Skip to main content

Class VII/AE-DzoII-2017


རྫོང་ཁག་ཤེས་རིག་སྡེ་ཚན།
གསར༌སྤང༌རིག༌རྩལ༌ལྕོགས༌གྲུབ༌དབྱེ༌ཞིབ༌ཀྱི༌ལོ༌འཁོར༌ཆོས༌རྒྱུགས།
སྤྱི་ལོ་༢༠༡༧།
ཆོས་ཚན་་རྫོང་ཁ།སྐུགས་བསྡོམས་༡༠༠།
སློབ་རིམ་བདུན་པ།རྫོང་ཁའི་དྲི་ཤོག་གཉིས་པ།དུས་ཡུན་ཆུ་ཚོད་༢།        
འོག་གི་བཀོད་རྒྱ་ཚུ་ལེགས་ཤོམ་སྦེལྷག་སྟེ་བལྟ།

༡འབྲི་ནི་འགོ་མ་བཙུགས་པའི་ཧེ་མ་སྐར་མ་༡༥གི་རིང་ལུ་དྲི་ཤོག་འདི་ལེགས་ཤོམ་སྦེ་ལྷག་སྟེ་བལྟ།ལྷག་ཚར་བའི་ཤུལ་ལས་
འབྲི་ནི་གི་དུས་ཡུན་ཆུ་ཚོད་༢ཡོད།
༢དྲི་ཤོག་འདི་ནང་དྲི་བ་སྡེ་ཚན་གསུམ་ཡོད།སྡེ་ཚན་ཀ་སྲུང་དང་གཏམ་རྒྱུད།ཁ་འབྲི་རྩོམ།ག་སྙན་རྩོམ།      སྡེ་ཚན་རེ་རེ་་ལུ་ཡང་དྲི་བ་ཚན་གཉིས་རེ་སྦེ་ཡོད།དྲི་བ་ཚན་དང་པའི་ནང་དྲི་བ་ཀ་ཁ་དང་དྲི་བ་ཚན་གཉིས་པའི་ནང་ལུ་ཡང་
  ཀ་ཁ་སྦེ་བཀོད་དེ་ཡོད།སྡེ་ཚན་རེ་ལས་ཁྱོད་ཀྱིས་དྲི་བ་ཚན་རེ་ཨིན་ཅིག་མིན་ཅིག་གདམ་ཁ་རྐྱབ་སྟེ་ལན་འབྲི་དགོ།
༣ཁྱོད་ཀྱིས་དྲི་བ་ཚན་བསྡོམས་གསུམ་གི་ལན་འབྲི་དགོ་དེ་འབདཝ་ད་དྲི་བ་ཚན་གཉིས་པའི་ནང་ལས་དྲི་བ་༡ཨིན་ཅིག་མིན་ཅིག་
གདམ་ཁ་རྐྱབ་སྟེ་ལན་འབྲི་དགོ།
༤སྡེ་ཚན་རེ་རེ་ནང་ཡོད་པའི་དྲི་བ་ཚན་གཉིས་ཆ་ར་གདམ་ཁ་རྐྱབ་མི་ཆོག།
༥སྡེ་ཚན་དང་འཁྲིལ་བའི་དྲི་བ་ཚན་རེ་རེ་བཞིན་གྱི་དྲི་བའི་བཀོད་རྒྱ་ཚུ་ཁ་གསལ་སྦེ་བཀོད་ཡོད་མི་ཚུ་ལེགས་ཤོམ་སྦེ་ལྷག་
སྟེ་ལན་བྲིས།
༦ཆོས་རྒྱུགགས་ཁང་ལས་འཐོན་མ་འགྱོ་བའི་ཧེ་མ་དྲི་བ་ཚན་གསུམ་གྱི་ལན་བྲིས་མ་འབྲི་དང་ཁྱོད་རའི་མིང་འབྲི་མ་འབྲི་བལྟ།







སྡེ་ཚན་ཀ་སྲུང་དང་གཏམ་རྒྱུད།སྐུགས་༣༥།

འོག་གི་སྲུང་གི་བརྗོད་མཚམས་འདི་ལེགས་ཤོམ་འབད་ལྷག་ཞིན་ན་དྲི་བ་ཚན་གཉིས་ཡོད་ས་ལས་གཅིག་གདམ་ཁ་རྐྱབ་སྟེ་སྐུགས་༣༥གི་ལན་ཚངམ་འབད་བྲིས།
‘‘ངེའི་ཧིང་དང་འདྲ་བའི་རྟིའུ་ཅུང་དེ།།རིན་ཆེན་སྲོག་དང་འབྲལ་ནི་འབད་རུང་ར།།ཨོམ་ཅིག་བྱིན་ནིའི་དབང་ཚད་ང་ལུ་མེད།།
དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་ཟེར་མི་དེ།།དེམ་ཅིག་ལས་བརྒལ་ཏེ་མི་འོང་རྨེ།།ཟེར་ལོག་བལྟ་ཡི་ར་འགྱོ་བའི་སྐབས་རྟིའུ་ཅུང་དེ་སྐྱོ་སི་སི་འབད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དྲི་བ་ཚན་དང་པ་ཀ།གདམ་ཁ་ཅན།(༡༥x=༡༥)
ཀ༽འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་༤རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་༡ཡོད་མི་འདི་གདམ་ཁ་རྐྱབ་སྟེ་ གོར་ཐིག་བཀལ།
         ཚོང་དཔོན་གྱི་མིང་
        དབང་འདུས་ཟེར་སླབ་ཨིན།                                   རྡོ་རྡོ་ཟེར་སླབ་ཨིན།
        ཕུན་ཚོགས་ཟེར་སླབ་ཨིན།                                     རྡོ་རྗེ་ཟེར་སླབ་ཨིན།

