲི་བ།༼སྐུགས་༡༥x1=15
༡སྐུ་དབང་ཆེ་དྲགས་ཟེར་མི་འདི་་་་་་་་།
ཀསྐུ་ཚེ་རིང་པོ་ལུ་གོ་ནི་ཨིན།ཁསྐུ་ལུ་བར་ཆད་མེད་མི་ལུ་གོ་ནི་ཨིན།
གསྐུ་གཟི་བརྗིད་ཆེ་ཏོག་ཏོ་ཡོད་མི་ལུ་གོ་ནི་ཨིན།ངགོང་མ་དང་འོག་མ་ལུ་སླབ་ཨིན།
༢གུས་བཀུར་ཟེར་མི་འདི་་་་་་་་།
ཀགོང་མ་དང་འོག་མ་ལུ་སླབ་ཨིན།ཁའོག་མ་གིས་གོང་མ་ལུ་གུས་ཞབས་འབད་མི་ལུ་སླབ་ཨིན
གགོང་མ་དང་འོག་མ་ལུ་སླབ་ཨིན།ངགོང་མ་དང་འོག་མ་ལཱ་འབད་མི་ལུ་སླབ་ཨིན།
༣རྒྱལ་སྲིད་ཟེར་མི་འདི་་་་་་་་་་་།
ཀརྒྱལཔོ་དང་སྲས་ལུ་གོ་ནི་ཨིན།ཁརྒྱལ་ཁབ་དང་སྲིད་བྱུས་ལུ་སླབ་ཨིན།
གརྒྱལ་ཁབ་དང་མི་སེར་ལུ་གོ་ནི་ཨིན།ངརྒྱལཔོ་དང་བློན་པོ་ལུ་གོ་ནི།

༤གསུང་གྲོས་ཟེར་མི་འདི་་་་་་་་།
ཀམི་སྤུངས་སྡོད་མི་ལུ་གོ་ནི།ཁམི་ཚེ་ཉིམ་བསྲོ་སྡོད་མི་ལུ་གོ་ནི།
གམི་ལེ་ཤ་འཛོམས་ཐོག་ལུ་བསྟུན་གྲོས་འབད་མི་ལུ་གོ་ནི།ངཉི་མའི་འོད་ལུ་གོ་ནི།
༥འབངས་འཁོར་གཡོག་ཟེར་མི་འདི་་་་་་་་་།
    ཀསོ་ནམ་པ་ལུ་གོ་ནི་ཨིན།ཁགཞུང་གཡོགཔ་ལུ་གོ་ནི་ཨིན།
    གསྒེར་སྡེ་ལུ་གོ་ནི་ཨིན།ངའབངས་མི་སེར་ལུ་གོ་ནི་ཨིན།
༦རྒྱལ་བློན་ཟེར་མི་འདི་་་་་་་་།
ཀརྒྱལཔོ་དང་བཙུནམོ་ལུ་སླབ་ཨིན།ཁརྒྱལཔོ་དང་བློན་པོ་ལུ་སླབ་ཨིན།
གརྒྱལཔོ་དང་གཞུང་ལུ་སླབ་ཨིན།ངརྒྱལཔོ་དང་ལོངས་སྤྱོད་ལུ་སླབ་ཨིན།
༧ཆིབས་རྟ་ཟེར་མི་འདི་་་་་
ཀཁུར་ཆ་སྐྱེལ་མི་རྟ་ལུ་སླབ་ཨིན།ཁཁུར་ཆ་འབག་མི་ལུ་སླབ་ཨིན།
གཁུར་ཆ་བཏོན་མི་ལུ་སླབ་ཨིན།ངཕལ་སྐད་ནང་བཞོན་རྟ་ཟེར་སླབ་ཨིན།
༨ཡིད་ངེས་ཐིང་ངེས་ཟེར་བ་ཅིན་་་་་་་་་།
ཀསེམས་ཡེངས་ཏེ་སྡོད་མི་ལུ་སླབ་ཨིན།ཁསེམས་ལེགས་ཤོམ་ལུ་སླབ་ཨིན།
གལེགས་ཤོམ་དང་ཡ་རབས་བཟུམ་ཅིག་ལུ་སླབ་ཨིན།ངསེམས་དགའ་མི་ལུ་སླབ་ཨིན།
༩ཕོ་ཆེན་ཟེར་མི་འདི་་་་་་་་་་་་་།
ཀརྟ་ཕོ་ལོ་ན་རྒས་མི་ལུ་སླབ་ཨིན།ཁརྟ་ཕོ་ལོ་ན་ཆུང་ཀུ་ལུ་སླབ་ཨིན།
གརྟ་སྤུ་ཡོད་མི་ལུ་སླབ་ཨིན།གལྟག་གི་ག་ཡང་མེན།

༡༠རྒོདམོ་ཟེར་མི་འདི་་་་་་་་་་་།
ཀརྟ་མོ་སྤྱིར་བཏང་ལུ་སླབ་ཨིན།ཁརྟ་ཕོ་ལོ་ན་༣-4 བར་ན་ལུ་སླབ་ཨིན།
གརྟ་དྲེལ་ལུ་སླབ་ཨིན།ངལྟག་གི་ག་ཡང་མེན།
༡༡གསེབ་ཟེར་མི་འདི་་་་་་་་་་་་།
ཀརྟ་ཕོ་ལོ་ན་རྒས་མི་ལུ་སླབ་ཨིན།ཁརྟ་ཕོ་ལོ་ན་༣-4 གི་བར་ན་ལུ་སླབ་ཨིན།
གརྟ་དྲེལ་ལུ་སླབ་ཨིན།ངརྟ་ཕོ་ཆེན་ཟེར་ཡང་སླབ་ཨིན།
༡༢གཟའ་སྐར་ཟེར་མི་འདི་་་་་་་་་།
ཀགཟའ་དང་ཉིམ་ལུ་སླབ་ཨིན།ཁགཟའ་དང་སྐར་མ་ལུ་སླབ་ཨིན།
གགཟའ་དང་ཟླཝ་ལུ་སླབ་ཨིན།ངགཟའ་དང་རྒྱུ་ལམ་ལུ་སླབ་ཨིན།
༡༣གཟའ་བདུན་ཟེར་མི་འདི་་་་་་་་་་་།
ཀརེ་གཟའ་མིག་དམར་ལས་ཟླ་བ་ཚུན་ཨིན།ཁརེ་གཟའ་ཉི་མ་དང་ཟླ་བ་ཨིན།
གརེ་གཟའ་མིག་དམར་ལས་སྤེན་པ་ཚུན་ཨིན།ངརེ་གཟའ་སྤེན་པ་ལས་ཟླ་བ་ཚུན་ཨིན།
༡༤སྲུང་གི་བཅུད་དོན་ངོ་མ་འདི་་་་་་་།
ཀརྒྱལཔོ་རིག་པ་ཡོད་པའི་སྐོར་ལས་ཨིན།གརྒྱལཔོ་དང་བློན་པོ་གཉིས་ཆ་ར་རིག་པ་ཡོད་པའི་སྐོར་ལས་ཨིན།
ཁབློན་པོ་རིག་པ་ཡོད་པའི་སྐོར་ལས་ཨིན།ངརྒྱལཔོ་དང་བློན་པོ་འཆམ་ཏོག་ཏོ་ཡོད་པའི་སྐོར་ལས་ཨིན།
༡༥སྲུང་གི་དོན་ཚན་ངོ་མ་འདི་་་་་་་་་།
ཀབློན་པོ་རིག་པ་ཅན་གྱི་སྐོར་ལས་ཨིན།ཁརིག་པ་ཟེར་མི་སྐོར་ལས་ཨིན།
གརྒྱལཔོ་དང་བློན་པོ་རིག་པའི་སྐོར་ལས་ཨིན།ངརིག་པ་དབྱེ་བ་དཔྱད་ནི་དོན་ལུ་ཨིན།

ལན་ཐུང་གི་དྲི་བ།༼སྐུགས་༥x=༢༠༽

༡རྒྱལཔོ་ལུ་སྐུ་དབང་ཆེ་དྲགས་ཟེར་སླབ་དགོ་པའི་ཁུངས་ག་ཅི་སྨོ?         (4)
2  རྒྱལཔོ་དང་བློན་པོ་གིས་ཕྱག་ལཱ་ག་དེ་སྦེ་མཛད་དོ་ཨིན་པས?            ()
༣རྒྱལཔོ་གིས་དྲི་བ་ལུ་བློན་པོ་གིས་ལན་ག་དེ་སྦེ་ཞུ་ནུག?             ()
4  སྐུ་མདུན་དང་སྐུ་དབང་ཆེ་དྲགས་ཟེར་མི་དོན་དག་བྲིས།             ()
5  མཐའན་མཇུག་ལུ་རྒྱལཔོ་དང་བློན་པོ་ག་དེ་སྦེ་ཞུགས་ནུག?            ()
དྲི་བ་ཚན་༢པ།ལན་རིངམོ་གི་དྲི་བ།(སྐུགས༣༥)

༡འབངས་མི་སེར་ཚུ་དགའ་སྐྱིད་ཀྱི་དཔལ་ལུ་ལོངས་སྤྱོད་དེ་སྡོད་པའི་ཁུངས་ག་ཅི་སྨོ?   (8)
2  རྒྱལཔོ་གིས་བློན་པོའི་རིག་པ་བརྟག་ཤིང་དཔྱད་དགོ་པའི་ཁུངས་ག་ཅི་སྨོ         ()
3  རྒྱལཔོ་བཀའ་དང་འཁྲིལ་ཏེ་ལན་ག་དེ་སྦེ་ཞུ་ནུག།བཀའ་དང་ལན་ཁ་གསལ་སྦེ་བྲིས།  ()