        རེད་དཀར་ནས་གེ་ཟ་ཚུ་ལུ་
        ཚོད་བསྲེའི་རིགས་ཟེར་སླབ་ཨིན།             ཁཤིང་འབྲས་ཀྱི་རིགས་ཟེར་སླབ་ཨིན།
        འབྲུ་སྣའི་རིགས་ཟེར་སླབ་ཨིན།                         ངལག་ཆའི་རིགས་ཟེར་སླབ་ཨིན།

         ཁོ་ཚོང་འབྲེལ་འཐབ་ད་ཚོང་ཕར་ཚུར་སྐྱེལ་འདྲེན་འབད་མི་
                  གནམ་གྲུ་ཅིག་ཡོདཔ་མས།                                     ཤིང་རྟ་འཁོར་ལོ་ཅིག་ཡོདཔ་མས།
                  སྣུམ་འཁོར་ཅིག་ཡོདཔ་མས།                                   རེ་ལི་ཅིག་ཡོདཔ་མས།

        ཤིང་རྟ་འཁོར་ལོ་འཐེན་མི་རྟ་རྒོདམ་གི་མིང་
                  རྡོ་རྡོ་ཟེར་སླབ་ཨིན།                                          སྨིན་དྲུགམོ་ཟེར་སླབ་ཨིན།
                  རྟིའུ་ཅུང་ཟེར་སླབ་ཨིན།                                      བྱང་སེམས་ཟེར་སླབ་ཨིན།

        དུས་རྒྱུན་ཟེར་མི་འདི་
        ཨ་རྟག་ར་ཟེར་བའི་དོན་ཨིན།                         ཁའཕྲལ་འཕྲལ་ཟེར་བའི་དོན་ཨིན།
        མགྱོགས་པར་རང་ཟེར་བའི་དོན་ཨིན།                             ངཡོད་ཚད་མེད་ཚད་ཟེར་བའི་དོན་ཨིན།

༦ཟླཝ་དང་པ་གཉིས་པ་གསུམ་པ་ལུ་ག་ཅི་སླབ་སྨོ?
ཀདགུན་ཟེར་སླབ་ཨིན།ཁསེར་ཁ་ཟེར་སླབ་ཨིན།
གསོ་ཀ་ཟེར་སླབ་ཨིན།ངབྱཱར་ཟེར་སླབ་ཨིན།

༧ཤིང་རྟ་འཁོར་ལོ་གུ་དོས་ཚུ་
ཀརི་བཟུམ་སྤུངས་ཏེ་བཀལ་ནུག།ཁམོ་རང་གིས་འབག་ཚུགས་ཚུགས་བཀལ་ནུག།
གབཀལ་རང་མ་བཀལ་ནུག།ངཁྱིམ་བཟུམ་བཀལ་ནུག།

༨གནམ་སེར་ཁའི་དུས་ཚོད་འདི་
ཀཟླཝ་དང་པ་གཉིས་པ་གསུམ་པ་ཨིན།ཁཟླཝ་བདུན་པ་བརྒྱད་པ་དགུ་པ་གསུམ་ཨིན།
གཟླཝ་བཞི་པ་ལྔ་པ་དྲུག་པ་གསུམ་ཨིན།ངབཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་གསུམ་ཨིན།

༩ཏོག་ཙེ་གན་སྟེ་རྐོ་ཏིག་ཚུ་
ཀཚོང་འབྲེལ་གྱི་མཁོ་ཆས་ཨིན།ཁགྱོན་ཆས་ཀྱི་རིགས་ཨིན།
གསོ་ནམ་གྱི་ལག་ཆས་ཨིན།ངབཟའ་འཐུང་གི་ཅ་ཆས་ཨིན།

༡༠སྲུང་གི་དབྱེ་བ་གཉིས་འདི་
ཀའགྲེལ་བཤད་དང་དངོས་སྲུང་གཉིས་ཨིན།ཁརྒྱུད་སྐུལ་དང་འཆར་སྲུང་ཨིན།
གལོ་རྒྱུས་དང་དངོས་སྲུང་ཨིན།ངའཆར་སྲུང་དང་དངོས་སྲུང་ཨིན།

༡༡བཀོལ་སྤྱོད་ཟེར་མི་འདི
ཀལཱ་འབད་བཅུག་མི་ལུ་སླབ་ཨིན།ཁཁུར་ཆ་བཀལ་མི་ལུ་སླབ་ཨིན།
གཚོང་རྐྱབ་མི་ལུ་སླབ་ཨིན།ངསྡུག་བསྔལ་མྱོང་བཅུག་མི་ལུ་སླབ་ཨིན།

༡༢སྲུང་འདི་ནང་སྲུང་རྩེདཔ་
ཀགསུམ་འདུག།ཁབཞི་འདུག།
གལྔ་འདུག།ངདྲུག་འདུག།


༡༣སྲུང་འདི་ནང་གི་འཚོར་བ་
ཀདགོད་བྲ་སི་སི་འདུག།ཁརྔམ་སི་སི་འདུག།
གའདྲོག་སི་སི་འདུག།ངསྡི་ཆེ་སི་སི་འདུག།

༡༤སྲུང་དང་གཏམ་རྒྱུད་འདི་
ཀསྙན་རྩོམ་གྱི་ནང་གསེས་ཅིག་ཨིན།ཁརྩོམ་རིག་གི་དབྱེ་བ་ཅིག་ཨིན།
གའབྲི་རྩོམ་གྱི་ཁྱད་ཆོས་ཅིག་ཨིན།ངརྩང་མོའི་གཞི་རྩ་ཅིག་ཨིན།

༡༥སྲུང་གི་བཅུད་དོན་་
ཀསེམས་ཅན་ཚུ་གཡོག་བཀོལ་དགོཔ་ཨིན་པས།ཁསེམས་ཅན་ཚུ་སྲོག་གཅོད་འབད་དགོཔ་ཨིན་པས།
གམནོ་མེད་སེམས་ཅན་ལུ་བྱམས་སེམས་བསྐྱེད་དགོཔ་ཨིན་པས།ངབྱམས་པ་དང་སྙིང་རྗེ་བསྐྱེད་མ་དགོཔ་ཨིན་པས།

ཁ༽འོག་གི་དྲིབ་ཚུ་དྲནམ་བཏོན་ཏེ་ལྷག་ཞིནམ་ལས་ལན་ཐུང་སུ་འབད་བྲིས།                             (×=༢༠)
         གནམ་ཟླ་དུས་བཞི་ཟེར་མི་འདི་ག་ཅི་དང་ག་ཅི་རང་སྨོ? རེ་རེ་བཞིན་དུ་ཁག་དབྱེ་སྟེ་བྲིས།
         རྟ་རྒོདམ་འདི་གི་མིང་ལུ་སྨིན་དྲུགམོ་ཟེར་བཏགས་དགོ་པའི་ཁུངས་ག་ཅི་སྨོ?
         གནམ་ཟླ་དུས་བཞི་འགྱུར་བ་དང་བསྟུན་ཚོང་འབྲེལ་ག་ཅི་རང་འཐབ་སྨོ?

༤འོག་གི་མིང་ཚིག་ཚུ་གི་འགལ་མིང་བྲིས།
ཀ།ཕྱི་རུ།             ཁ།གདོང་ཁ།                    ང་།སྡོད།   ཅ།སྐྱོ་སི་སི། ཆ།བྱཱར།

དྲིབ་ཚན་གཉིས་པ།                                                                                  སྐུགས་ (༣༥)
འོག་གི་དྲི་བ་ཚུ་དྲནམ་བཏོན་ཏེ་ལྷག་ཞིནམ་ལས་ལན་ཚུ་རིངམོ་འབད་བྲིས།
༡སྨིན་དྲུག་མོ་གིས་སྡུག་བསྔལ་ག་ཅི་བཟུམ་མྱོང་རུང་སྡོད་ནི་གི་རང་དབང་ཅིག་མ་པ་ལས་མ་འཐོབ་པས།འདི་ག་ཅི་ལས་བརྟེན་
ཨིན་ན?ཁྱོད་རའི་བསམ་འཆར་དོན་མཚམས་༢ལྷགཔ་ཅིག་བཀོད།                                   ༨།
༢རྟིའུ་ཅུང་ཨོམ་འཐུང་ནི་གི་དུས་ཚོད་ཅིག་ཡང་མ་འཐོབ་མི་འདི་ག་ཅི་ལས་བརྟེན་ཨིན་མས? སྨིན་དྲུག་མོ་འདི་རང་གི་ཨའི་དང་
རྟིའུ་ཅུང་འདི་རང་ཨིན་པ་ཅིན་ག་ཅི་བཟུམ་འོང་ནི་མས་གོ་དོན་མཚམས་༢དང་༣གྱི་བར་ན་བྲིས།                              ༨།
༣ང་བཅས་ར་མི་ཚུ་གིས་སེམས་ཅན་ཚུ་དཀའ་ཐུབ་ག་ཅི་བཟུམ་ར་མྱོང་བཅུགཔ་ཨིན་ན? སེམས་ཅན་ཚུ་ལུ་བྱམས་སྐྱོང་
ག་དེ་སྦེ་འབད་ནི་ཨིན་ན? ཁུངས་བཀལ།                                                                           ༩།
༤སྲུང་འདི་ནང་ལས་ཁྱོད་རའི་དགའ་མི་སྲུང་རྩེདཔ་ཅིག་གདམ་ཁ་རྐྱབ་སྟེ་འདི་ལུ་དགའ་དགོ་པའི་སྐོར་ལས་དོན་
མཚམས་ ༣ནང་བཅུད་བཏོན་ཏེ་བྲིས།                                                           ༡༠།