4  རྒྱལཔོ་གིས་ལན་མེད་པ་ཅིན་བསད་ནི་ཟེར་གསུངས་མི་དེ་འོས་འབབ་འདུག་གབསམ་འཆར་ཚིག་
འབྲུ་༡༥༠དེ་ཅིག་བྲིས།                                      (10)






སྡེ་ཚན་ཁ༽འབྲི་རྩོམ།༼སྐུགས་༣༥༽
བཀོད་རྒྱ།    འོག་གི་འབྲི་རྩོམ་འདི་ལྷག་ཞིནམ་ལས་དྲི་བའི་བཀོད་རྒྱ་དང་འཁྲིལ་ཏེ་ལན་བྲིས།
༉སངྱས་བཅོམ་ལྡན་འདས་ཀྱིས།ཆང་གིས་འཇིག་རྟེན་སྨྱོས་འགྱུར་ཞིང་།།དོན་ཉམས་ནོར་ཡང་ཟད་པར་འགྱུར།།ཟེར་གསུངས་ཏེ་ཡོདཔ་
བཞིན་དུ་ཆང་འདི་གིས་ཆང་འཐུང་མི་མི་ཚུ་གི་སེམས་གནས་པ་མེདཔ་བཟོཝ་མ་ཚད་དོན་དག་ཡང་འགྲུབ་མ་ཚུགས་པའི་ཁར་རྒྱུ་ནོར་ལོངས་
སྤྱོད་ཚུ་ཡང་རྫོགས་བཅུག་པའི་རྒྱུ་ཅིག་ཨིནམ་སྦེ་གསུངས་ཏེ་འདུག།དེ་འབད་ནི་འདི་གིས་བློ་གཏད་མ་བཏུབ་པའི་ཆ་རོགས་ཆང་ལུ་བརྟེན་
ཏེ་མ་བཏུབ་པའི་ལཱ་ག་ཅི་ར་འཐོན་དོ་ག་ང་བཅས་ཆ་ཁྱབ་འགྲོས་བསྡུར་ཅིག་འབད་གེ།
ཆང་འཐུང་པ་ཅིན་དེའི་ནུས་ཤུགས་ཀྱིས་དྲན་ཤེས་ཉམས་ཏེ་རང་གི་སེམས་རང་དབང་མེད་པར་ག་མནོ་སར་ཤོརཝ་ཨིན།དེ་ལས་ལཱ་དང་བྱ་བ་
འབད་བཏུབ་དང་མ་བཏུབ་ཚུ་དབྱེ་བ་ཕྱེ་མ་ཚུགས་པར་རྩ་རྒས་བཟུམ་ཐལ་ཏེ་དུད་འགྲོ་སེམས་ཅན་དང་དབྱེ་བ་མེད་པར་སྒོ་གསུམ་གྱི་སྤྱོད་པ་རྔམ་སི་སི་འབདཝ་ཨིན།ཆང་གིས་ར་བཟི་བའི་བསྒང་ལས་མི་ལེ་ཤ་གི་གདོང་ཁར་འོས་མེད་ཀྱི་ཞབས་ཁྲ་རྐྱབ་ནི་དང་གཟུགས་འཚོ་མ་ཐུབ་
པར་ཕར་དང་ཚུར་འགྱེལ་འགྱོཝ་ཨིན།ཁ་ལས་གཏམ་འདྲ་མི་འདྲ་མནོ་ཚད་དྲན་ཚད་ག་མནོ་སར་སླབ་སྟེ་རང་གི་ལེགས་པའི་ཆ་ག་ར་མར་
ཉམས་འགྱོཝ་ཨིན།
མི་འདི་ཆང་འཐུང་ཞིནམ་ལས་དྲན་པ་ཉམས་ཏེ་རང་གི་ཕམ་དང་སྤུན་ཆ་དེ་ལས་ཆ་རོགས་ཚུ་ལུ་ཡང་འཐབམོ་འཚོལ་ནི་འཐབ་འརྫིང་འབད་ནི་
ལ་སོགས་པའི་སྤྱོད་ངན་འབདཝ་ལས་མི་་ག་ར་གིས་སྨད་པའི་གནས་ལུ་འགྱུརཝ་ཨིན།ཆང་གིས་ར་བཟི་་མི་མི་འདི་གིས་གཞན་དང་མ་
འགྲིགསཔ་ཐལ་ཏེ་གཅིག་གཅིག་ལུ་རྡུང་རྫོབ་དང་དམར་བསད་འབད་དེ་ད་རེས་ནངས་པར་བཙོན་ཁང་ནང་ལུ་འཛུལ་མི་ལེ་ཤ་ཅིག་འཐོན་དོ་
ཡོདཔ་ང་བཅས་ར་གིས་མཐོང་ས་དང་ཤེས་ས་ཡོད།དེ་ཚུ་ག་ར་རྒྱུ་ངོ་མ་ཆང་ལུ་བརྟེན་ཏེ་ཨིན།
ཆང་འཐུང་མི་མི་འདི་གིས་རྒྱུ་ནོར་ག་ར་བརླག་པ་གིས་མ་ཚད་པར་རང་གི་གཟུགས་ཁར་ནད་གཞི་མ་འདྲཝ་མཁྲིས་ནད་དང་མིག་ནད་ཁྲ་ཤུགས་དང་ཆུ་ནད་མཆིན་པའི་ནད་ལ་སོགས་པ་ནད་གཞི་གསརཔ་ལེ་ཤ་ར་འཐོབ་ཨིན།ནད་གཞི་འདི་ཚུ་སྨན་བཅོས་ག་དེ་ཅིག་འབད་རུང་
བཅོ་མ་ཚུགས་པར་ཤི་ནི་ལུ་ཐུགཔ་ཨིན།དེ་མ་ཚད་ཆང་གིས་གཙང་སྦྲ་འཕྲོད་བསྟེན་ལུ་ཡང་གནོད་པ་ཡོདཔ་ཨིན།ཆང་གི་སྐྱུར་དྲི་གིས་
ཁྱིམ་གངམ་མ་ཚད་སྦྱང་ནག་ཚུ་ཡང་འཁོརཝ་ཨིན།སྦྱང་ནག་འདི་ཚུ་ཧོད་ཆ་དང་བཞེས་སྒོ་ལྷག་མཇུག་ག་ཏེ་ཡོད་སར་ཆགས་ཏེ་ཁམས་ལོག་
སི་སི་བཟོཝ་ལས་བརྟེན་སྨན་གྱིས་བཅོ་མ་ཚུགས་པའི་ནད་གཞི་གདུག་དྲག་འཐོབ་ནིའི་ཉེན་ཁ་ཡོདཔ་ཨིན།
དེ་འབད་ནི་འདི་གིས་ཆང་འདི་ལུ་རྒྱུ་ཟད་སྦུང་ཟད་འགྱོ་ནི་མ་གཏོགས་ཡོན་ཏན་རྩ་བ་ཉིད་ལས་མིན་འདུག།ཆང་འདི་ག་དེ་དྲག་དྲག་སྤངས་ཚུགས་པ་ཅིན་གཙང་སྦྲ་དང་གཟུགས་ཀྱི་འཕྲོད་བསྟེན་བདེ་ཐབས་དང་རང་དང་གཞན་ག་ར་སེམས་སྐྱིད་ལུས་སྐྱིད་འོང་ནི་
ཨིནམ་སེམས་ཁར་བཞག་སྟེ་ཆང་འཐུང་ནི་འདི་སྤངས་དགོ་ནི་ཨིན་མས་གོ།




འབྲི་རྩོམ་འདི་ནང་ལུ་དྲི་བ་དང་པ་དང་གཉིས་པ་འབད་ཡོད།དེ་གཉིས་ལས་ག་འབད་རུང་ཚན་གཅིག་གདམ་ཁ་རྐྱབ་སྟེ་
སྐུགས་༣༥གི་ལན་བྲིས།
དྲི་བ་ཚན་དང་པ།ལན་གདམ་ཁ་ཅན་གྱི་དྲི་བ།༼སྐུགས་༡྾༡༥=༡༥༽
ཀ༽འོག་གི་དྲི་བ་རེ་ལུ་ལན་བཞི་རེ་ཡོད་ས་ལས་ལན་ངོ་མ་གཅིག་ཡོད་མི་འདི་གདམ་ཁ་རྐྱབ་སྟེ་བྲིས།
/ ཆང་ཟེེར་མི་འདི་་་་་་་
ཀརང་གི་སེམས་ཁམས་ཀྱི་ནད་གཞི་བསལ་མི་ཅིག་ལུ་སླབ་ཨིན།
ཁགཟུགས་ཁར་ཕན་པའི་སྨན་གྱི་རིགས་ཅིག་ལུ་སླབ་ཨིན།
གར་བཟི་ནིའི་ནུས་པ་ཡོད་པའི་ཆུའི་རྣམ་པ་ཅིག་ལུ་སླབ་ཨིན།ངསྤྱིར་བཏང་ཆུ་གི་རིགས་ག་ར་ལུ་སླབ་ཨིན།
/ སྨྱོས་ཟེར་མི་འདི་་་་་་
ཀཁ་སྐོམ་ནི།ཁའུ་སྡུག་ནི།
གར་བཟི་ནི།ངསྡུགབསྔལ་མྱོང་ནི།
/ ཆང་འདི་གིས་འཐུང་མི་ཚུ་གི་་་་་་
ཀལྟོཝ་བསྐྱེད་སངས་བཅུག་ནི།ཁཁ་སྐོམ་སངས་བཅུག་ནི།
གའུ་སྡུག་སངས་བཅུག་ནི།ངརྒྱུ་ནོར་རྫོགས་བཅུག་ནི།
/ ཆང་འཐུང་པ་ཅིན་དེའི་ནུས་ཤུགས་ཀྱིས་དྲན་ཤེས་ཉམས་ཏེ་་་་་