སྡེ་ཚན་ཁ།འབྲི་རྩོམ།སྐུགས་༣༥།

འོག་གི་འབྲི་རྩོམ་འདི་ལེགས་ཤོམ་འབད་ལྷག་ཞིནམ་ལས་དྲི་བ་ཚུ་གི་ལན་བཀོད་རྒྱ་དང་འཁྲིལ་ཏེ་བྲིས།
༉ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན་འདི་འབད་རུང་ཁྱིམ་ནང་ལས་ཕར་ཤ་བསྲེ་ཅིག་མེད་པ་ཅིན་
དུས་རྒྱུན་གྱི་ཚོདམ་བཟོ་ནི་ལུ་ཡང་ཐབས་ཆགས་པའི་སྣང་བ་ཅིག་སྤྱིར་བཏང་སེམས་ལུ་འཆར་མི་འདི་མ་བཏུབ་ཅིག་ཨིན་པས།
དེ་ཡང་ང་བཅས་ར་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ཆོས་སེམས་ཅན་གྱི་མི་སྡེ་བྱམས་པ་དང་སྙིང་རྗེ་ལྡན་པའི་མི་གཞན་ལུ་གནོད་སེམས་
སྤང་མི་ཅིག་འབད་ཆ་བཞགཔ་ཨིན།སྐྱབས་འགྲོ་ལས་དམ་པའི་ཆོས་ལ་སྐྱབས་འཚོལ་ན།།སེམས་ཅན་རྣམས་ལ་གནོད་མི་བྱ།།ཟེར་གསུངས་ཡོདཔ་བཞིན་དུ་ཤ་འདི་བཟའ་བ་ཅིན་ང་བཅས་ར་ཆ་ཁྱབ་བྱམས་པ་དང་སྙིང་རྗེ་ལྡན་མི་ཅིག་ཨིན་པའི་བརྩི་མཐོང་དང་འགལ་བ་འགྱོ་ནི་ཨིན་པས།
རྒྱལ་ཁབ་འདི་ནང་པ་སངས་རྒྱས་པའི་ཆོས་དར་བའི་རྒྱལ་ཁབ་ཅིག་ཨིནམ་ལས་གཞུང་གིས་དུས་ཆེན་ཁྱད་པར་ཅན་ཚུ་ལུ་སེམས་ཅན་སྲོག་གཅོད་འབད་ནི་དང་ཤའི་རིགས་ཉོ་བཙོང་འཐབ་མ་ཆོགཔ་འབད་བཟོ་སྟེ་ཡོད་མི་འདི་སྲིད་བྱུས་དང་ཡང་འགལཝ་མ་ཚད་རང་ལུ་ཡང་
ཚེ་འདི་ཕྱི་གཉིས་ལུ་གནོད་པའི་གཞི་ཅིག་ལས་བརྒལ་མེདཔ་ལས་བརྟེན་ཏེ་ཨིན།ཨིན་རུང་མི་ལ་ལུ་ཅིག་གིས་གཙོ་བོ་རང་གི་རྒྱུན་ལུ་
བྱང་ཆུབ་ཀྱི་སེམས་ཅིག་ཡོད་པ་ཅིན་ཤ་ག་ཅི་བཟའ་རུང་འདི་ལུ་གནོད་པ་ཅིག་མེད་ཟེར་ཨིན་པས།
ཁོང་གིས་བཤད་མི་ནང་ཤ་བཙོང་མི་མེད་པ་ཅིན་ང་བཅས་ཀྱིས་ཉོ་དགོཔ་མེད་བཙོང་མི་འདི་གིས་བཙོངམ་ད་ཟ་མི་གིས་ཟ་དོ་ཡོདཔ་མ་གཏོགས་འདི་ལུ་དངོས་སུ་རང་གིས་སྲོག་གཅོད་ཀྱི་ལཱ་མ་འབདཝ་ལས་སྲོག་གཅོད་ཀྱི་ལས་འདི་རང་ལུ་ཕོག་དགོཔ་རྩ་ལས་མིན་འདུག་ཟེར་བཤདཔ་མ་ཚད་ད་རུང་ཤ་བཟའ་སྟེ་འབད་བ་ཅིན་རང་གི་གཟུགས་སྟོབས་བརྟགས་ནི་དང་གཟུགས་ཁམས་སྒྲིང་སྒྲིང་འབད་སྡོད་ཚུགས་མི་ནམ་རང་འབད་རུང་བདེ་ཏོག་ཏོ་འབད་གནས་ཚུགས་པའི་ཕན་པ་ཡོད་ཟེར་སླབ་ཨིན་པས།ཨིན་རུང་འདི་བཟུམ་བཤད་མི་ལུ་བདོན་ཁུངས་ཅིག་རྩ་ལས་མི་མཐོང་པས།
དོན་དག་ངོ་མ་ལུ་མནོ་བསམ་བཏང་སྟེ་འབད་བ་ཅིན་སྲོག་གཅོད་ཀྱི་ཉེས་པ་མི་ཕོག་ཟེར་མི་འདི་ལུ་བདེན་ཁུངས་ཅིག་མེད་སྲོག་གཅོད་པའི་
ཉེས་པ་མེད་རུང་ཟ་བའི་ཉེས་པ་འདི་གཞན་ཁ་ལུ་འགྱོ་ས་རྩ་ལས་མིན་འདུག།དཔྱེ་གཏམ་ལུ་ཡང་བྱ་ས་ཁར་ཆགསཔ་ད།གྱིབ་མ་གཅིག་ཁར་ཟེར་དོ་བཟུམ་ཤ་བཟའ་བའི་ལས་འདི་རང་ལུ་ཕོགཔ་ངོས་བདེན་ཨིན།དེ་ཡང་ཁྱི་ར་བ་མགོན་པོ་རྡོ་རྗེ་གིས་ཤ་བསད་པའི་སྡིག་པ་ང་ལུ་ཡོད།བཟའ་བའི་སྡིག་པ་ཀུན་ལུ་ཡོད།ཟེར་དོ་བཟུམ་ང་བཅས་ཀྱིས་ཤའི་རིགས་ཚུ་བཟའ་སྤྱོད་འབད་བ་ཅིན་བཙོང་མི་འདི་གིས་ཤ་ཁང་བཙུགས་ཏེ་བཙོང་དགོ་པའི་ལམ་ཅིག་མིན་འདུག་མེན་ན? གཙོ་བོ་ང་བཅས་ཚུ་གིས་ཤ་ལུ་སྦྱངམ་རུབ་དོ་བཟུམ་རུབཔ་ལས་བརྟེན་ཏེ་ཨིན།ཤའི་རིགས་ཚུ་བཟའ་སྤྱོད་འབད་བ་ཅིན་ཚེ་ད་རེས་ལུས་ལུ་ན་ཚ་འཁོར་ཏེ་དགའ་སྐྱིད་མེད་ཚེ་ཕྱི་མ་དམྱལ་བའི་སྡུག་བསྔལ་མྱོང་དགོ་པའི་རྒྱུ་ཅིག་ཨིན་པའི་སྐོར་ལས་་ཉེས་དམིགས་ཡང་མང་རབས་ཅིག་གསུངས་ཡོན་མི་ལུ་མནོ་བསམ་གཏང་སྟེ་ཤ་སྤང་དགོཔ་འདི་ངེས་བདེན་ཅིག་ར་ཨིན་པས་གོ།