ཀདཔེ་ཆ་ལྷབ་ནི་ལུ་བརྩོན་ཤུགས་བསྐྱེདཝ་ཨིན།ཁརང་གི་སེམས་འདི་རང་དབང་མེད་པར་ག་མནོ་སར་ཤོརཝ་ཨིན།
གརང་གི་ཚེ་ཡུན་རིངམོ་འབད་སྡོད་ཚུགས།ངལྟག་གི་འདི་གསུམ་ཆ་ར་ཨིན།
/ སྨད་པའི་གནས་ལུ་འགྱུརཝ་ཨིན་ཟེརཝ་ད་སྨད་པ་ཟེར་མི་འདི་་་་་་་
ཀརོགས་ཀྱིས་ཁ་བཏང་ནི།ཁརོགས་ཀྱིས་ཤོབ་རྐྱབ་ནི།
གརོགས་ཀྱིས་མིག་ཁར་ཚུད་ནི།ངརོགས་ངལ་རངས་ནི།
/ ད་རེས་ནངས་པར་བཙོན་ཁང་ནང་འཛུལ་མི་མང་སུ་འཐོན་མི་འདི་་་་་་
ཀབཟའ་ནི་འཐུང་ནི་མ་ལངས་ནི་འདི་གིས་ཨིན།ཁགཅིག་གིས་གཅིག་རྡུང་རྫོབ་དང་དམར་བསད་འབདཝ་ལས་ཨིན།
གསེམས་ཅན་བསད་ནི་འདི་གིས་ཨིན།ངསློབ་གྲྭའི་སྒྲིག་ལུ་མ་གནས་ནི་འདི་གིས་ཨིན།
/ འབྲི་རྩོམ་འདི་དབྱེ་བ་ག་ཅི་ནང་ཚུདཔ་སྨོ?
ཀརྒྱུད་བསྐུལ་འབྲི་རྩོམ།ཁའཆར་སྣང་འབྲི་རྩོམ།
གལོ་རྒྱུས་འབྲི་རྩོམ།ངའགྲེལ་བཤད་འབྲི་རྩོམ།
/ ཆང་འཐུང་པའི་གནོད་པ་འདི་་་་
ཀཆོས་་ཀྱི་ཁ་ཐུག་ལས་མི་བཏུབ།ཁའཇིག་རྟེན་གྱི་ཁ་ཐུག་ལས་མི་བཏུབ།
གམཚན་རིག་གྱི་ཁ་ཐུག་ལས་མི་བཏུབ།ངཆོས་དང་འཇིག་རྟེན་གཉིས་ཆ་རའི་ཁ་ཐུག་ལས་མི་བཏུབ།
/ སྤྱིར་བཏང་ཆང་འདི་་་་་་་
ཀཁྲོམ་ཁར་དང་གྲོང་གསེབ་རྐྱངམ་ཅིག་བཙོངམ་ཨིན།ཁང་བཅས་རའི་རྒྱལ་ཁབ་ནང་རྐྱངམ་ཅིག་བཙོངམ་ཨིན།
གརྒྱལ་ཁབ་ནང་འཁོད་ལུ་བཙོངམ་ཨིན།ངརྒྱ་གར་རྒྱལ་ཁབ་ནང་འཁོད་ལུ་བཙོངམ་ཨིན།
༡༠/ རྒྱུ་ཟད་སྦུང་ཟད་འགྱོ་ནི་མ་གཏོགས་ཟེརཝ་ད་སྦུང་ཟད་ཟེར་མི་འདི་་་
ཀརྒྱུ་ནོར་ལོངས་སྤྱོད་ཟད་འགྱོ་མི་ལུ་སླབ་ཨིན།ཁརང་གི་རྒྱུད་ལུ་ནད་གཞི་མ་འདྲཝ་འཐོབ་མི་ལུ་སླབ་ཨིན།
གརང་གི་གཟུགས་ཀྱི་སྟོབས་མར་ཉམས་མི་ལུ་སླབ་ཨིན།ངཪང་གི་རྒྱུད་ལུ་རོགས་ཀྱིས་སྨད་པ་རྐྱབ་མི་ལུ་སླབ་ཨིན།
༡༡/ འབྲི་རྩོམ་འདི་ཚུ་་་་་
ཀསྙན་རྩོམ་གྱི་གྲངས་སུ་ཚུདཔ་ཨིན།ཁགཏམ་རྒྱུད་ཀྱི་གྲངས་སུ་ཚུདཔ་ཨིན།
གརྩོམ་རིག་གི་གྲངས་སུ་ཚུདཔ་ཨིན།ངའགྲེལ་བཤད་ཀྱི་གྲངས་སུ་ཚུདཔ་ཨིན།
༡༢/ དུད་འགྲོ་སེམས་ཅན་ཟེར་མི་འདི་་་་་
-  མི་ལུ་སླབ་ཨིན།ཁ -  རི་དགས་སེམས་ཅན་ལུ་སླབ་ཨིན།