དྲིབ་ཚན་དང་པ།                                  གདམ་ག་ཅན།                                               (༡༥×=1)    
ཀ།འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་༤རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་༡ཡོད་མི་འདི་གདམ་ཁ་རྐྱབ་སྟེ་སྒོར་ཐིག་བཀལ།
༡འབྲུག་རྒྱལ་འདི་་
ཀསྨན་སྐྱེས་སའི་རྒྱལ་ཁབ་ཅིག་ཨིན།ཁཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན།
གསངས་རྒྱས་མ་བྱོན་པའི་རྒྱལ་ཁབ་ཅིག་ཨིན།ངདམར་མཆོད་འཕུལ་བའི་རྒྱལ་ཁབ་ཅིག་ཨིན།

༢འབྲུག་མི་ག་རའི་སེམས་ཁར་་་
ཀང་རྒྱལ་དང་ཁྲག་དོག་ཡོད་མི་ཨིན།ཁགནོད་སེམས་བསྐྱེད་མི་ཨིན།
གབྱམས་པ་དང་སྙིང་རྗེ་ཡོད་མི་ཨིན།ངལོག་ལྟ་བསྐྱེད་མི་ཨིན།

༣འགྲེལ་བཤད་འབྲི་རྩོམ་འདི་་
ཀཅ་ལའི་སྐོར་ལས་བཤད་པ་རྐྱབ་སྟེ་འབྲི་ལུ་སླབ་ཨིན།།ཁལོ་རྒྱུས་འབད་འབྲི་མི་ལུ་སླབ་ཨིན།
གཤོབ་རྐྱབ་སྟེ་འབྲི་མི་ལུ་སླབ་ཨིན། ངསྲུང་དང་གཏམ་རྒྱུད་ལུ་སླབ་ཨིན།

༤ཤ་བཟའ་ནི་ལག་ལེན་འཐབ་པ་ཅིན་
ཀསེམས་བདེ་ཏོག་ཏོ་འོངམ་ཨིན།ཁམནོ་བའི་རིག་པ་འཕེལཝ་ཨིན།
གབསམ་པ་བཟང་པོ་བསྐྱེདཔ་ཨིན།ངཚེ་འདི་ཕྱི་གཉིས་ལུ་གནོདཔ་ཨིན།

༥སྲོག་གཅོད་ཟེར་མི་འདི་་
ཀསེམས་ཅན་གསད་མི་ལུ་སླབ་ཨིན།ཁསེམས་ཅན་གསོ་མི་ལུ་སླབ་ཨིན།
གཨརཝ་བརྐུ་མི་ལུ་སླབ་ཨིན།ངཤོབ་རྐྱབ་མི་ལུ་སླབ་ཨིན།

༦འཆར་སྣང་འབྲི་རྩོམ་འདི་་
ཀངོ་མ་འབད་བྲིས་ཡོད་མི་སླབ་ཨིན།ཁསེམས་ཀྱིས་བཟོ་སྟེ་འབྲི་མི་ལུ་སླབ་ཨིན།
གལོ་རྒྱུས་འབད་འབྲི་ལུ་སླབ་ཨིན།ངཚིགས་བཅད་ནང་འབྲི་མི་ལུ་སླབ་ཨིན།

༧ཆོས་ལྡན་གྱི་མི་སེར་ཚུ་་
ཀསྲོག་གཅོད་ཀྱི་ལཱ་ལུ་དགའ་མི་ཨིན།ཁགཞན་ལུ་གནོད་སེམས་སྤང་མི་ཨིན།
གམི་ཚུ་མགུ་སྐོར་རྐྱབ་མི་ཨིན།ངཆོས་ལུ་ལོག་ལྟ་བསྐྱེད་མི་ཨིན།

༨ཤ་བཟའ་བའི་ལས་འདི་་་
ཀརང་ལུ་ངེས་བདེན་ཕོགཔ་ཨིན།ཁམི་གཞན་ལུ་ཕོགཔ་ཨིན།
གག་ལུ་ཡང་མི་ཕོག།ངཤ་བསད་མི་ལུ་ཕོགཔ་ཨིན།
༩བྱ་ས་ཁར་ཆགསཔ་ད་་་་
ཀབྱ་སྤུ་གནམ་ཁར་གཟིང་།ཁཤོག་སྒྲོ་ས་ཁར་འབབ།
གསྒོང་རྡོག་ས་ཁར་འབུད།ངགྱིབ་མར་གཅིག་ཁར་འབབ།
༡༠དུས་ཆེན་ཁྱད་པར་ཅན་ལུ་
ཀདགེ་བའི་ལཱ་འབད་མི་ཆོག།ཁསྦྱིན་པ་གཏང་མི་ཆོག།
གཤ་ཚུ་ཉོ་བཙོང་འཐབ་མི་ཆོག།ངཆོས་ཀྱི་སྐོར་ལས་བཤད་མི་ཆོག།
༡༡འབྲི་རྩོམ་འདི་ལུ་བལྟ་བ་ཅིན་་་
ཀཤ་སྤང་དགོ་པའི་སྐོར་ལས་ཨིན་པས།ཁཤ་བཟའ་དགོཔ་སྦེ་བཤདཔ་མས།
གསྲོག་གཅོད་དགོ་པའི་ཁུངས་ཨིནཔས།ངལཱ་ངན་སྤང་དགོཔ་ཨིན་པས།
༡༢ཤ་ཚུ་བཟའ་སྤྱོད་འབད་བ་ཅིན་
ཀལུས་ལུ་ན་ཚ་ཕོག་སྟེ་དགའ་སྐྱིད་མེད།ཁསངས་རྒྱས་ཀྱི་གོ་འཕང་ཐོབ།
གདཔེ་ཆ་ཤེས་ཚུགས།ངཕ་མའི་དྲིན་ལན་འཇལ་ཚུགས།
༡༣ཤ་བཟའ་བ་ཅིན་གཟུགས་ཁམས་སྒྲིང་སྒྲིང་འབད་སྡོད་ཚུགས་ཟེར་མི་འདི་་
ཀབླམ་གིས་གསུངས་ནུག།ཁདམ་པའི་ཆོས་ལས་འགལ་བ་ཨིན།
གདྲུང་འཚོ་གིས་གསུངསམ་ཨིན།ངཕ་མའི་བསླབ་བྱ་ཨིན།

༡༤འབྲི་རྩོམ་འདི་གི་གནད་དོན་ངོ་མ་་་
ཀཤ་བཟའ་དགོཔ་ཨིན་པས།ཁསྲོག་གཅོད་པའི་ལས་མེད་ཟེར་ཨིན་པས།
གཤ་ཚུ་ཉོ་བཙོང་འཐབ་དགོ་པའི་དོན་ཨིན་པས།ངཉེས་པ་ཆེ་བའི་ཤའི་རིགས་ཚུ་སྤང་དགོཔ་ཨིན་པས།
༡༥བྱམས་པ་དང་སྙིང་རྗེ་ཟེར་མི་དོན་དག་འདི་་
ཀསེམསཅན་ག་ར་བདེ་བ་དང་ལྡན་བཅུག་ཟེར་མནོ་བའི་དོན།ཁའཁོར་བའི་ཉེས་དམིགས་ཨིན།
གསེམས་ཅན་ཚུ་ལས་ཀྱིས་བཀོད་ནུག་ཟེར་བའི་དོན།ངསེམས་ཅན་ག་ར་ཕམ་ཨིན་ཟེར་བའི་དོན།


ཚན་དང་པ་ཁ།                                    སྐུགས་༢༠།
བཀོད་རྒྱ།འོག་གི་དྲི་བ་ཚུ་གི་ལན་ཐུང་སུ་འབད་བྲིས།
༡ཆོས་སེམས་ཆན་གྱི་མི་སྡེ་ཚུ་ག་ཅི་ཨིནམ་སྦེ་ཆ་བཞགཔ་སྨོ?                                                  ()
༢སྐྱབས་འགྲོ་ནང་ལས་ག་དེ་སྦེ་གསུངས་བཞག་ནུག?                                              ()
༣ཤའི་རིགས་ཚུ་བཟའ་སྤྱོད་འབད་བ་ཅིན་ཉེས་དམིགས་ག་ཅི་རང་གསུངས་ནུག?                       ()
༤མི་ལ་ལུ་ཅིག་གིས་ཤ་བཟའ་སྟེ་འབད་བ་ཅིན་ཕན་པ་ག་བཟུམ་ཡོད་ཟེར་སླབ་ཨིན་མས?                ()
༥ཤ་ལག་ལེན་འཐབ་པ་ཅིན་སྲོག་གཅོད་ཀྱི་ཉེས་པ་མ་ཕོག་རུང་ག་ཅི་གི་ལས་འདི་ཕོགཔ་ཨིན་ན?         ()

སྡེ་ཚན་ཁ་ཚན་གཉིས་པ།                           སྐུགས་༣༥།
བཀོད་རྒྱ།འོག་གི་དྲི་བ་ཚུ་གི་ལན་རིངམོ་སྦེ་བྲིས།
༡ཤ་བཙོང་མི་མེད་པ་ཅིན་ང་བཅས་ཉོ་དགོཔ་མེད་ཟེར་མི་འདི་ཁྱོད་ཀྱི་འབད་བ་ཅིན་བདེན་ཁུངས་ག་དེ་
སྦེ་འདུག?   ཁུངས་བཀལ་ཏེ་བྲིས།                                                             ༨།
༢ཁྱི་ར་བ་གིས་ཤ་བསད་པའི་སྡིག་པ་ང་ལུ་ཡོད།ཟ་བའི་སྡིག་པ་ཀུན་ལུ་ཡོད།ག་ཅི་འབད་གསུངས་གསུངསམ་ཨིན་ན?
འབྲི་རྩོམ་གྱིས་གོ་བ་ལེན་ཞིནམ་ལས་བཅུད་དོན་བཏོན་ཏེ་བྲིས།                                                ༨།
༣འབྲི་རྩོམ་འདི་ལྷག་ཞིནམ་ལས་ཁྱོད་ཀྱིས་སྤང་བླང་འབད་དགོ་པའི་ཡོན་ཏན་ཚུ་ག་ཅི་རང་ཐོབ་ཅི་ག? དོན་མཚམས་༢ནང་
ཁུངས་བཀལ་ཏེ་བྲིས།                                                                                   ༩།
༤ཤའི་རིགས་ཚུ་བཟའ་སྤྱོད་འབད་བ་ཅིན་གཟུགས་ཁམས་སྒྲིང་སྒྲིང་འབད་སྡོད་ཚུགས་ཟེར་མི་འདི་ལུ་བདེན་རྫུན་ག་དེ་སྦེ་
ཡོདཔ་ཨིན་ན? དབྱེ་བ་དཔྱད་ཞིནམ་ལས་བཅུད་དོན་ཚུ་བཏོན་ཏེ་ཁུངས་བཀལ།                                 ༡༠།