-  སྒོ་ནོར་སེམས་ཅན་ལུ་སླབ་ཨིན།ང་ -  གོང་གི་ཁ་དང་ག་གཉིསཔོ་འདི་ཨིན།།
13/ ཆང་འདི་སྤང་ཚུགས་པ་ཅིན་་་་་
ཀགཙང་སྦྲ་འཕྲོད་བསྟེན་བརྟེན་ཚུགས།ཁགཟུགས་ཀྱི་འཕྲོད་བསྟེན་བདེ་ཏོག་ཏོ་བཞག་ཚུགས།
གརང་གཞན་ག་ར་གི་ལུས་དང་སེམས་སྐྱིད་ཚུགས།ངལྟག་གི་གསུམ་ཆ་ར་ཨིན།
༡༤/ སྒོ་༣་ཟེར་མི་འདི་་་་་
ཀལུས།ངག།ཡིད་གསུམ་ཨིན།ཁཆང་།སྨྱོ་རྫས།གཏམ་ཁུ་གསུམ་ཨིན།
གཉན་ནི་།སླབནི།འབྲི་ནི་༣ལུ་སླབ་ཨིན།ངསངས་རྒྱས།ཆོས།དགེ་འདུན་ལུ་སླབ་ཨིན།
༡༥/ སྤྱིར་བཏང་ཆང་འཐུང་ནི་འདི་་་
ཀབར་སྐབས་ཅིག་ལས་འགོ་བཙུགས་ནུག།ཁདུས་དང་ཕུ་ལས་འགོ་བཙུགས་ནུག།
གད་རེས་ནངས་པ་འགོ་བཙུགས་ནུག།ངལྟག་གི་གསུམ་ཆ་ར་ཨིན།
ཁ༽ལན་ཐུང་གི་དྲི་བ།༼སྐུགས་༥྾༤=༢༠༽
འོག་གི་དྲི་བ་ཚུ་གི་ལན་ཐུང་སུ་འབད་བྲིས།
/ ཆང་གིས་འཇིག་རྟེན་སྨྱོས་འགྱུར་ཞིང་།།དོན་ཉམས་ནོར་ཡང་ཟད་པར་འགྱུར།།ཟེར་བའི་ཚིག་རྐང་གཉིསཔོ་འདི་གིས་དོན་དག་
རྫོང་ཁའི་ནང་བཤད་པ་རྐྱབ་སྟེ་བྲིས།                             (༥)
/ གོང་གི་འབྲི་རྩོམ་ལས་བརྟེན་ཏེ་ཁྱོད་ཀྱིས་ཡོན་ཏན་ག་ཅི་རང་ཐོབ་ཅི?   ཡོན་ཏན་ལེགས་ཤོམ་ལྔ་བྲིས།    (༥)
/ འབྲི་རྩོམ་འདི་ག་ཅི་གི་གྲངས་སུ་ཚུདཔ་སྨོ།གོ་དོན་བྲིས།(༥)
/ འོག་གི་མིང་ཚིག་ཚུ་གི་རྫོད་ཚིག་བཟོ།                                          1x5=5
/ རྩ་རྒས།༢/ སྨད་པ།༣/ གཙང་སྦྲ་འཕྲོད་བསྟེན།༤/ ལྷག་མཇུག།༥/ སྐྱུར་དྲི།
དྲི་བ་ཚན་གཉིས་པ།ལན་རིངམོ་གི་དྲི་བ།སྐུགས་༣༥།
འོག་གི་དྲི་བ་ཚུ་གི་ལན་རིང་སུ་འབད་བྲིས།
/ འབྲི་རྩོམ་འདི་གིས་བརྗོད་དོན་ངོ་མ་ག་ཅི་སྟོནམ་སྨོ།དོན་མཚམས་༢ནང་བྲིས།(༡༠)
/ འབྲི་རྩོམ་འདི་གིས་ཁྱོད་ཀྱི་སེམས་ཁར་ག་ཅི་འབད་ནི་ལུ་རྒྱུད་བསྐུལ་འབདཝ་མས།ཁྱོད་རའི་བསམ་འཆར་བྲིས།(༡༠)
/ ཆང་འདི་འཐུང་པ་ཅིན་གསོ་བ་དང་ཆོས་ཀྱི་ཁ་ཐུག་ལས་གནོད་པ་ག་ཅི་བཟུམ་རང་འོང་ནི་མས་གོ? ཁ་གསལ་བྲིས།(༡༠)
/ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཆང་འདི་བཀག་དམ་འབད་ནི་ལུ་ཐབས་ཤེས་ག་ཅི་བཟུམ་ར་ལག་ལེན་འཐབ་དགོཔ་