སྡེ་ཚན་ག།སྙན་རྩོམ།སྐུགས་་༣༠།
སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི།།མཐའ་འཁོར་ཤིང་དང་གངས་རི་བསྐོར།།
ནང་ན་ནོར་འདྲའི་རྒྱལ་པོ་བཞུགས།།མངའ་འབངས་དགའ་སྤྲོ་འགྱུར་ས་ཨིན།།
ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་།།ཆོས་རྒྱལ་རིམ་པ་བྱོན་ཏེ་གིས།།
ཆོས་སེམ་ཅན་གྱི་མི་སེར་ཚུ།།དགའ་སྐྱིད་ཕུན་སུམ་ཚོགས་ཏེ་ཡོད།།
ལྷོ་ཕྱོགས་འཕགས་ཡུལ་རྒྱ་གར་དང་།།བྱང་ཕྱོགས་གངས་ཅན་བོད་ཀྱི་མཚམས།།
བར་ན་བཅས་འབྲུག་རྒྱལ་ཁབ།།ཞིང་ཁམས་བཟུམ་སྦེ་ཆགས་ཏེ་ཡོད།།
ལུགས་གཉིས་སྐྱོང་བའི་ཆོས་རྒྱལ་དང་།།འདི་ནང་ཡོད་པའི་མི་སེར་ཚུ།།
མཛད་པ་འཕྲིན་ལས་དར་ཞིང་རྒྱས།།འབངས་འཁོར་བདེ་སྐྱིད་ལྡན་པར་ཤོག


དྲིབ་ཚན་དང་པ།                                  གདམ་ག་ཅན།                                               (༡༠×=1)    
ཀ༽འོག་གི་དྲི་བ་རེ་ལུ་ལན་ཀ་ཁ་ག་ང་འབད་༤རེ་བཀོད་དེ་ཡོད་ས་ལས་ལན་ངོ་མ་༡ཡོད་མི་འདི་གདམ་ཁ་རྐྱབ་སྟེ་སྒོར་ཐིག་བཀལ།

༡འབྲུག་རྒྱལ་ཁབ་འདི་་་
ཀཆུ་གིས་བསྐོར་ཏེ་ཡོད།ཁབྱག་གིས་བསྐོར་ཏེ་ཡོད།
གགངས་རི་གིས་བསྐོར་ཏེ་ཡོད།ངཁྱིམ་གྱིས་བསྐོར་ཏེ་ཡོད།
༢རྩོམ་འདི་ཚིག་འབྲུ་
ཀལྔ་མ་ཨིན་པས།ཁདྲུག་མ་ཨིན་པ
གདགུ་མ་ཨིན་པས།ངབདུན་མ་ཨིན་པས།
༣རྩོམ་འདི་ག་ཅི་སྐོར་ལས་ཨིན་པས་གོ?
ཀརྒྱལ་ཁབ་ཀྱི་སྐོར་ལས་ཨིན་པས།ཁདཔྱེ་གཏམ་གྱི་སྐོར་ལས་ཨིན་པས།
གན་གཞོན་གྱི་སྐོར་ལས་ཨིན་པས།ངརང་བཞིན་གནས་སྟང་ཀྱི་སྐོར་ལས་ཨིན་པས།
༤རྩོམ་འདི་ནང་ལུ་ཤོ་ལོ་ཀ་
ཀགཅིག་འདུག།ཁགཉིས་འདུག།
གགསུམ་འདུག།ངབཞི་འདུག།
༥དགའ་སྐྱིད་ཕུན་སུམ་ཚོགས་ཏེ་ཡོན་མི་འདི་་
ཀརྒྱལ་ཁབ་ཨིན།ཁསེམས་ཅན་ཨིན།
གནགས་ཚལ་ཨིན།ངབྱའི་རིགས་ཚུ་ཨིན།
༦ང་བཅས་རའི་རྒྱལ་ཁབ་འདི་་
ཀརྒྱ་གར་བཟུམ་སྦེ་ཡོད།ཁབོད་ཀྱི་རྒྱལ་ཁབ་བཟུམ་སྦེ་ཡོད།
གལྷའི་ཞིང་ཁམས་བཟུམ་སྦེ་ཡོད།ངག་དང་ཡང་མ་འདྲཝ་ཅིག་ཨིན།
༧ང་བཅས་ཀྱི་རྒྱསཔོ་འདི་་་
ཀནོར་བུ་དང་འདྲ།ཁསངས་རྒྱས་དང་འདྲ།
གལྷ་དང་འདྲ།ངགསེར་དང་འདྲ།
༨རྩང་མོ་འདི་་
ཀསྲུང་གི་ནང་གསེས་ཨིན།ཁའབྲི་རྩོམ་གྱི་དང་གསེས་ཅིག་ཨིན།
གསྙན་རྩོམ་གྱི་ནང་གསེས་ཨིན།ངགསལ་བཤད་ཨིན།
༩རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ལུ་
ཀབོད་ཀྱི་རྒྱལ་ཁབ་ཡོད།ཁགངས་རི་ཚུ་ཡོད།
གཞིང་ཁམས་ཡོད།ངརྒྱ་གར་རྒྱལ་ཁབ་ཡོད།
༡༠རྩོམ་འདི་ག་ཅི་གི་སྐོར་ལས་ཨིན་པས?
ཀསྐྱོ་བའི་རྩོམ་ཨིན་པས།ཁདགའ་བའི་རྩོམ་ཨིན་པས།
གརྒྱལ་ཁབ་ལུ་བསྟོད་པའི་རྩོམ་ཨིན་པས།ངཀ་རྩོམ་ཨིན་པས།

ཚན་དང་པ་ཁ།                          སྐུགས་༢༠།
བཀོད་རྒྱ།           འོག་གི་དྲི་བ་ཚུ་གི་ལན་ཐུང་སུ་འབད་བྲིས།                         (x=༢༠)
༡འབྲུག་རྒྱལ་ཁབ་འདི་ག་ཅི་གིས་སྐོར་ཏེ་འདུག?
༢ཞབས་བྲོ་ལུ་ཚང་དགོ་པའི་ཁྱད་ཆོས་༤བྲིས།

༣འོག་གི་དོན་མཚམས་འདི་ལྷག་ཞིནམ་ལས་ཚིགས་བཅད་ནང་བྲིས།
ལྷོ་ཕྱོགས་འཕགས་ཡུས་རྒྱ་གར་དང་བྱང་ཕྱོགས་གངས་ཅན་བོད་ཀྱི་མཚམས་བར་ན་ང་བཅས་འབྲུག་རྒྱལ་
ཁབ་ཞིང་ཁམས་དབྱེར་མེད་ཆགས་ཏེ་ཡོད།
༤རྒྱལཔོ་རིམ་བྱོན་གྱིས་བཀའ་དྲིན་ལས་མི་སེར་ཚུ་ག་བཟུམ་ཡོད?
༥ང་བཅས་རའི་རྒྱལ་གབ་འདི་ཞིང་གམས་དང་དབྱེ་བ་མེད་ཟེར་ག་ཅི་འབད་སླབ་ཨིན་ན?

སྡེ་ཚན་་ག་ཚན་གཉིས་པ།                                    སྐུགས་་༣༠།
བཀོད་རྒྱ།                               འོག་གི་དྲི་བ་ཚུ་གི་ལན་རིངམོ་སྦེ་བྲིས།                          (x༡༠=༣༠)
༡རྒྱལ་ཁབ་ལུ་དགའ་བའི་རྩོམ་ཤོ་ལོ་ཀ་༢གསར་རྩོམ་འབད།
༢ཁྱོད་ར་དགའ་མི་ཞབས་ཁྲ་གཅིག་གདམ་ཁ་རྐྱབ་ཞིནམ་ལས་འདི་ལུ་དགའ་དགོ་པའི་ཁུངས་སྐྱེལ་ཏེ་དོན་མཚམས་
གཅིག་ནང་བཅུད་བསྡུས་ཏེ་བྲིས།
༣རྩོམ་འདི་གི་མཇུག་ལུ་སྨོན་ལམ་བཏབ་ཡོད་པའི་ཚིགས་བཅད་ནང་ག་ཅི་རང་བྲིས་ནུག? གོ་དོན་ལེན་ཞིནམ་ལས་འགྲེལ་བཤད་རྐྱབ་སྟེ་བྲིས།



བཀྲིས༌བདེ༌ལེགས།

Comments

Popular posts from this blog

History VII, Class Test Chapter I

Bhutan History Chapter One The importance of Pema Lingpa Q1.  The father of Pema Lingpa was a.      Choingpa b.      Dondrup Zangpo c.       Younten Jangchub d.      Dorji Lingpa Q2. Describe Pema Lingpa as an extraordinary child. Q3. Pema Lingpa belonged to the family of……………….lams Q4. Match the following items: A B 1.      skull A.     Pema Dolma 2.      Dondrup Zangpo B.      Bidung Choeje 3.      Kuenga Wangpo C.      Lhodra 4.      Lhalung Monastery D.     Mebartsho 5.        E.      Dungkhar Choeje Q5. Was the decision to keep Pema Lingpa with his grandfather a wise one? Justif...

Class VII Maths(2017)

Royal Government of Bhutan Sarpang Lower Secondary School Sarpang: Bhutan Mid-Term Examination-2017 Date: 26/06/2017Full Marks: 100                Understanding Mathematics   Time: 2   hour                                                                                                                ...

Class VII Eng II(2018)

Royal Government of Bhutan SARPANG LOWER SECONDARY SCHOOL Sarpang MID-TERM EXAMININATION 2017 Class VII                                 Writing Time: 2 hrs. Subject: English                            Full Mark: 100 PaperII (Reading and Literature) Read the following Directions Carefully. In this paper there are three sections, A, B, & C. Each section has two sets of questions. Set I and Set II. Set I comprises of question no 1a and 1b. Set II corresponds to question no 2 across all sections. You must attempt ONE SET of questions from EACHsection . You must attempt THREE sets of questions in all. Your choice must include ONE SET II question (Question no.2) from any section. Read t...