འདུག? ཐབས་ཤེས་མ་འདྲཝ་ལྔ་ཐོ་བཀོད་འབད།                             (༥)
སྙན་རྩོམ།
ཕོ་རབ་གཅིག་གི་བློ་རྩལ་ལས།
ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།
ཕ་བཟང་བུ་ལུ་བསླབ་བྱ་དགོ།
བུ་བཟང་ཕ་མར་བརྩེ་གདུང་དགོ།
མི་བཟང་ཁ་ཉུང་ཁོག་ཡངས་དགོ།
མི་བཟང་བསམ་བཟང་སྤྱོད་བཟང་དགོ།
དཔོན་བཟང་འབངས་ལུ་བྱམས་སྐྱོང་དགོ།
འབངས་བཟང་དཔོན་ལུ་བརྩི་བཀུར་དགོ།
བཟང་པོའི་ཁོག་པར་གསེར་དང་།
ངན་པའི་ཁོག་པར་དུག།


དྲི་བ་ཚན་དང་པ།ལན་གདམ་ཁ་ཅན་གྱི་དྲི་བ།༼སྐུགས་༡྾༡༠=༡༠༽
འོག་གི་དྲི་བ་རེ་ལུ་ལན་བཞི་རེ་ཡོད་ས་ལས་ལན་ངོ་མ་གཅིག་ཡོད་མི་འདི་གདམ་ཁ་རྐྱབ་སྟེ་བྲིས།
/ སྙན་རྩོམ་གྱི་གྲངས་སུ་ཚུད་མི་་་་་་་
ཀཞབས་ཁྲ་རྐྱངམ་ཅིག་ཨིན།ཁདཔྱེ་གཏམ་རྐྱངམ་ཅིག་ཨིན།
གབློ་ཟེ་རྐྱངམ་ཅིག་ཨིན།ངཞབས་ཁྲ།བློ་ཟེ།དཔྱེ་གཏམ་ཚུ་ཨིན།
2/ གོང་གི་སྙན་རྩོམ་འདི་་་་་།
ཀཞབས་ཁྲ་ཨིན།ཁབློ་ཟེ་ཨིན།
གརྩང་མོ་ཨིན།ངདཔྱེ་གཏམ་ཨིན།
/ དཔྱེ་གཏམ་འདི་ཚུ་མང་ཤོས་ཅིག་་་་་།
ཀདཔེའི་སྒོ་ལས་འོངམ་ཨིན།ཁདོན་གྱི་སྒོ་ལས་འོངམ་ཨིན།
གདཔེ་དང་དོན་གཉིས་ཆ་རའི་སྒོ་ལས་འོངམ་ཨིན།ངལྟག་གི་འདི་གསུམ་ཆ་ར་མེན།
/ ཕོ་རབ་གཅིག་གི་བློ་རྩལ་ལས་ཟེརཝ་ད་རབ་ཟེར་མི་འདི་་་་་་།
ཀཡ་རབ་ཟེར་བའི་དོན་ཨིན།ཁཟོགཔ་ཡོད་པའི་དོན་ཨིན།
གཧ་ལམ་ཅིག་ཡོད་པའི་དོན་ཨིན།ངའཇའ་རིསམོ་ཡོད་པའི་དོན་ཨིན།
/ དཔྱེ་གཏམ་འདི་ཚུ་ག་ར་་་་་་།
ཀཚིག་བཅད་ནང་འོངམ་ཨིན།ཁཚིག་ལྷུག་ནང་འོངམ་ཨིན།
གབཅད་ལྷུག་གཉིས་ཆ་ར་ནང་འོངམ་ཨིན།ངགསུམ་ཆ་ར་ནང་འོངམ་ཨིན།
/ མི་བཟང་བསམ་བཟང་སྤྱོད་བཟང་དགོ་ཟེར་བའི་སྐབས་སྤྱོད་བཟང་ཟེར་མི་འདི་་་་་་་།
ཀརྒྱུ་ནོར་ལོངས་སྤྱོད་ཡོད་མི་ལུ་གོཝ་ཨིན།ཁའབད་གཞག་བཅའ་གཞག་ཡོད་མི་ལུ་གོཝ་ཨིན།
གངོ་རིར་འཇའ་རིསམོ་ཡོད་མི་ལུ་གོཝ་ཨིན།ངམི་མཁས་པ་ཚུ་ལུ་གོཝ་ཨིན།
/ བཟང་པོའི་ཁོག་པ་གསེར་དང་ཟེར་བའི་སྐབས་གསེར་ཟེར་མི་་་་་་་།
ཀཁ་མདོག་སེརཔོ་གི་རིགས་ལུ་སླབ་ཨིན།ཁཁ་མདོག་དམརཔོ་གི་རིགས་ལུ་སླབ་ཨིན།
གལེགས་ཤོམ་གྱི་རིགས་ལུ་སླབ་ཨིན།ངཟོགཔ་གི་རིགས་ལུ་སླབ་ཨིན།
/ དཔྱེ་གཏམ་འདི་ཚུ་བློ་སླབ་པའི་སྐབས་་་་་་་།
ཀསྐབས་ཐོབ་དང་བསྟུན་ཏེ་ལག་ལེན་འཐབ་དགོ།ཁག་ཐོབ་སྦེ་ལག་ལེན་འཐབ་དགོ།
གལག་ལེན་འཐབ་ནི་ར་མི་འོང་།ངལག་ལེན་འཐབ་ནི་འདི་ལེགས་ཤོམ་མེན།
/ ཕ་བཟང་བུ་ལུ་བསླབ་བྱ་དགོ།བུ་བཟང་ཕ་མར་བརྩེ་གདུང་དགོ།ཟེར་བའི་སྐབས་་་་་་།
ཀགོངམ་དང་གཡོག་གི་བར་ན་གི་འབྲེལ་བ་སྟོནམ་ཨིན།ཁཕམ་དང་བུ་ཚུ་གི་བར་ན་གི་འབྲེལ་བ་སྟོནམ་ཨིན།
གའཆམ་མཐུནམ་གི་བར་ན་གི་འབྲེལ་བ་སྟོནམ་ཨིན།ངགཉེན་དང་གྲོགས་ཀྱི་བར་ན་གི་འབྲེལ་བ་སྟོནམ་ཨིན།
༡༠/ དཔྱེ་གཏམ་འདི་་་་་་།
ཀསྔོན་དང་ཕུ་ལས་དར་ཡོད་པའི་ལམ་སྲོལ་ཅིག་ཨིན།ཁབར་སྐབས་ཅིག་ལས་འབྱུང་བའིལམ་སྲོལ་ཅིག་ཨིན།
གདེང་སངས་ད་རེས་ནངས་པའི་ལམ་སྲོལ་ཅིག་ཨིན།ངགོང་གི་འདི་གསུམ་ཆ་ར་མེན།
ཁ།ལན་ཐུང་གི་དྲི་བ།༼སྐུགས་༢༠༽
འོག་གི་དྲི་བ་ཚུ་གི་ལན་ཐུང་སུ་འབད་བྲིས།
/ ཕ་བཟང་བུ་ལུ་བསླབ་བྱ་དགོ།བུ་བཟང་ཕ་མར་བརྩེ་གདུང་དགོ།ཟེར་མི་ཚིག་རྐང་གཉིསཔོ་འདི་གི་དོན་དག་དོན་མཚམས་༡ནང་བྲིས།(༦)
/ མི་བཟང་ཁ་ཉུང་ཁོག་ཡངས་དགོ།མི་བཟང་བསམ་བཟང་སྤྱོད་བཟང་དགོ།ཟེར་མི་ཚིག་རྐང་གཉིསཔོ་འདི་གི་དོན་དག་
དོན་མཚམས་༡ནང་བྲིས།(༧)
/ བཟང་པོའི་ཁོག་པ་གསེར་དང་།།ངན་པའི་ཁོག་པ་དུག།།ཟེར་མི་ཚིག་རྐང་གཉིསཔོ་འདི་གི་དོན་དག་དོན་མཚམས་༡ནང་བྲིས།(༧)
དྲི་བ་ཚན་གཉིས་པ།ལན་རིངམོ་གི་དྲི་བ།༼སྐུགས་༣༠༽
འོག་གི་དྲི་བ་ཚུ་གི་ལན་རིངམོ་འབད་བྲིས།
/ ཁྱོད་རང་གི་ཤེས་མི་དཔྱེ་གཏམ་ གསུམ་འབད་མི་ཅིག་བྲིས།(༡༠)
/ དཔྱེ་གཏམ་འདི་གིས་ང་བཅས་རའི་རྒྱུད་ལུ་མནོ་རིགས་གོང་འཕེལ་འགྱོ་འོང་? ཁྱོད་རའི་བསམ་འཆར་
དོན་མཚམས་༢ནང་བྲིས།(༡༠)
/ གོང་གི་སྙན་རྩོམ་འདི་ལྷག་ཞིནམ་ལས་ཁྱོད་ཀྱིས་དོན་དག་ག་དེ་སྦེ་ཧ་གོ་ཡི? དོན་མཚམས་༢ནང་བྲིས།(༡༠)




བཀྲིས་བདེ་ལེགས།




                                      

Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...